སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལི་ཁེ་ཆང་གིས་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
སྤེལ་དུས། 2016-11-10   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན།

ས་དེའི་དུས་ཚོད་ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མའོ་སི་ཁོའི་ཁི་ལིན་མུའུ་ལིན་ཕོ་བྲང་ནས་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ས་དེའི་དུས་ཚོད་ཚེས་8ཉིན་གྱི་ཕྱི་དྲོར་མའོ་སི་ཁོའི་ཁི་ལིན་མུའུ་ལིན་ཕོ་བྲང་ནས་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་། ལི་ཁེ་ཆང་གིས་ཐོག་མར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་གནང་། ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རི་སི་རྒྱལ་ཁབ་གཉིས་ནི་ཆེས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་དང་ཁྱོན་ཡོངས་འཐབ་ཇུས་ཀྱི་མཉམ་ལས་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་མཉམ་ལས་དུས་རྟག་ཏུ་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་བཞིན་ཡོད། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ནི་ཕྱོགས་གཉིས་ཀར་ཕན་པ་ཡོད་པར་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་བཅས་ལའང་ཕན་པ་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབ་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཨུ་རི་སིའི་བར་གྱི་འབྲེལ་བ་སྔར་ལས་རིམ་པ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཟེར།
          ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོས་ཨུ་རི་སི་དང་མཉམ་དུ་ཕྱོགས་གཉིས་བར་གྱི་མཉམ་ལས་སྦས་ཤུགས་སྔོགས་འདོན་བྱས་ནས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་འདོད་ཡོད། ཕྱོགས་གཉིས་བར་གྱི་དཔལ་འབྱོར་ཉོ་ཚོང་གི་ཁེ་ལས་གཏན་འཇགས་གནས་བབ་སྲ་བརྟན་དུ་བཏང་ནས་རྡོ་སྣུམ་དང་རང་བྱུང་སྲོལ་བརླངས། དམངས་བཀོལ་ཉིང་རྡུལ་ནུས་པ། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་ལས་གཞི་ཆེ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དངུལ་ལོར་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་འབྲིང་ཆུང་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཡར་སྐུལ་གཏོང་བ། ཚོང་རའི་གསོན་ཤུགས་སྐུལ་སྤེལ་བྱེད་པ་དང་མཉམ་དུ་ཕྱོགས་གཉིས་ཀྱི་ཁེ་ལས་ཆེ་གྲས་བར་མཉམ་ལས་བྱེད་པར་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་པ་དང་། མི་གཞུང་བརྗེ་རེས་ཆུ་ཚད་མཐོར་འདེགས་སུ་བཏང་ནས་རྒྱལ་ཁབ་གཉིས་བར་གྱི་མི་དམངས་ཀྱི་འདོད་བློའི་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།
          ཕུའུ་ཅིན་གྱིས་བསྟན་དོན། ཨུ་རི་སི་དང་ཀྲུང་གོའི་མགོ་གཙོ་དང་སྲིད་གཞུང་གི་མགོ་གཙོའི་བར་གྱི་འགྲོ་འོང་དམ་ཟབ་ཡིན་པ་དང་། ཕྱོགས་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་འཁོར་བསྐྱོད་བདེ་བླག་ཡིན། ཐེངས་འདིར་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་རྒྱལ་ཁའི་ངང་དུས་བཅད་གྲོས་མོལ་བྱས་པ་དེས་ཕྱོགས་གཉིས་ཀྱི་དངོས་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བཟང་བོ་བཏང་། ཨུ་རི་སི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་བར་གྱི་དངུལ་གཏོང་རྒྱ་སྐྱེད་པ་དང་། མྱུར་བགྲོད་ལྕགས་ལམ་དང་དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་ཝང་ཡང་། ཨུ་རི་སིའི་ཙུང་ལི་གཞོན་པ་དང་པོ་ཧྲུའུ་ཝ་ལའོ་ཧྥུའུ་བཅས་མཇལ་འཕྲད་ལ་ཞུགས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716