སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ཨར་འདམ་ཐེངས་དང་པོར་ཕྱི་ཕྱོགས་སུ་ཚོང་གཉེར་བྱེད་པ།
སྤེལ་དུས། 2014-09-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་སྒྲིག་པ།  ནོར་བུ།

ཧྭ་ཤིང་ཨར་འདམ་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སི།

           ཉེ་དུས། ཧྭ་ཤིང་ཨར་འདམ་༼བོད་ལྗོངས༽ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན།   ཀུང་སི་དེས་བོད་ལྗོངས་རང་ནས་ཐོན་སྐྱེད་བྱས་པའི་ཨར་འདམ་བལ་ཡུལ་ཁྲོམ་རའི་ཐོག་ཕྱིར་ཚོང་བྱས་ཡོད་པ་དང་།  དེ་ནི་བོད་ལྗོངས་ཀྱིས་ས་གནས་ཀྱི་ཐོན་སྐྱེད་ཕྱི་ཕྱོགས་སུ་ཚོང་གཉེར་བྱེད་པ་ཐོག་མ་དེ་ཡིན་པ་རེད།
          
སྤྱི་ལོ༢༠༡༣ལོར་ཧྭ་ཤིང་ཨར་འདམ་༼བོད་ལྗོངས༽ཚད་ཡོད་ཀུང་སིས་ཨར་འདམ་ཏུན་ཁྲི༡༡༨ཐོན་སྐྱེད་མངོན་འགྱུར་བྱུང་ཡོད་པ་དང་།  བཟོ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར༧.༦༨ཟིན་ཡོད་པ་མ་ཟད།   བོད་ལྗོངས་ཀྱི་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་པ་དང་དུས་མཚུངས་པེ་ཅིང་ས་ཁང་ཚོགས་པས་རོགས་སྐྱོར་བྱས་ནས་བལ་ཡུལ་དར་ལྷ་ཕ་ཉི་མཐའ་མཚམས་ཞིབ་བཤེར་ས་ཚིགས་རྣམ་གྲངས་ལ་ཨར་འདམ་ཏུན་ཁྲི༢མཁོ་འདོན་བྱེད་པའི་གྲོས་མཐུན་ཡི་གེར་མི་རྟགས་ཡང་འགོད་པ་ཡོད་པ་རེད།   བོད་ལྗོངས་རང་ནས་ཐོན་སྐྱེད་བྱས་པའི་ཨར་འདམ་རྒྱལ་ཁབ་གཞན་དུ་ཚོང་ཐུབ་པ་བྱུང་བ་དང་དུས་མཚུངས་རིམ་བཞིན་མཐའ་འཁོར་གྱི་རྒྱལ་ཁབ་གཞན་དུ་ཚོང་གཉེར་ཐུབ་རྒྱུའི་འཆར་གཞི་འདིང་ཡོད་པ་རེད།   
        ཧྭ་ཤིང་ཨར་འདམ་༼བོད་ལྗོངས༽ཚད་ཡོད་ཀུང་སི་དེས་སྤྱི་ལོ༢༠༠༥ལོ་ནས་བཟུང་ཐེངས་དང་པོར་ཨར་འདམ་ཐོན་སྐྱེད་བྱས་ཚུན། བོད་ལྗོངས་ཀྱི་ལྕགས་ལམ་དང་།  ཕུག་ལམ།  ཆུ་གློག་འཛུགས་སྐྲུན་ཐད་མཁོ་བའི་ཨར་འདམ་ཚྭ་ཉུང་དང་།  ཨར་འདམ་དྲོ་འཇམ་བཅས་གསར་སྤེལ་བྱས་ནས།  ས་མཐོའི་དྲོ་ཚད་ཆུང་བ་དང་། འཁྱགས་སའི་ཁུལ་གྱི་ཨར་ལས་ཐོག་བེད་སྤྱོད་ཐུབ་པའི་འཁྱགས་འགོག་ཨར་འདམ་དང་།  ཚྭ་སྐྱུར་འགོག་པའི་ཨར་འདམ་ཡང་ཁྲོམ་རའི་ཐོག་འདོན་རྒྱུ་ཡིན་པ་རེད། 
       
ལོ་ངོ་༡༠ལྷག་གི་བརྒྱུད་རིམ་ནང་།  ཧྭ་ཤིང་ཨར་འདམ་གྱིས་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་དཔལ་འབྱོར་འཕར་སྣོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་མ་ཟད།  ད་དུང་སྤྱི་ཚོགས་དང་འབྱུང་ཁམས་སོགས་ལ་ཡང་ཕན་འབྲས་ཤུགས་ཆེ་ཐོན་ཡོད་པ་རེད།   

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060