སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཉམ་ལས་ཁང་དང་ཟུང་འབྲེལ་བྱས་པས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་ཐུབ་པ།
སྤེལ་དུས། 2017-06-13   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འཇིགས་མེད།
—— སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་གྱི་གནད་སྨིན་དབུལ་སྐྱོར་སྐོར་གྱི་འཕྲིན་སྤེལ་གཉིས་པ།
          སྨན་གླིང་གྲོང་རྡལ་རྡོ་མཁར་གྲོང་ཚོའི་དར་རྒྱས་ཞིང་འབྲོག་པའི་མཉམ་ལས་ཁང་གི་བོད་རིགས་དང་། རྒྱ་རིགས། མོན་པ། ལྷོ་པ་བཅས་མི་རིགས་བཞིའི་སྤུན་ཟླ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས་ཀྱི་བརྙན་འཕྲིན་གསར་འགྱུར་ནང་གི་ཁོང་གི་བྱམས་བརྩེ་ཆེ་བའི་བཞིན་རས་དང་སྒམ་ནན་གྱི་གསུང་ཚིག་དེ་དག་ཐོག་མཐའ་བར་གསུམ་དུ་བརྗེད་མི་སྲིད་ལ་ཁོང་ཚོས་དེའི་སླད་དུ་འབད་བརྩོན་བྱེད་དང་བྱེད་མུས་ཡིན།
          ང་ཚོ་བཅར་འདྲི་ཚོགས་ཆུང་རྡོ་མཁར་གྲོང་ཚོའི་ཞིང་འབྲོག་པའི་མཉམ་ལས་ཁང(དར་རྒྱས་རི་གྲོང)དུ་བཅར་འདྲིར་སྐྱོད་སྐབས་མཉམ་ལས་ཁང་གི་ཁྲིམས་མི་པད་མ་དབང་མོས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་གྲོང་མི་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞི”གསོན་ཉམས་དོད་པོས་སྒྲོག་འགྲེལ་བྱེད་པ་དང་ཏག་ཏག་འཁེལ་བྱུང་།
          “རྡོ་མཁར་གྲོང་ཚོ་ཡར་ཀླུང་གཙང་འགྲམ་དང་སྨན་གླིང་རྫོང་གི་གྲོང་འདབས་སུ་གནས་པས་སྟབས་བདེ་བའི་འགྲིམ་འགྲུལ་དང་། གམ་གཙང་བའི་ཁོར་ཡུག མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་བཅས་ལས་ལམ་འགྲུལ་པའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་གི་ཡོད”ཅེས་སྨན་གླིང་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སུང་པུའུ་ཁྲོན་གྱིས་བཤད་པ་དང་། ཁོང་གིས་ང་ཚོར་རྡོ་མཁར་གྲོང་ཚོའི་ཞིང་འབྲོག་པའི་མཉམ་ལས་ཁང(དར་རྒྱས་རི་གྲོང)འཛུགས་དོན་འགྲེལ་བཤད་བརྒྱབ་པ་སྟེ། 