སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས ༨ དང་འགལ་བའི་དཔེ་མཚོན་གྱོད་གཞི ༤ བརྡ་ཁྱབ་བཏང་།
སྤེལ་དུས། 2014-10-13   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  བསྟན་འཛིན།

གསར་འགོད་པས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱིས་གཞུང་དངུལ་སྤྱད་ནས་གླིང་ཁ་གཏོང་བ་དང་སྒྲིག་འགལ་ངང་གཞུང་གི་རླངས་འཁོར་བེད་སྤྱོད་བྱེད་པ། གཞུང་དངུལ་བཏང་ནས་འཛད་སྤྱོད་བྱེད་པ། ལས་ཀའི་སྒྲིག་ཁྲིམས་ལས་འགལ་ཏེ་རང་གར་ལས་གནས་ནས་བྲལ་བ་སོགས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་དཔེ་མཚོན་གྱི་གྱོད་གཞི་བཞི་བརྡ་ཁྱབ་བཏང་བ་དང་དེའི་ནང་རྫོང་དཔོན་གཞོན་པ་གཅིག་ཚུད་པའི་ལས་བྱེད་པ་བཞིར་ཏང་ནང་གི་ཐ་ཚིག་སྒྲོག་པ་དང་སྲིད་འཛིན་གྱི་སྐྱོན་ཐོ་འགོད་པ། སྲིད་འཛིན་གྱི་ཐ་ཚིག་སྒྲོག་པ་བཅས་ཀྱི་ཉེས་ཆད་བཏང་ཡོད་པ་རེད།

བརྡ་ཁྱབ་ནང་བསྟན་དོན། ཟླ་བ་བདུན་པའི་ཟླ་མཇུག་ཏུ་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་སྲིད་གཞུང་གིས་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོ་བཞིའི་གྲོང་ཚོ་ཨུ་ལྷན་གཉིསདང་ཤང་གི་ལས་བྱེད་པ་རྣམས་སྒྲིག་འཛུགས་བྱས་ཏེ་ཐང་སྐྱ་ཤང་བསླབ་སྟོན་གྲོང་ཚོའི་སྟག་ཕུ་རིང་དུ་མཉམ་འཛོམས་གླིང་ཁ་བཏང་ནས་ཁྱོན་བསྡོམས་གཞུང་དངུལ་སྒོར་༦༣༥༠བེད་སྤྱོད་བྱས་ཡོད་པ་རེད། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་རྒྱུན་ཨུའི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཤང་ཀྲང་ཇོ་ཚུལ་ཁྲིམས་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་མལ་གྲོ་གུང་དཀར་རྫོང་སྒྲིག་ཨུད་ལ་མཉམ་འཛོམས་གླིང་ཁ་བཏང་བའི་གཞུང་དངུལ་སྒོར ༦༣༥༠ བདའ་འདེད་གཏོང་དགོས་པའི་གཏན་འབེབས་བྱས་པ་རེད།

ཟླ་བ་དྲུག་པའི་ཟླ་མཇུག་ཏུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ལྕགས་ལམ་བདེ་སྲུང་དོ་དམ་ཉིང་ལག་རུ་ཁག་གི་རུ་དཔོན་སྐལ་བཟང་ནོར་བུས་ཁྱིམ་མི་རྣམས་ཁྲིད་དེ་ལས་ཁུངས་ཀྱི་གཞུང་འཁོར(བོདAV8803)བཏང་ནས་ཁྲེན་ཀོན་ཆུས་ཚལ་གོང་ཐང་ཤང་དུ་འོ་མ་ཉོ་བ་དང་བསྟུན་ནས་གླིང་ཁ་གཏོང་བར་བསྐྱོད་པ་རེད། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་རྒྱུན་ཨུའི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་སྐལ་བཟང་ནོར་བུར་ཏང་ནང་གི་ཐ་ཚིག་སྒྲོག་པའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་རེད།

འདི་ལོའི་ལོ་སྟོད་དུ་ནག་ཆུ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དར་མཚོས་ཐེངས་མང་འབྲེལ་ཡོད་མི་སྣ་གདན་དྲངས་ནས་རོལ་རྩེད་ཁང་དུ་འཛད་སྤྱོད་བྱས་པ་དང་མི་སྒེར་དང་ཡང་ན་མི་གཞན་ལ་རྣམ་གྲངས་མཐུན་སྦྱོར་གྱི་གྲོན་དངུལ་དང་སྣེ་ལེན་གྲོན་དངུལ། རྣམ་གྲངས་ཀྱི་དུས་འགོའི་གྲོན་དངུལ་སོགས་ཀྱི་མིང་ཐོག་ནས་གཞུང་དངུལ་རྩིས་ཞུ་བྱས་པས་གྱོད་གཞི་འབྲེལ་བ་ཡོད་པ་སྒོར་༡༧༩༢༨ཟིན་ཡོད། ནག་ཆུ་ས་ཨུད་སྲིད་འཛིན་ཀུང་ཧྲུའུ་ཡིས་ཞིབ་འཇུག་བྱས་པ་བརྒྱུད་དར་མཚོར་སྲིད་འཛིན་གྱི་སྐྱོན་ཐོ་འགོད་པའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་རེད། 

ཟླ་བ་བརྒྱད་པའི་ཟླ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་མཛོ་སྒང་རྫོང་ཐེམ་ཐོག་གྲོང་རྡལ་ཡར་གྲོང་གྲོང་ཚོའི་ཏང་ཀྲེ་པུའི་ཧྲུའུ་ཅི། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཡིན་པའི་ཞ་ནན་གྱིས་གྲོང་ཚོ་དེ་གའི་གནས་ཚུལ་གསལ་པོ་མི་ཤེས་པ་དང་རང་འགན་གཙང་སྒྲུབ་མི་བྱེད་ཁར་རང་འགར་ལས་གནས་དང་ཁ་བྲལ་བ་ཤེས་རྟོགས་བྱུང་བ་རེད། མཛོ་སྒང་རྫོང་ལྟ་ཞིབ་ཅུས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་ཞ་ནན་ལ་སྲིད་འཛིན་གྱི་ཐ་ཚིག་སྒྲོག་པའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་རེད།

ཁ་བྱང་ཕྱི་མོ། བོད་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས ༨ དང་འགལ་བའི་དཔེ་མཚོན་གྱོད་གཞི ༤ བརྡ་ཁྱབ་བཏང་།

(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060