སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སྐོར་དྲུག་པ་གཞི་རིམ་དུ་ཕྱིན་པ།
སྤེལ་དུས། 2016-11-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

ཚོགས་འདུའི་ཡུལ་དངོས།
ཚོགས་འདུའི་ཡུལ་དངོས།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས25ཉིན། བོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སྐོར་ལྔ་བའི་ལས་དོན་ཕྱོགས་བསྡོམས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སྐོར་དྲུག་པའི་སྐུལ་སློང་ཚོགས་ཆེན་ལྷ་ས་ནས་བསྡུས། 
          ཤེས་རྟོགས་བྱུང་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས2011ལོའི་ཟླ10པར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་སྐོར་དང་པོ་བདམས་མངགས་བྱས་པ་ནས་བཟུང་།  མིག་སྔའི་བར་སྐོར་ཁག་ལྔ་ལེགས་གྲུབ་བྱུང་ཡོད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སྐོར་དྲུག་པར་ཁྱོན་བསྡོམས་ལས་བྱེད་པ་མི་གྲངས་ཁྲི2.2ལྷག་འདེམས་གཏོང་གནང་ཡོད་ཅིང་། དེའི་ཁྲོད་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་མི་སྣ2408དང་། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ55ཡིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་ཁུར་ཡོད་ལ། ཁོང་ཚོ་བོད་ཀྱི་སྲིད་འཛིན་གྲོང་ཚོ་དང་གྲོང་མི་ཨུ་ལྷན5467ལ་ཕྱིན་ནས་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་རྒྱུ་རེད་འདུག
          བོད་ལྗོངས་ཀྱི་གཞི་རིམ་དུ་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ས་གནས་དེ་གར་གཞི་རིམ་རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་པ་དང་། ཕྱུག་འགྱུར་ཐབས་ལམ་འཚོལ་བ། མང་ཚོགས་ཕལ་བར་དོན་དངོས་སྒྲུབ་པ་དང་དཀའ་གནད་ཐག་གཅོད་བྱེད་པ་སོགས་ཀྱི་ལས་དོན་ལ་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་།
          བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཟངས་རི་རྫོང་རོང་ཤང་གྲགས་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བློ་བསྟན་གྱིས། འདས་ཟིན་པའི་ལོ་ངོ་གཅིག་རིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཕྱིར་དྲན་བྱས་ཚེ། ངས་ནམ་ཡང་བརྗེད་པར་དཀའ་བ་ནི“ གཅེས་སེམས་ཞོག་ཁོག་” གི་རྣམ་གྲངས་དེ་ཡིན་ཟེར། གྲགས་པ་གྲོང་ཚོ་ནི་གངས་ཏི་སེའི་ལྷོ་འདབས་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་གཞུང་དུ་ཆགས་ཡོད་ཅིང་། རྨོ་ཞིང་གཙོ་བོ་ནི་བྱེ་ས་ཡིན་པ་དང་། ཞིང་ནང་ཡུར་ཆུའི་ཐོན་ཁུངས་དཀོན་པ། འབྲུ་རིགས་ཀྱི་ཐོན་འབབ་ཉུང་པ། དབུལ་སྒྲོལ་གྱི་དུས་བབ་ཛ་དྲག་ཡིན་པ་བཅས་ཀྱི་དབང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ ཨུ་ལྷན་གཉིས” ཀྱི་ཁོངས་མི་དག་གིས་ནན་ཏན་སྒོས་གྲོས་མོལ་དང་། ཡང་དང་བསྐྱར་དུ་གྲོས་ཞིབ་བྱས་བརྒྱུད་ཞོག་ཁོག་འདེབས་རྒྱུ་གཏན་འཁེལ་བྱས་པ་མ་ཟད།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དག་ཞིང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་ཁྱོན་བསྡོམས་ས་མུའུ60ལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ཞོག་ཁོག་རིགས་མི་འདྲ་བ3 ཚོད་འདེབས་བྱས། ད་ལོའི་ཟླ་9 པར་ཞོག་ཁོག་ལ་ལོ་ལེགས་ཆེན་པོ་སྨིན་པ་དང་། ཞོག་ཁོག་གི་ལོ་མའི་སྟེང“ སྙིང་གི་རི་མོ” ཡོད་པས་ན་མིང་ལ“ གཅེས་སེམས་ཞོག་ཁོག” ཅེས་བཏགས་ཡོད་པ་དང་། སྣོད་བཅུད་ཞོག་ཁོག་འདེབས་འཛུགས་གནང་པ་དེས་མང་ཚོགས་ཀྱིས་ཐོན་ལས་དབུལ་སྐྱོར་ཕན་འབྲས་ལོངས་སྤྱོད་ཐུབ་ཡོད།

ཚོགས་འདུའི་ཡུལ་དངོས།
ཚོགས་འདུའི་ཡུལ་དངོས།
          2013ལོའི་ཟླ6པར། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མ་ཝང་ཝེ་ཡིས་རང་རྟོགས་སྒོས་ཆབ་མདོ་མཛོ་སྒང་རྫོང་ཝ་མདའ་གྲོང་བརྡལ་དབུ་ཡག་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་འཁུར་པར་མིང་ཐོ་བཀོད། 2014ལོར་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཧྲུའུ་ཅི་དང་པོའི་འགན་གཅིག་ལྕོགས་སུ་བཞེས་པར་བདམས། ལོ་གསུམ་གྱི་རིང་ལ། ཝང་ཝེས་གཞི་རིམ་གྱི་ལས་རྐང་དང་པོར་གཞི་ཚུགས་པར་བྱས་ནས་ནན་ཏན་སྒོས་རང་འཁྲིའི་ལས་འགན་ལག་བསྟར་དང་། དཔུང་སྡེ་དམ་འཛིན་གནང་པ། རྩ་འཛུགས་ལ་ཤུགས་སྣོན་བྱེད་པ། རྨང་གཞི་སྲ་བརྟན་དུ་གཏོང་པ། འདུ་ཤེས་བཅོས་སྒྱུར་དང་། དམངས་ཕྱུག་བཅས་ལ་སྐུལ་འདེད་བཏང་ནས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་མི་གྲངས22དང་མང་ཚོགས310སྣེ་འཁྲིད་དེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་ཏེ་དབུལ་ཕོངས་རྗེས་ལུས་ཀྱི་དབུ་ཡག་གྲོང་ཚོ་དེ་ཉིད་བོད་ཤར་རྒྱུད་དུ་སྐད་གྲགས་ཆོད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་གྱུར་པ་རེད།
          ཤེས་རྟོགས་བྱུང་པར་གཞིགས་ན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སྐོར་ལྔ་བས་ཁྱོན་བསྡོམས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དོན་ཚན་ཁྲི1.8གསེལ་དཀྲོལ་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ཁག8000ལྷག་གཏན་འབེབས་ལག་བསྟར་གནང་པ། རྣམ་གྲངས5400ལྷག་ལེགས་འགྲུབ་བྱུང་པ།མི་གྲངས་ཁྲི2ལྷག་ཙམ་ལ་ལག་རྩལ་གསོ་སྦྱོང་རྩ་འཛུགས་གནང་པ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཁྲི14ལྷག་འོས་སྦྱོར་བྱས་པ། མང་ཚོགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར2ལྷག་འཕར་བར་རོགས་རམ་བྱས་པ། དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར7.4བརྩོན་ལེན་བྱས་པ་དང་དམངས་འཚོ་བའི་གནད་དོན་ཁྲི1ལྷག་ཐག་གཅོད་བྱས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716