
ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་མང་ཚོགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་འགྲེམ་སྟོན་བྱེད་པ།
ཉེ་བའི་ལོའི་ནང་། ལྷོ་ཁ་ས་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། ཧུར་བརྩོན་ངང་ལག་རྩལ་རྒྱུན་འཛིན་མི་སྣ་སྣེ་ཁྲིད་དེ་ལག་རྩལ་གོང་མཐོར་བཏང་བ་དང་། ཐུམ་རྒྱག་ཐོན་རྫས། ཁྲོམ་ར་རྒྱ་བསྐྱེད་བཅས་བྱས་པས། ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་མང་པོ་ཞིག་བོད་ལྗོངས་ཕྱི་ནང་གི་ཁྲོམ་རའི་ཐོག་བྲིན་ཁ་རྒྱུགས་པོ་ཡོད་པ་རེད།