2015ལོར་ཧྥུའུ་ཏུའུ་ཧྥང(རྒྱ་རིགས)དང་། པད་མ་དབང་མོ(བོད་རིགས) ཟླ་བ་སྒྲོལ་མ(མོན་པ་རིགས) ཡཱ་དབྱིན(ལྷོ་པ་རིགས)བཅས་མི་རིགས་མི་འདྲ་བ་བཞིའི་སྤུན་ཟླ་ཚོས་ཡུལ་སྐོར་ཚོང་ལས་ཀྱི་གོ་སྐབས་རྙེད་པ་དང་། རྫོང་ཨུད་དང་རྫོང་སྲིད་གཞུང་དང་དེ་བཞིན་སྨན་གླིང་གྲོང་རྡལ་ཏང་ཨུད་དང་གྲོང་རྡལ་སྲིད་གཞུང་གི་ཁྲིད་སྟོན་དང་རྒྱབ་སྐྱོར་འོག་ཁོང་ཚོས“མི་སེར་གྱི་དཀའ་ངལ་སེལ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི”དམིགས་ཡུལ་བློ་ལ་བཅངས་ཏེ་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་གཉེར་སྟངས་ཐོག་ནས་ས་ཆ་བཟུང་ཚད་སྨི་ངོས་གྲུ་450ཟིན་པའི“དར་རྒྱས་རི་གྲོང”མཉམ་དུ་གཉེར་སྐྱོང་བྱས་པ་དང་མཉམ་ལས་ཁང་དང་ཟུང་དུ་འབྲེལ་བའི་རྣམ་པའི་གནད་སྨིན་དབུལ་སྐྱོར་ལམ་བུར་བསྐྱོད་པ་རེད། ཁོང་ཚོ་བཞི་པོས་བོད་ཟས་བཟོ་སྟངས་བྱང་ཆུབ་པ་དང་གདོད་མའི་དམངས་སྲོལ་རིག་གནས་རོལ་རྩེད་བྱེད་སྒོར་བརྟེན་ནས་རི་གྲོང་དེ་ཉིད་ཧ་ཅང་གྲ་རྒྱས་པོ་གཉེར་བར་ལོར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཡོང་གི་ཡོད། ཁོང་ཚོས་དུད་ཚང་དབུལ་པོ་རི་གྲོང་དུ་ལས་ཞུགས་ཡོང་བ་བྱས་པ་དང་ཆབས་ཅིག་ལོ་ལྟར་སྒོར་ཁྲི་2བཏོན་ནས་གྲོང་ཚོའི་ནང་གི་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མར་རོགས་རམ་བྱེད་པ་དང་། སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མ་དབུལ་པོར་རིན་མེད་ངང་དགའ་སྐྱེལ་བཏང་ནས་ཁོང་ཚོར་སྦྱངས་པ་མཐར་ཕྱིན་རྗེས་ཕ་ཡུལ་འཛུགས་སྐྲུན་གྱི་འཇོན་ཐང་ཅན་དུ་འགྱུར་བ་བྱེད་དགོས་པའི་ལྕག་སྐུལ་བྱེད་ཀྱི་ཡོད་པ་རེད། 
          སྨན་གླིང་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཚེ་རིང་སྒྲོལ་མས“དར་རྒྱས་རི་གྲོང་གི་ཧྥུའུ་ཏུའུ་ཧྥང་ནི་ཧུའུ་ནན་ཧའེ་ཧྭ་ནས་ཡིན་པ་དང་། པད་མ་དབང་མོ་མནའ་མར་བླངས་ནས་མི་རིགས་མཐུན་སྒྲིལ་གྱི་ལས་གཏོད་དཔེ་བཟང་ཁྱོ་ཤུག་ཅིག་རེད། ཁོང་ཚོས་དར་རྒྱས་རི་གྲོང་གཉེར་བ་ཕུད་ད་དུང་གྲོང་ཚོའི་ནང་ལག་རྩལ་ཡོད་པའི་མང་ཚོགས་དབུལ་པོ་བསྡུས་ནས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་བཟོ་གྲྭ་ཞིག་ཀྱང་བཙུགས་པས་ད་ཆ་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ཡོད”ཅེས་ངོ་སྤྲོད་བྱས།
