
ཡུལ་སྐོར་བས་ལོ་ངོ༡༣༠༠ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་རིགས་ཀྱི་གནའ་བོའི་གྲོང་ཚོ་འབའ་ལྷག་གྲོང་ཚོར་ལྟ་སྐོར་བྱེད་པ།
ད་ལོའི་སྤྱི་ཟླ༨པར་ལོ་གཅིག་གི་ཉམས་བཟོ་བསྐྱར་སྐྲུན་བྱེད་པ་བརྒྱུད། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་གནས་པའི་འབའ་ལྷག་དཀར་རྫོང་འདོད་མའི་སྐྱེས་ཁམས་ཡུལ་སྐོར་ལྗོངས་ཁུལ་སླར་ཡང་ཕྱི་ཕྱོགས་སུ་སྒོ་དབྱེ་བྱས་ཡོད་པ་རེད།
མིག་སྔར། ཉིན་རེར་ཡུལ་སྐོར་བ་སྟོང་ལས་བརྒལ་གྱི་ཡོད་པ་དང་། སྤྱི་ལོ༢༠༡༣ལོར་ཟླ་བ༨པར་སེམས་ཀྱི་ཉི་ཟླ་རྫོང་དུ་ས་ཡོམ་རིམ་པ༥.༡བརྒྱབ་རྗེས་སེམས་ཀྱི་ཉི་ཟླའི་གྲོག་རོང་ཆེན་པོའི་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དུ་སྐྱོད་པའི་ལམ་བུ་དང་། སྐྲུན་བཞིན་པའི་ཡུལ་སྐོར་སྒྲིག་བཀོད་ཡང་གནོད་སྐྱོན་ཤུགས་ཆེ་བྱུང་ནས་ལྗོངས་ཁུལ་སྒོ་བཀག་བྱས་ཡོད་པ་རེད། ས་ཡོམ་རྗེས་ས་གནས་དེ་གའི་ཡུལ་སྐོར་ཚན་པས་མི་དམངས་ཤོག་སྒོར་དུང་ཕྱུར༣བཏང་ནས་ལྗོངས་ཁུལ་སླར་ཡང་བསྐྱར་སྐྲུན་བྱས་ཏེ་ཕྱི་ཕྱོགས་སུ་སྒོ་དབྱེ་བྱས་ཡོད་པ་རེད།

ཡུལ་སྐོར་བས་འབག་ལྷག་གངས་རིའི་འོག་པར་རྒྱག་བཞིན་པ།