སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་ཆེན་པོ་འགྲོ་བའི་རྣམ་པ་གསར་རྐྱང་ཧུར་ཐག་གཏོད་དགོས།
སྤེལ་དུས། 2017-06-07   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།
          སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བ་དང་དམངས་ཡོངས་ལས་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་བོད་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བའི་འགག་རྩའི་དུས་སུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པ་རེད། ཚོགས་འདུའི་ཐོག འདས་པའི་ལོ་6རིང་བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དང་ཉམས་མྱོང་བཟང་པོར་བརྒྱུད་རིམ་ལྡན་པའི་ཕྱོགས་སྡོམ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བྱས་པ་དེས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣར་བསམ་བློ་བཅིངས་འགྲོལ་དང་། གསར་སྤེལ་གསར་གཏོད། སྟོབས་ཤུགས་གཅིག་སྒྲིལ། དངོས་འཛིན་དངོས་སྒྲུབ་བཅས་བྱ་རྒྱུར་སྐུལ་ལྕག་བཏང་ནས། བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
          སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་གལ་ཆེའི་གྲུབ་ཆ་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གལ་ཆེའི་རྨང་གཞི་ཞིག འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་ཤོས་ཀྱི་དཔལ་འབྱོར་སྟོབས་ཤུགས་ཤིག་བཅས་རེད། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་མཛད་ཕྱོགས་སྲིད་ཇུས་ཀྱི་ཡང་དག་པའི་ཁྲིད་སྟོན་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ཉིན་རེའི་གྲོས་རིམ་གལ་ཆེན་ཐོག་བཏོན་ནས་འཆར་འགོད་ཞིབ་ཚགས་དང་སྐུལ་སྤེལ་ཤུགས་ཆེན་བཏང་སྟེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་མ་ཟད།
          འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་མངོན་འགྱུར་ཐུབ་པའི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་གྲངས་འབོར་དང་གཞི་ཁྱོན། ཡང་ན་སྤུས་ཚད་དང་ཕན་འབྲས་ཚང་མ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ལ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
          སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་ལྟོག་མེད་ཀྱི་གདམ་ག་ཞིག་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་བྱེད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག ཁྲོམ་ར་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་བཅས་རེད།
          ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་དམ་འཛིན་བྱ་རྒྱུ་ནི་འཕེལ་རྒྱས་ལ་དམ་འཛིན་དང་། སྒྱུར་བཅོས་སྒོ་དབྱེར་དམ་འཛིན། དམངས་ཕྱུག་ལྗོངས་དར་ལ་དམ་འཛིན། དམངས་འཚོ་ལེགས་གཏོང་ལ་དམ་འཛིན་བཅས་བྱེད་པའི་བསམ་བློ་བརྟན་པོ་བཙུགས་ནས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འགོག་རྐྱེན་བཟོ་བའི་བསམ་བློ་དང་འདུ་ཤེས་ཚང་མ་བློ་ཐག་རྦད་བཅད་ཀྱིས་མེད་པ་བཟོ་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་སྒྲིག་སྲོལ་གྱི་ཞན་ཆ་ཚང་མ་མཐའ་གཅིག་ཏུ་མེད་པ་བཟོས་ནས་དུས་ཀྱིས་ང་ཚོ་སྒུག་མི་སྲིད་པའི་ཁ་ཚ་དགོས་གཏུག་གི་སེམས་པར་བརྟེན་ནས་མ་འཇོག་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་གཏོང་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་ཆེན་པོ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི“རིམ་སྤོར་པར་གཞི”གཏོད་དགོས།
          སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་ཆེན་པོ་གཏོང་རྒྱུར་སྐུལ་འདེད་གཏོང་བར་གལ་ཆེ་ཤོས་ནི་དྲང་བཞག་གི་འགྲན་རྩོད་ཁོར་ཡུག་ཅིག་བཏོད་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད། ང་ཚོས་ངེས་པར་དུ་མིག་རྒྱང་དེ་བས་རིང་བ་དང་། བསམ་ཕྱོགས་དེ་བས་གསར་པ། བྱ་ཐབས་དེ་བས་ཏན་ཏིག་བཅས་ལ་བརྟེན་ནས་སྲིད་གཞུང་གི་ཁྲིད་སྟོན་དང་ཁེ་ལས་ཀྱི་རང་རྟེན་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས་དང་། འབོར་མང་སྤུས་ལེགས་དང་ཕྱོགས་སྒྱུར་རིམ་སྤོར་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས། སྲིད་ཇུས་དོན་འཁྱོལ་དང་ཞབས་ཞུ་ལེགས་གཏོང་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས་བཅས་བྱས་ཐོག ཁྲོམ་རར་འཇུག་འཐུས་ལྷུག་ཏུ་དང་། སྲོག་ཤིང་གི་འགྲན་རྩོད་ནུས་པ་ཆེ་རུ། དམངས་ཡོངས་ལས་གཏོད་ལས་ཞུགས་བྱ་རྒྱུར་སྐུལ་འདེད་བཅས་བཏང་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མྱུར་ཚད་དང་། གཞི་ཁྱོན། སྤུས་ཚད། ཕན་འབྲས་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཁར། ཞིབ་ལས་འཕེལ་རྒྱས་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་། གསར་གཏོད་ཕྱོགས་སྒྱུར་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་རོགས་སྐྱོར་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་འགྲོ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་པ། མ་རྩ་བསྡུ་སྒྲིལ་ཞབས་ཞུའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་མ་རྩ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། ཚོང་འགུགས་མ་འདྲེན་གྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གསོན་ཤུགས་སྣོན་པ། དམངས་ཡོངས་ལས་ཞུགས་ཀྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱིས་ལས་མི་བསྡུ་བའི་ནུས་པ་རིམ་བཞིན་ཆེ་རུ་གཏོང་བ། བྱང་ཚད་མཐོར་གཏོང་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཇམ་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། ཁོར་ཡུག་ལེགས་གཏོང་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཤིན་ས་སྐྱེད་བསྲིང་ཧུར་ཐག་བྱེད་པ་བཅས་བྱས་ནས་བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་དེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཁྲོམ་རའི་བྱེད་པོའི“རྐྱང་དཀྲོལ”ཞིག་མིན་པར་ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གི“མཉམ་གཞས”ཤིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་འགོ་ཁྲིད་དང་མཐུན་སྦྱོར་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ལས་ཀའི་འགན་འཁྲི་སྔར་བས་ཁ་གསལ་ཡོང་བ་བྱས་ཏེ“ཏང་ཨུད་ཀྱིས་གཅིག་འགྱུར་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་སྤྱི་ཁོག་སྙོམས་སྒྲིག་བྱེད་པ། སྡེ་ཚན་གྱིས་རྒྱབ་སྐྱོར་ཧུར་ཐག་བྱེད་པ། སྤྱི་ཚོགས་ཡོངས་ཧུར་ཐག་ཞུགས་པ། ཁེ་ལས་ཀྱིས་རང་རྟེན་འཕེལ་རྒྱས་གཏོང་བ”བཅས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་ཀའི་རྣམ་པ་གསར་པ་ཆགས་པ་བྱེད་པ་དང་། “ཉེ་ཞིང་ལྷད་མེད་པའི”སྲིད་ཚོང་འབྲེལ་བ་དཔེ་གསར་ཅན་སྔར་བས་བཏོད་དགོས་པ་སྟེ། “ཉེ་བ”བརྩེ་དུང་ཐད་མངོན་པ་དང་འཕེལ་རྒྱས་ཐད་དོན་འཁྱོལ་བྱེད་པ་དང་། “ལྷད་མེད”སྤྱོད་ལམ་ཐད་མངོན་པ་དང་སྒྲིག་ཁྲིམས་ཐད་དོན་འཁྱོལ་བྱེད་དགོས། ལས་ཀ་དོན་འཁྱོལ་བྱ་རྒྱུར་སྔར་བས་དམ་འཛིན་བྱས་ནས་ལས་ཀའི་འགན་འཁྲིའི་ལམ་ལུགས་བཙུགས་ཏེ་འགོ་ཁྲིད་ཀྱི་སྟོབས་ཤུགས་དང་། ལས་ཀའི་འགན་འཁྲི། སྲིད་ཇུས་བྱ་ཐབས་བཅས་གསུམ་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། རྣམ་པ་བཟང་པོ་སྔར་བས་བཏོད་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་མཁན་མི་སྣར་སྤྱི་ཚོགས་ཐོག་གནས་བབ་ཡོད་པ་དང་། ཆབ་སྲིད་ཐད་མཚན་སྙན་ཡོད་པ། དཔལ་འབྱོར་ཐད་དངོས་ཕན་ཐོབ་པ་བཅས་བྱེད་དགོས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716