སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཐང་གའི་དགེ་རྒན་མི་འགྱུར་ལགས།
སྤེལ་དུས། 2013-11-25   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  ནོར་བུ།

མི་འགྱུར་༼གཡས་གཉིས་པ་༽གྱིས་སློབ་མ་ཚོར་ཐང་ག་འབྲི་སྟངས་འཛུབ་སྟོན་བྱེད་བཞིན་པ།

     འདི་ལོ་ལོ་ན་༣༧ལ་སོན་པའི་མི་འགྱུར་ལགས་ནི་བོད་ལྗོངས་མངའ་རིས་ས་ཁུལ་དུ་སྐད་ཅུང་ཆེ་བའི་ཐང་གའི་དགེ་རྒན་ཞིག་ཡིན་པ་རེད།   ཁོང་ཆུང་བྱིས་པའི་དུས་ནས་ཐང་ག་བྲིས་རྒྱུར་དགའ་ཞིང་ཐང་གའི་དགེ་རྒན་བསམ་སྐྱིད་ཀྱི་སྐུ་མདུན་ནས་ཐང་ག་བྲིས་སྟངས་སློབ་སྦྱོང་བྱེད་པ་དང་དུས་མཚུངས་ལོ་འགའི་སྔོན་དུ་སློབ་གྲྭར་སྐྱོད་དེ་ཁྱོན་ཡོངས་ནས་སྐམ་བྲིས་དང་རང་རྒྱལ་སྲོལ་རྒྱུན་རི་མོའི་འབྲི་སྟངས་སོགས་སྦྱངས་པ་དང་སློབ་ཐོན་བྱུང་རྗེས་མངའ་རིས་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་རི་མོའི་ཆེད་ལས་འཛིན་གྲྭའི་གཅིག་ལྕོགས་དགེ་རྒན་གནང་བཞིན་ཡོད་པ་རེད།     

     ད་ཆ་མི་འགྱུར་གྱིས་བྲིས་པའི་ཐང་གར་སྲོལ་རྒྱུན་གྱི་སྒྱུ་རྩལ་དང་དེང་རབས་རྣམ་པ་མཉམ་བསྲེས་བྱས་ནས་པེ་ཅིང་དང་ཁྲེན་ཏུའུ་སོགས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།  སྤྱི་ལོ་༢༠༡༣ལོར།  ཁོང་གིས་བྲིས་གནང་བའི་བརྩམས་ཆོས་༼ལོ་ཙཱ་བ་རིན་ཆེན་བཟང་པོའི་༽ཞལ་ཐང་ལ་སྐབས་ལྔ་པའི་ཞང་ཞུང་རིག་གནས་དུས་ཆེན་གྱི་ཐང་གའི་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་རེད། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060