          སྨན་གླིང་གྲོང་རྡལ་དུ་དར་རྒྱས་རི་གྲོང་གི་པད་མ་དབང་མོ་དང་། ཟླ་བ་སྒྲོལ་མ། གཡང་དབྱིངས་བཅས་བུད་མེད་འཇོན་ཐང་ཅན་གསུམ་པོ་དང་འདྲ་བར་མཉམ་ལས་ཁང་གཉེར་ནས་གནད་སྨིན་དབུལ་སྐྱོར་གྱི་གནམ་ས་གསར་པ་བཏོད་མཁན་བུད་མེད་མི་ཉུང་བ་ཞིག་འདུག གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལོ་9དང་། གྲོང་ཚོའི་བུད་མེད་ཀྲུའུ་རེན་ལོ་24སྨན་གླིང་རྫོང་གི་སྐབས་ལྔ་པའི་སྲིད་གྲོས་ཨུ་ཡོན་བཅས་བྱེད་མྱོང་བའི་རབ་དགའ་གྲོང་ཚོའི་ལས་བྱེད་པ་གཡང་རྟེན་དེ་དག་གི་གྲས་ཤིག་རེད།
          2015ལོའི་ཟླ་5པར། ཉེ་འགྲམ་གྲོང་ཚོའི་གྲོང་མིས་དྲོད་ཁང་ནང་སྔོ་ཚལ་བཏབ་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་ལས་ལོ་50སླེབས་པའི་གཡང་རྟེན(མོན་པ་རིགས)གྱི་བློ་སྒོ་ཕྱེ་ཡོད། ཁོང་གིས“ཏང་དང་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོར་བརྟེན་རྒྱུ་གལ་ཧ་ཅང་ཆེ་མོད། འོན་ཀྱང་གནད་སྨིན་དབུལ་སྒྲོལ་མཐར་ཕྱིན་པ་བྱེད་དགོས་ན་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་དགོས”ཅེས་ཤོད་ཀྱི་ཡོད། དེར་བརྟེན་ཁོང་གིས་ནུས་ཤུགས་ཡོད་རྒུས་དཀའ་ཚེགས་ཆེ་བའི་ལས་གཏོད་ལམ་བུར་བསྐྱོད་འགོ་ཚུགས།
          “ཁྱིམ་ལ་སྒོར་མོ་སྟོང་ཕྲག་ཁ་ཤས་ལས་མེད་པས་ཇི་ལྟར་བྱེད་དམ”གཡང་རྟེན་གྱིས་ངོ་སོར་མ་བལྟོས་པར་གཉེན་ཉེ་གྲོགས་པོའི་ས་ནས་དངུལ་གཡར་ནའང་དེས་འདང་གི་མེད་པ་རེད། དངུལ་གཡར་ས་གཅིག་ཀྱང་མེད་པས་ཁོང་གིས་སེམས་ཐག་གཙང་བཅད་ཀྱིས་ཁྱིམ་གྱི་བ་གཉིས་བཙོངས་པ་དང་། ད་དུང་གྲོང་ཚོའི་ནང་གི་དུད་ཚང་གཞན་3དང་མཉམ་དུ་དངུལ་བསྡུས། མཐར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དངུལ་སྒོར་ཁྲི་3བྱུང་བ་དེས་སྨྱུག་སྒྲོམ་བསླངས་ནས་དེའི་ཁར་འགྱིག་ཤོག་གཡོགས་ཏེ་རབ་དགའ་གྲོང་ཚོའི་གཡང་རྟེན་བོད་སྨན་སྨན་རྩྭ་འདེབས་འཛུགས་མཉམ་ལས་ཁང་བཙུགས་པ་དང་། གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་3དང་མཉམ་དུ་ལས་གཏོད་བྱེད་འགོ་ཚུགས།
