སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འཚོ་བཅུད་ལྡན་པའི་དགུང་ཟས་ཀྱིས་མི་སེམས་དྲོ་བར་གྱུར།
སྤེལ་དུས། 2016-12-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན་གྱིས་བསྒྱུར།

ཟླ་12ཚེས་20ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སློབ་ཆུང་གཉིས་པའི་ཁྱིམ་བདག་གི་འཐུས་མིས་སློབ་མ་རྣམས་ལ་འཚོ་བཅུད་ལྡན་པའི་དགུང་ཟས་སྤྲོད་བཞིན་པའི་གནས་ཚུལ་ཡིན་པ།
          སློབ་མའི་ཁྱིམ་བདག་གིས་དོ་ཁུར་བྱེད་པའི་སློབ་མའི་དགུང་ཟས་ཀྱི་དཀའ་གནད་ཐག་གཅོད་ཧུར་ཐག་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་བྱེད་ཐབས་ལྔ་མཉམ་སྤྱོད་མཐའ་འཁྱོངས་བྱས་ཏེ། སྔོན་ལ་ཚོད་ལྟ་དང་རིམ་བཞིན་རྒྱ་ཆེར་སྤེལ་བའི་བྱེད་ཐབས་ལ་བརྟེན་ནས། ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པ་ཚོད་ལྟ་བྱ་ཡུལ་དུ་བྱས་ཏེ། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་32ལ་རྒྱ་སྐྱེད་བྱ་རྒྱུ་དམིགས་ཚད་དུ་བྱས་ཤིང་། ལས་རིགས་ལག་རྩལ་སློབ་གསོ་ལྟེ་གནས་ཀྱིས་ཟ་ཁང་རྟེན་གཞི་དང་། ཐོན་ལས་དང་སློབ་ཁྲིད་ཟུང་འབྲེལ། སྤོབས་པ་ཆེན་པོས་ལག་ལེན་བཅས་བྱས་ནས་ཁྲེང་ཀོན་ཆུས་ཀྱི་སློབ་མའི་དགུང་ཟས་སྡེབ་སྐྱེལ་ལྟེ་གནས་བསྐྲུན་པ་དང་། ཁྲེང་ཀོན་ཆུས་ཀྱི་སློབ་མའི་འཚོ་བཅུད་ལེགས་སུ་གཏོང་བའི་དམངས་ཕན་འདུ་འགོད་ལ་སྐུལ་སྤེལ་ཏན་ཏིག་བཏང་བ་མ་ཟད། ལྷ་སའི་ཁྲེང་ཀོན་ཆུས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་འབྲིང་ཆུང་དང་སློབ་མ་ཁྲི་3ཙམ་ལ་གཅིག་གྱུར་ཐོག་འཚོ་བཅུད་ལྡན་པའི་དགུང་ཟས་རིམ་བཞིན་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716