སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་སའི་ཀོན་ཏི་གེ་སར་ལྷ་ཁང་བཟོ་སྐྲུན་ལེགས་གྲུབ་ཟིན་པ།
སྤེལ་དུས། 2012-09-20   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོར་གྱིས་བསྒྱུར།

 

སྤྱི་ཟླ་༩ཚེས་༡༧ཉིན། ལྷ་སའི་ཀོན་ཏི་གེ་སར་ལྷ་ཁང་བཟོ་སྐྲུན་ལེགས་གྲུབ་ཟིན་པ།

  ཉིན་དེ་ནི་ལྷ་ས་གྲོང་ཁྱེར༼མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དུས་ཆེན༽ཐོག་མ་དེ་ཡིན་པ་རེད། བོད་རྒྱ་མི་རིགས་ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་མཉམ་གནས་དང་། མཉམ་དུ་ཕྱི་རྒྱལ་བཙལ་འཛུལ་པ་འགོག་པ། མེས་རྒྱལ་གྱི་བླ་ན་མེད་པའི་ས་ཁོངས་ལ་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཀོན་ཏི་གེ་སར་ལྷ་ཁང་བཟོ་སྐྲུན་ལེགས་གྲུབ་ཟིན་ནས་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ལྷ་སར་སྤེལ་བ་རེད། ལོ་ངོ་༢༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཀོན་ཏི་གེ་སར་ལྷ་ཁང་ནང་རྒྱ་རིགས་ཀྱི་ཀོན་ཡོན་དང་བོད་རིགས་ཀྱི་གླིང་གེ་སར་རྒྱལ་པོའི་སྐུ་བརྙན་སྐྲུན་ཡོད་པ་དང་ཁོང་རྣམ་གཉིས་ནི་གྲགས་ཅན་གྱི་དམག་དཔོན་ཞིག་ཡིན་པ་རེད། རྒྱུས་ལོན་བྱས་པར་གཞིགས་ན། ཀོན་ཏི་གེ་སར་ལྷ་ཁང་དེ་ནི་༢༠༠༧ལོའི་སྤྱི་ཟླ་༥པར་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་ཚན་པར་གཏན་འཁེལ་བྱས་ཡོད་པ་དང་། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་༩༠༠ལྷག་བཏང་ནས་ཞིག་གསོ་ཐེངས་གཉིས་བྱས་ཡོད་པ་རེད། ཀོན་ཏི་གེ་སར་ལྷ་ཁང་དེ་ནི་ད་ཆ་ལྷ་སའི་གྲོང་མིའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་གནས་གཙོ་བོའི་གྲས་ཞིག་ཏུ་གྱུར་ཡོད་ལ་ཡུལ་སྐོར་གྱི་ལྗོངས་ཁུལ་ཞིག་ཏུའང་གྱུར་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060