སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རོལ་དབྱངས་འདུ་འཛོམས༼བོད་ལྗོངས་ཀྱི་དཔྱིད་ཀ༽ཞེས་པ་དེ་ཁྲུང་ཆིང་དུ་འཁྲབ་སྟོན་བྱེད་རྒྱུ་ཡིན་པ།
སྤེལ་དུས། 2013-04-26   ཡོང་ཁུངས། ཁྲུང་ཆིང་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  ཚེ་རྡོར་གྱིས་བསྒྱུར།

མི་རིགས་ཀྱི་རོལ་དབྱངས་འདུ་འཛོམས་ཆེ་གྲས༼བོད་ལྗོངས་ཀྱི་དཔྱིད་ཀ༽ཞེས་པའི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་ཚོགས་ཡུལ།

 གསར་འགོད་པས་སྤྱི་ཟླ་༤ཚེས་༢༥ཉིན་ཤེས་རྟོགས་བྱུང་བར། མི་རིགས་ཀྱི་རོལ་དབྱངས་འདུ་འཛོམས་ཆེ་གྲས༼བོད་ལྗོངས་ཀྱི་དཔྱིད་ཀ༽ཞེས་པ་དེ་སྤྱི་ཟླ་༥ཚེས་༡༨ཉིན་ཁྲུང་ཆིང་ཟློས་གར་ཁང་དུ་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་རེད།

 ཤེས་རྟོགས་བྱུང་བར། ༼བོད་ལྗོངས་ཀྱི་དཔྱིད་ཀ༽ཞེས་པ་དེ་ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པ་དང་བོད་རང་སྐྱོང་གླུ་གར་ཚོགས་གཉིས་ཀྱིས་མཉམ་དུ་བཟོས་པ་ཞིག་ཡིན་པ་དང་ད་ཐེངས་ཀྱི་འཁྲབ་སྟོན་དེ་ཁྲུང་ཆིང་རིག་གནས་འཕེལ་རྒྱས་དྲིལ་བསྒྲགས་ཐེབ་རྩ་ལྷན་ཚོགས་དང་ཁྲུང་ཆིང་རིག་གནས་ཐོན་ལས་བསྲེས་དངུལ་འགན་ལེན་ཚད་ཡོད་ཀུང་སིས་གཙོ་གཉེར་གནང་བ་དང་ཁྲུང་ཆིང་ཟློས་གར་ཁང་དོ་དམ་ཚད་ཡོད་ཀུང་སི་དང་ཁྲུང་ཆིང་པའོ་ལིས་ཟློས་གར་ཁང་ཚད་ཡོད་ཀུང་སིས་མཉམ་གཉེར་གནང་བ་ཞིག་ཡིན་པ་རེད། གྲགས་ཅན་གྱི་སྒྲ་གདངས་མཐོ་བའི་བུད་མེད་གཞས་མ་ཀེང་ལན་ཧྥུང་དང་མགྲིན་བཟང་ལེགས་པའི་གྲགས་ཅན་གཞས་མ་ཚེ་རིང་གཡང་འཛོམས་སོགས་རོལ་དབྱངས་ལས་རིགས་ཀྱི་གྲགས་ཅན་གཞས་མ་མང་དག་ཞིག་གིས་མཉམ་དུ་བོད་རྒྱ་གཉིས་ཀྱི་འཛའ་སེམས་རྒྱས་པར་བཀྲོལ་རྒྱུ་ཡིན་པ་རེད། རོལ་དབྱངས་འདུ་འཛོམས་དེ་ནི་སྐྱེ་ཁུངས་ཁྲུང་ཆིང་ནས་ཡིན་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རོལ་དབྱངས་བཀོད་འདོམས་པ་ཧྭ་ཅན་གོའོ་དང་གྲགས་ཅན་གྱི་བོད་རིགས་རོལ་དབྱངས་བཀོད་འདོམས་པ་སྤེན་པ་རྣམ་གཉིས་ཀྱིས་བཀོད་འདོམས་བྱེད་རྒྱུ་ཡིན་པ་རེད།

 

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060