
བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་གྱིས་༢༠༡༣ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བཞིན་པ།
སྤྱི་ཟླ༨ཚེས་༡༥ཉིན། ༼བོད་ཀྱི་འབྱུང་གནས་བརྩེ་སེམས་ལྷོ་ཁར་བཅངས་། ལྷོ་ཁར་བསྟོད་གླུ་འབུལ༽ཞེས་པས་བརྗོད་བྱ་གཙོ་བོ་བྱས་པའི་༢༠༡༣ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་དེ་བོད་ལྗོངས་ལྷོ་ཁ་རྩེད་ཐང་དུ་སྤེལ་འགོ་ཚུགས་ཡོད་པ་དང་། ཡར་ཀླུང་གི་ས་གནས་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་ཞིང་མི་རིགས་ཁག་གི་མི་དམངས་ཚོས་དགའ་སྤྲོའི་གླུ་དབྱངས་ལེན་ཡོད་པ་རེད།