སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྲུང་གོའི་ཕུགས་འདུན་ནི་གྲུབ་ཐབས་མེད་པའི་རྨི་ལམ་ཞིག་མིན་ཞེས་གསུངས་པ།
སྤེལ་དུས། 2014-03-12   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ནོར་བུ།

རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་རིང་།  རྒྱལ་སྲིད་གྲོས་ཀྱི་རྒྱུན་ཨུད།  ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཆེད་དོན་བཅར་འདྲི་དང་ལེན་གནང་བ་དང་ཁོང་གིས་ང་ཚོའི་གཅིག་བསྡུས་བསམ་འདུན་ནི་ ཀྲུང་གོའི་ཕུགས་འདུན་ཡིན།  རང་ཉིད་ཀྱི་ ཀྲུང་གོའི་ཕུགས་འདུན་ནི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པ་ཞིག་དང་། ནང་བསྟན་ཆོས་ལུགས་མུ་མཐུད་དར་རྒྱས་དང་རྒྱུན་འཛིན་ཡོང་རྒྱུ་དེ་ཡིན་ཞེས་གསུངས་ཡོད་པ་རེད།
   
གསར་འགོད་པས་ཀྲུང་གོའི་ཕུགས་འདུན་ཞེས་པ་དེར་ཆོས་ལུགས་མི་སྣ་ཞིག་གི་ངོས་ནས་བརྗོད་ན་བསམ་ཚུལ་གང་འདྲ་ཞིག་ཡོད་ཅེས་དྲི་བ་བཏོན་གནང་བ་དང་། པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་ཀྲུང་གོའི་ཕུགས་འདུན་ནི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་དང་།  མི་རིགས་ལྔ་བཅུ་ལྔ་དྲུག  མི་དམངས་དུང་ཕྱུར་བཅུ་གསུམ་བཅས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་ཡིན།  ཀྲུང་གོའི་ཕུགས་འདུན་ནི་གྲུབ་ཐབས་མེད་པའི་རྨི་ལམ་ཞིག་མིན་པར་ང་ཚོའི་དངོས་ཡོད་ཀྱི་མ་འོངས་པ་དང་། མདུན་སྐྱོད་བྱེད་པའི་ཁ་ཕྱོགས་དང་འགུལ་ཤུགས་ཞིག་ཡིན།   རང་ཉིད་ཀྱི་ཀྲུང་གོའི་ཕུགས་འདུན་ནི་མེས་རྒྱལ་སྟོབས་འབྱོར་དང་།  མི་རིགས་མཐུན་སྒྲིལ།  རིགས་དྲུག་བདེ་སྐྱིད།  ནང་ཆོས་དར་རྒྱས། འཛམ་གླིང་ཞི་བདེ་བཅས་ཡིན་ཞེས་གསར་འགོད་པའི་དྲི་བར་ལན་བསྐྱོན་གནང་བ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060