          གཡང་རྟེན་བོད་སྨན་སྨན་རྩྭ་འདེབས་འཛུགས་མཉམ་ལས་ཁང་གིས་ཀོ་ཤ་དང་སྡོང་ཕུང་སོགས་སྨན་རྩྭ་འདེབས་རྩིས་ཡོད་ནའང་ཆེད་ལས་ཀྱི་འདེབས་འཛུགས་ལག་རྩལ་དགོས་ཀྱི་ཡོད་པས་ཇི་ལྟར་འདེབས་སམ། གཡང་རྟེན་གྱིས་ག་ས་ག་ནས་གཡར་བའི་སྒོར་སུམ་སྟོང་འཁྱེར་ཏེ་ངལ་བ་ཁྱད་གསོད་ཀྱིས་ཕྱི་ཕྱོགས་སུ་དགེ་རྒན་འཚོལ་བ་དང་། ལག་རྩལ་སྦྱོང་བ། ལྟ་སྐོར་སློབ་སྦྱོང་བཅས་བྱེད་པར་བསྐྱོད། ཟླ་འགའ་ཤས་སོང་རྗེས་དཀའ་བ་དུ་མ་སྤྱད་པའི་གཡང་རྟེན་གཞི་ནས་གྲུབ་འབྲས་ཐོབ་ནས་ལོག་པ་མ་ཟད་དེ་མ་ཉིད་དུ་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་དང་ལག་རྩལ་ཇི་མ་ཇི་བཞིན་མཉམ་ལས་ཁང་གི་ཚོགས་མི་རྣམས་ལ་བསླབས།
          དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་ནི་སྐད་ཆ་ཁྲི་སྟོང་མང་པོ་ལས་ཀྱང་ལྷག་པ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ར་འཕྲོད་ཐུབ།
          ཚང་མས་དཀའ་སྤྱད་ངལ་རྩོལ་བྱས་པ་དང་སྦྲགས་དྲོད་ཁང་ནང་ཀོ་ཤའི་མྱུ་གུའང་རིམ་གྱིས་འཚར་ནས་ཚང་མར་སྤྲོ་སྣང་སྦྱིན་པ་མ་ཟད་རེ་སྒུག་ཡུན་རིང་བྱས་པའི་རེ་བའི་སྒོ་མོའང་ཕྱེ། 2015ལོའི་ལོ་མཇུག་ཏུ་གཡང་རྟེན་གྱི་མཉམ་ལས་ཁང་ནས་ཆ་སྙོམས་དུད་ཚང་རེར་ཐོབ་ཆ་སྒོར་ཁྲི་1ལྷག་ཙམ་བྱུང་ཞིང་། ཚང་མས་དངུལ་ལོར་གྲངས་ཀ་རྒྱག་བཞིན་དུ་དགའ་བའི་འཛུམ་དམངས་གདོང་ལ་འཕྱུར། སྤྲོ་བའི་སེམས་པ་རབ་ཏུ་གཡོ་བཞིན་ཧུར་སེམས་དེ་བས་ཆེ་རུ་སོང་།
          2016ལོར། གཡང་རྟེན་གྱིས་སླར་ཡང་སྨན་གླིང་གྲོང་རྡལ་སྲིད་གཞུང་ནས་དྲོད་ཁང་ཆེ་མོ་གཉིས་ཀྱི་རོགས་སྐྱོར་རྣམ་གྲངས་བརྩོན་ལེན་བྱས་ཏེ་མཉམ་ལས་ཁང་རྒྱུན་ཆད་མེད་པར་རྒྱ་ཆེ་དང་འཕེལ་རྒྱས་བཏང་བས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་3གྱི་ཡོང་འབབ་མང་དུ་སོང་བ་དང་སྦྲགས་དབུལ་པོའི་ཞྭ་མོ་ཕུད་ཐུབ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད།
          ད་ཆ་གཡང་རྟེན་གྱི་འདེབས་འཛུགས་མཉམ་ལས་ཁང་གི་ཁོངས་མི་ཐོག་མའི་དུད་ཚང་7ནས་ད་ཆའི་དུད་ཚང་10བར་མང་དུ་སོང་བ་དང་། འདེབས་འཛུགས་དཔུང་ཁག་དང་འདེབས་འཛུགས་གཞི་ཁྱོན་ཡང་ཉིན་རེ་བཞིན་ཆེ་རུ་ཕྱིན་ནས་གྲོང་ཚོའི་ནང་གི“ཕྱུག་འགྱུར་མཉམ་ལས་ཁང”ལ་གྱུར་བ་མ་ཟད། གཡང་རྟེན་བོད་སྨན་སྨན་རྩྭ་འདེབས་འཛུགས་མཉམ་ལས་ཁང་དེའང་སྨན་གླིང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི“བུད་མེད་ཀྱི་ལས་གཏོད་དཔེ་སྟོན་བྱ་ཡུལ”དུ་གྱུར་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716