སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ཞིང་འབྲོག་པའི་བུད་མེད་གློག་རྡུལ་ཚོང་དོན་སྦྱོང་བརྡར་འཛིན་གྲྭར་ཞུགས།
སྤེལ་དུས། 2016-11-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།

ཟླ་11ཚེས་7ཉིན། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་མཉམ་འབྲེལ་ཐོག་གཉེར་བའི་ལྗོངས་ཡོངས་ཀྱི་བུད་མེད་གློག་རྡུལ་ཚོང་དོན་སྦྱོང་བརྡར་འཛིན་གྲྭ་ལྷ་སར་འགོ་ཚུགས།
          ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭ་ནི་“དྲ་རྒྱ་དང་བུད་མེད་ཀྱི་ལས་གཏོད་”བརྗོད་བྱར་བྱས་ཏེ་གློག་རྡུལ་ཚོང་དོན་གྱི་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ཡོད། གློག་རྡུལ་ཚོང་དོན་འདུ་ཤེས་དང་གློག་རྡུལ་ཚོང་དོན་ལས་གཏོད་ཀྱི་ཤེས་བྱ། བཀོལ་སྤྱོད་རྩལ་ནུས་སོགས་སློབ་སྦྱོང་བྱས་པ་བརྒྱུད་བོད་ལྗོངས་བུད་མེད་ཀྱི་གློག་རྡུལ་ཚོང་དོན་གྱི་རྟགས་མ་གསར་གཏོད་བྱས་ཏེ། བོད་ལྗོངས་བུད་མེད་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཏེ་མི་རིགས་ཀྱི་གྱོན་ཆས་དང་ས་གནས་ཀྱི་ཐོན་རྫས་སོགས་དྲ་བ་བརྒྱུད་ཚོང་འགྲེམས་ཀྱི་ཁྲོམ་ར་སྔར་བས་ཡངས་ཤིང་རྒྱ་ཆེ་བ་ཕྱེ་སྟེ། བུད་མེད་ཁེ་ལས་ཀྱིས་གློག་རྡུལ་ཚོང་དོན་བརྒྱུད་རང་བརྟེན་ལས་གཏོད་དང་གསར་གཏོད་གོང་འཕེལ་འབྱུང་རྒྱུར་ཕན་པ་ཡོད།

          ཉིན་བཅུའི་རིང་གི་སློབ་ཡུན་ནང་། སློབ་མ་ཚོས་སློབ་ཁང་གི་སློབ་ཁྲིད་དང་ཡུལ་དངོས་སུ་ལྟ་སྐོར་བྱ་རྒྱུ་ཟུང་འབྲེལ་གྱིས་གཙོ་བོ་གློག་རྡུལ་ཚོང་དོན་གྱི་རྨང་གཞིའི་གཞུང་ལུགས་ཤེས་བྱ་དང་གློག་རྡུལ་ཚོང་དོན་གྱི་རྨང་གཞི་བཀོལ་སྤྱོད་རྩལ་ནུས་སློབ་སྦྱོང་བྱ་རྒྱུ་དེ་སློབ་ཁྲིད་ཀྱི་ནང་དོན་ལ་ཅིང་ཏུང་དང་ཐའོ་པའོ་ལས་སྟེགས། དེ་བཞིན་བོད་ཀྱི་གསར་གཏོད་སྤུས་དག་ཉོ་སྒྲུབ། བོད་ཀྱི་རིན་ཆེན་དྲ་བ། བོད་ཀྱི་ཚོང་དོན་དྲ་བ་སོགས་བོད་རིགས་ས་ཁུལ་གྱི་གློག་རྡུལ་ཚོང་དོན་སྟེགས་བུའི་ཚོང་ལས་བརྒྱུད་རིམ་དང་པར་རིས་ཇུས་འགོད་ཀྱི་ཐབས་རྩལ། དེ་བཞིན་ཚོང་རྟགས་གསར་བཞེངས། ཚོང་རའི་འཁོར་རྒྱུག བུད་མེད་ཀྱི་ལས་གཏོད་ཀྱི་སེམས་ཁམས་དབྱེ་འགྲེལ། གྲུབ་འབྲས་ཆེ་བའི་དཔེ་མཚོན་དང་དངོས་དཔེ་སོགས་སོགས་ཡོད། སློབ་མ་རྣམས་ད་དུང་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གྱི་ཕུལ་བྱུང་བུད་མེད་མཉམ་ལས་ཁང་དང་ཁེ་ལས་ཀྱི་ཡུལ་དངོས་སུ་ལྟ་སྐོར་བྱས།
          བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཞིང་འབྲོག་བུད་མེད་བཞི་བཅུ་ལྷག་ཐེངས་འདིའི་སྦྱོང་བརྡར་འཛིན་གྲྭར་ཞུགས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716