ཟླ་བ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། བོད་ལྗོངས་ལྷ་སའི་རྩེད་སྨོན་གླིང་འདུས་ཁུལ་ནས། མང་ཚོགས་ཀྱིས་ནན་ཏན་སྒོས་ཟླ་བ་བཅུ་བའི་ཚེས་ཉེར་གཉིས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་འགྲེམ་སྤེལ་བྱས་པའི་བོད་ལྗོངས་ཀྱི་འཕེལ་རྒྱས་དང་མདུན་སྐྱོད་ཅེས་པའི་རྒྱབ་ཤོག་དཀར་པོའི་དཔེ་དེབ་སློབ་སྦྱོང་བྱེད་བཞིན་ཡོད།

རྒན་པོ་ཟླ་བ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།
ལས་འཁྱོར་བྱས་པའི་རྒན་པོ་ཟླ་བ་ཚེ་རིང་ནི་སྔོན་མར་ལྷ་སའི་གྲོང་ཞོལ་ཁུལ་གྱི་མི་དམངས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་ཡིན་ལ། ཁོང་གིས་རྒྱབ་ཤོག་དཀར་པོའི་དཔེ་དེབ་སློབ་སྦྱོང་བྱེད་པའི་སྐབས་སུ་སེམས་འགུལ་ཆེན་པོས་ངང་། ང་རང་གིས་ནན་ཏན་གྱིས་རྒྱབ་ཤོག་དཀར་པོའི་དཔེ་དེབ་ཐེངས་གཉིས་ལ་བཀླགས་རྗེས། དཔེ་དེབ་དེས་ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་ལོ་རྒྱུས་དང་འཕེལ་རྒྱས་གནས་ཚུལ་ཕྱིར་མངོན་བྱས་ཡོད་འདོད་བྱུང་། ང་རང་གི་མི་ཚེའི་བགྲོད་ལམ་དང་ཡང་དཔེ་ཆ་དེའི་ནང་གི་ལོ་རྒྱུས་དུས་རིམ་རེ་རེ་དང་འབྲལ་ཐབས་མེད་པ་ཞིག་ཡིན། སྤྱི་ལོ ༡༩༥༦ ལོར། བཅིངས་གྲོལ་དམག་ངའི་ཕ་ཡུལ་ལྷོ་ཁ་རུ་ཕེབས་ནས། ཁོ་ཚོས་རོགས་སྐྱོར་འོག་ཏུ་ང་རང་ལ་སློབ་གྲྭར་འགྲོ་དབང་ཐོབ་བྱུང་། ༡༩༥༩ ལོར། ཞིང་འབྲོག་ཁྲི་ཕྲག་མང་པོར་བཅིངས་གྲོལ་ཐོབ་པས། ང་རང་གི་ཁྱིམ་མི་ལའང་བཅིངས་གྲོལ་ཐོབ་པ་རེད། ལོ་དེ་ནི་ང་རང་གི་མི་ཚེར་འགྱུར་ལྡོག་བྱུང་བའི་ལོ་རེད། ༡༩༧༩ ལོར། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་མི་དམངས་རྒྱུན་ཨུ་ལྷན་ཚོགས་ཐོག་མ་བོད་ལྗོངས་སུ་བཙུགས་པ་དང་། ང་རང་ཞིང་བྲན་གྱི་བུ་ཆུང་ཞིག་བོད་ལྗོངས་གསར་བའི་མང་ཚོགས་ཀྱི་འཐུས་ཚབ་ཏུ་གྱུར། མང་ཚོགས་ཁྱིམ་བདག་བྱེད་པ་ངའི་ལུས་ཐོག་གི་སྒུལ་ཤུགས་ཆེན་པོར་གྱུར། ང་རང་གིས་དངོས་སུ་མང་ཚོགས་ཀྱི་རེ་བ་རེ་རེ་ལེགས་འགྲུབ་བྱུང་བ་ཚོར་མྱོང་བྱུང་བ་དང་མི་དམངས་ཀྱི་འཚོ་བའང་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར།