སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གཞོན་སྐྱེས་འཁྲབ་སྟོན་པ་བདེ་སྐྱིད་ལ་ལུག་མཉེ་མེ་ཏོག་ཅེས་པའི་ཕུལ་བྱུང་བུད་མེད་འཁྲབ་སྟོན་པའི་བྱ་དགའ་ཐོབ་པ།
སྤེལ་དུས། 2014-05-06   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  ཁོན་ཐར་འཚོ།


    སྤྱི་ཟླ་༥ཚེས་༢༩ཉིན། ཀན་ལྷོའི་མཛའ་གླུ་ཞེས་པའི་གློག་བརྙན་ནང་གི་ཁྱད་དུ་འཕགས་པའི་འཁྲབ་རྩལ་ལ་བརྟེན། ཕ་ཡུལ་ཨ་མདོ་ཟུང་ཆུ་ནས་ཡིན་པའི་བོད་ཀྱི་གཞོན་སྐྱེས་འཁྲབ་སྟོན་པ་བདེ་སྐྱིད་ལགས་ལ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་གནང་བའི་ལུག་མཉེ་མེ་ཏོག་(百合奖)ཅེས་པའི་གློག་བརྙན་བྱ་དགའ་སྐབས་བཅུ་བཞི་བའི་ཕུལ་བྱུང་བུད་མེད་འཁྲབ་སྟོན་པའི་བྱ་དགའ་ཐོབ་འདུག
བདེ་སྐྱིད་ཀྱིས་བྱ་དགའ་ལེན་བཞིན་པ།

    བདེ་སྐྱིད་ནི་ཀྲུང་དབྱང་ཟློས་གར་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་། ད་སྔའི་བར་གློག་བརྙན་གཡང་མདའ་(པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་།)ཞེས་པ་དང་ཚྭ་འདམ་གཞོང་གི་བརྩེ་བ་ཞེས་པ་སོགས་གློག་བརྙན་བརྒྱད་ཙམ་འཁྲབ་སྟོན་གནང་མྱོང་།  ལུག་མཉེ་མེ་ཏོག་ཅེས་པའི་གློག་བརྙན་བྱ་དགའ་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གློག་བརྙན་འཕྲིན་ལམ་གྱིས་གཙོ་སྒྲུབ་གནང་བའི་གློག་བརྙན་བྱ་དགའ་ཞིག་ཡིན་ཞིང་། ༢༠༠༡ལོ་ནས་བཟུང་འགོ་ཚུགས་པ་དང་། བྱེད་སྒོ་འདི་ལོ་རེར་ཐེངས་གཅིག་རེ་སྤེལ་བཞིན་ཡོད།


གཞོན་སྐྱེས་འཁྲབ་སྟོན་པ་བདེ་སྐྱིད། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060