སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་རྒྱལ་ཁའི་མཇུག་སྒྲིལ་བ།
སྤེལ་དུས། 2013-01-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་སྒྲིག་པ།  ནོར་བུ།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུའི་ཐོག་གསུངས་བཤད་གནང་བཞིན་པ།

སྤྱི་ཟླ་༡ཚེས་༢༩ཉིན་ཕྱི་དྲོབོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་རྒྱལ་ཁའི་མཇུག་སྒྲིལ་བ་དེས་འདི་ལོའི་བོད་ལྗོངས་ཀྱི་༼ཚོགས་ཆེན་གཉིས༽ཁྱོན་ཡོངས་མཇུག་སྒྲིལ་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱི་མཇུག་སྒྲིལ་ཚོགས་འདུའི་ཐོག་ཁོང་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་འདི་འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་གྲོས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ནས་མཇུག་སྒྲིལ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། པད་མ་འཕྲིན་ལས་ཀྱིས་ཚོགས་འདུའི་ཚོགས་འདུའི་རིང་འཐུས་མི་རྣམ་པས་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ལྷག་བསམ་རྣམ་དག་བསྒྲུབས་ཏེ་ཡུལ་བབ་དང་དམངས་འདུན་གང་ལེགས་མངོན་ཞིང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ཇུས་ཆེན་མཉམ་དུ་གྲོས་གླེང་བྱས་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན། དེ་མིན་གྱི་སྙན་སྒྲོན་ཁག་བཅས་གྲོས་ཞིབ་དང་གྲོས་འཆམ་བྱས་པ་དང་། རང་སྐྱོང་ལྗོངས་སྐབས་གསར་པའི་ས་གནས་ལས་ཁུངས་ཀྱི་གྲུབ་ཁོངས་མི་སྣ་དང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་མཁན་འཐུས་མི་བཅས་འདེམས་བསྐོ་བྱས་ཏེ་བདམས་ཐོན་བྱུང་བས་ཏང་གི་འདོད་འདུན་དང་། རྒྱལ་ཁབ་འདོད་བློ། མི་དམངས་ཀྱི་རེ་འདུན་བཅས་ཚད་མཐོའི་གཅིག་མཐུན་ཡོང་རྒྱུ་བདེ་བླག་ངང་མངོན་གྱུར་ཐུབ་ཡོད་པ་རེད་ཅེས་གསུངས་པ་དང་ཁོང་གིས་ད་དུང་ཐེངས་འདིའི་ཚོགས་འདུ་ནི་མཆོང་སྐྱོད་ཡོང་བར་ཇུས་འགོད་དང་། གོང་འཕེལ་ལ་སྐུལ་འདེད། བརྟན་ལྷིང་འགན་སྲུང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ཚོགས་ཆེན་ཞིག་དང་། མཐུན་སྒྲིལ་དང་། དམངས་གཙོ། དམ་པ་དོན་གཉེར། འབད་འབུངས་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། དེས་བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་རྒྱུར་སྐུལ་ལྕག་ཆེན་པོ་ཐེབས་ངེས་ཡིན་ཅེས་གསུངས་གནང་བ་རེད།

ཚོགས་འདུ་མཇུག་སྒྲིལ་རྗེས་པད་མ་འཕྲིན་ལས་ཀྱིས་ཐེངས་འདིའི་ཚོགས་ཆེན་ལ་དཀའ་ངལ་ཁྱད་བསད་ཀྱིས་ཕྱག་ལས་གནང་མཁན་གྱི་ལས་བྱ་ཡོངས་རྫོགས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ཤར་ཉེའི་མཚམས་དེར་ལྷན་རྒྱས་ཚང་མ་ལོ་གསར་ལ་སྤྲོ་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཡང་ཞུས་གནང་བ་རེད། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060