སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་རྣམས“འབྲེང་ཐག་ལ་བརྟེན་ནས་གཙང་བོ་བརྒལ་བའི”ལོ་རྒྱུས་མཇུག་རྫོགས་རྒྱུ་རེད།
སྤེལ་དུས། 2011-11-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་སྒྲིག་པ།  ཚེ་རིང་རྒྱ་མཚོས་བསྒྱུར།

ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་གྭ་ཐ་ཤང་གི་ཡུལ་མི་ཞིག་གིས་འབྲེང་ཐག་ལ་བརྟེན་ནས་གཙང་བོ་བརྒལ་བཞིན་པ། 

 གསར་འགོད་པས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་སྟོབས་ཤུགས་ཡོད་ཚད་སྤྱད་དེ་ཕྱོགས་ཡོངས་སུ་འབྲེང་ཐག་དཔྱང་ཟམ་དུ་བསྒྱུར་བཅོས་བྱེད་པའི་ལསགཞི་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་རྒྱུ་ཡིན་པས། བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་རྣམསའབྲེང་ཐག་ལ་བརྟེན་ནས་གཙང་བོ་བརྒལ་བའིལོ་རྒྱུས་མཇུག་རྫོགས་རྒྱུ་རེད། 

2009ལོ་ནས་བཟུང་རྒྱལ་ཁབ་ཀྱིས་བོད་ལྗོངས་འབྲེང་ཐག་དཔྱང་ཟམ་དུ་བསྒྱུར་བཅོས་བྱེད་པའི་ལས་གཞི་ལ་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར2.4བཏང་ཞིང་། བོད་རང་སྐྱོང་ལྗོངས་ཆབ་མདོ་དང་ཉིང་ཁྲི། ནག་ཆུ། གཞིས་ཀ་རྩེ་སོགས་ས་ཁུལ4 ཤང46དུ་ཡོད་པའི་འབྲེང་ཐག་དཔྱང་ཟམ་དུ་བསྒྱུར་བཅོས་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པས། རོང་འབྲོག་དུད་ཁྱིམ6474ཡི་མང་ཚོགས་ཁྲི4ལྷག་ལ་ཕན་ཁེ་ཐོབ་རྒྱུ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060