
མཚུར་ཕུ་དགོན་པའི་དགེ་འདུན་པ་ཚོས་ཟི་ཁྲོན་གཡག་རྔའི་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་ཕུལ་བ།
སྤྱི་ཟླ ༤ པའི་ཚེས ༢༥ ཉིན། བོད་ལྗོངས་མཚུར་ཕུ་དགོན་པའི་རྒྱ་ཆེའི་དགེ་འདུན་པས་ཚོས་ཟི་ཁྲོན་གཡག་རྔའི་ས་ཡོམ་གནོད་འཚེ་ཕོག་ཁུལ་ལ་བསྔོ་བ་སྨོན་ལམ་བྱེད་སྒོ་སྤེལ་བ་དང་། སྨོན་ལམ་མ་ཚོགས་གོང་གནོད་འཚེ་ཕོག་ཁུལ་ལ་མ་དངུལ་ཞལ་འདེབས་བརྒྱབ་པ་དང་དགོན་སྡེའི་ཚོགས་པ་དང་མི་སྒེར་གྱིས་ཁྱོན་ཞལ་འདེབས་སྒོར་ཁྲི ༨.༥ བརྒྱབ་ཡོད་པ་རེད། མཚུར་ཕུ་དགོན་ནི་ལྷ་ས་གྲོང་ཁྱེར་ནུབ་ངོས་ཀྱི་སྤྱི་ལེ་༧༠ལྷག་གི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་གནས་ཡོད་པ་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༤༣༠༠ལྷག་ཡོད་པ་རེད། ཀརྨ་བཀའ་བརྒྱུད་པའི་མ་དགོན་ཡིན་པ་དང་ད་བར་ལོ་ངོ་༨༠༠ལྷག་གི་ལོ་རྒྱུས་ལྡན་ཡོད།