
སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།
ཉེ་ལམ་མཚོ་སྔོན་ཞིང་ཆེན་རེབ་གོང་ཐང་ག་སྟེ་སྙིང་འབུམ་གྱི་ཐང་ག་འགྲེམ་སྟོན་དེ་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱས་ཤིང་། སྡོམ་པའི་ཐང་ག་༦༥བཤམས་པ་རེད། སྙིང་འབུམ་གྱི་ཐང་ག་ནི་ཚོན་མདངས་ཟབ་ལ་འཇམ་ཤ་དོད་ཅིང་། སྨྱུག་རྩེ་ཡངས་ལ་མཉེན་ཆ་ལྡན་པ། ཐང་ངོས་ཟིལ་ཤུགས་ཆེ་ལ་སྐུ་ཞལ་བབ་ཆགས་པའི་ཁྱད་ཆོས་ལྡན། ཐང་ག་འབྲི་བཞེངས་ནི་སྙིང་འབུམ་ལ་མཚོན་ན་འཚོ་བའི་ལག་རྩལ་ཞིག་ཡིན་པ་མ་ཟད། བློ་སྦྱོང་གི་བརྒྱུད་རིམ་ཞིག་ཀྱང་ཡིན། ཁོང་གིས་ཐང་ག་ལྷ་རིས་པའི་ཆོས་ལུགས་ཀྱི་འཛེམ་བྱ་ལ་བརྩི་འཇོག་བྱས་ཤིང་། དགེ་བ་དོན་གཉེར་གྱི་ལས་བརྩོན་རྒྱུ་གཙིགས་ཏུ་བཟུང་ཡོད།