སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་རྩེད་ཐང་དུ་ཚོགས་འགོ་ཚུགས།
སྤེལ་དུས། 2014-09-01   ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཁོན་ཐར་འཚོས་བསྒྱུར།

          ཟླ༨པའི་ཚེས༢༩ཉིན་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་ལྷོ་ཁ་རྩེད་ཐང་གྲོང་རྡལ་ནས་ཚོགས་འགོ་ཚུགས། འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དེ་ཡར་ཀླུང་གི་ལྷན་འཛོམས་དང་། ལུས་རྩལ་གྱི་ཉམས་འགྱུར། ཐུན་མོང་གིས་ཀྲུང་གོའི་ཕུགས་འདུན་བསྒྲུབས་ཞེས་ཁག་གསུམ་དུ་དབྱེ་ཡོད་ཅིང་། སྲོལ་རྒྱུན་གྱི་འགྲན་ཞུགས་འཐུས་ཚབ་པའི་རུ་སྟར་གྲུ་བཞི་གཅིག་རྗེས་གཅིག་འཕྲོར་ལུས་རྩལ་ཚོགས་རར་དལ་གྱིས་ལྷགས་པའི་དུས་མཚུངས་སུ།   བོད་ཀྱི་རླུང་འཕྲིན་ལུས་སྦྱོང་དང་། དམངས་ཁྲོད་ཞབས་བྲོ།  བོད་ཤོ། སྦེ་ག་ལ་སོགས་འཁྲབ་སྟོན་བྱས་ཏེ། ཡུལ་དེའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་དེང་རབས་ལུས་རྩལ་འགྲན་བསྡུར་གཉིས་ཟུང་སྦྲེལ་གྱི་རྣམ་པ་ཞིག་དེར་བཞུགས་ཀྱི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་དྲངས་པ་རེད།    
         ངོ་སྤྲོད་ལྟར་ན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་རྣམ་གྲངས་ཆེ་གྲས་༡༠དང་། ཆུང་གྲས་༥༦བཀོད་སྒྲིག་བྱས་ཡོད་པ་དང་། འགྲན་ཚབ་ཚོགས་པ་༡༢རྣམ་གྲངས་དེར་ཞུགས་རྒྱུ་དང་། ཁྱོན་སྡོམ་འགྲན་ཞུགས་མི་གྲངས་༡༠༦༩ཡོད་པས།  གཞི་ཁྱོན་སྐབས་སྔོན་མ་ལས་ཆེ་བ་རེད། དེ་ནི་བོད་ལྗོངས་ཀྱི་ལྟེ་བ་གྲོང་ཁྱེར་ལྷ་ས་མ་ཡིན་པའི་ས་ཁུལ་དུ་སྤེལ་བའི་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ཐོག་མ་ཡིན།

  ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་སྦེ་ག་དང་། མཆོང་རྒྱུག་འཕེན་གསུམ། ཕེང་ཕང་སྤོ་ལོ།  རྐང་རྩེད་སྤོ་ལོ་སོགས་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་དང་། དེ་མིན་མིག་མངས་དང་། ཀེ་རེམ། ཤོ་རྩེད་སོགས་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་སོགས་བཀོད་སྒྲིག་གནང་ཡོད་པས། རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱིས་དགའ་བསུ་ཐོབ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060