ཟླ11པའི་ཚེས7ཉིན་གྱི་སྔ་དྲོར། བོད་ལྗོངས་ནང་བསྟན་སློབ་གླིང་གི་མཐའ་འཁོབ་དགོན་སྡེའི་གྲྭ་བཙུན་ལ་གསོ་སྦྱོང་སྤེལ་ཐེངས་བཅུ་གཉིས་པ་མགོ་རྩོམ་པའི་མཛད་སྒོ་བསྡུས། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་གཙོ་སྒྲུབ་ཁང•ཐུབ་བསྟན་མཁས་གྲུབ་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་།
གསོ་སྦྱོང་ནང་བསྟན་དོན། མཐའ་འཁོབ་དགོན་སྡེའི་གྲྭ་བཙུན་ལ་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་ནི་གྲྭ་བཙུན་གྱིས་ཆོས་ལ་སྦྱོང་བའི་ཁོར་ཡུག་ལེགས་བཅོས་དང་། གྲྭ་བཙུན་གྱི་སྤྱི་ཡོངས་བྱང་ཚད་མཐོར་འདེགས། དགོན་སྡེའི་དོ་དམ་ཆུ་ཚད་ལ་ཤུགས་སྣོན་པ་དང་གསར་སྐྲུན་བྱེད་པ་བཅས་ཀྱི་བྱེ་བྲག་གི་བྱེད་ཐབས་དང་། བོད་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པའི་གནད་འགག་གི་བྱ་བ་ཞིག་ཡིན། གྲྭ་བཙུན་སློབ་མས་ཐེངས་འདིའི་གསོ་སྦྱོང་གི་གོ་སྐབས་དམ་འཛིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཆབ་སྲིད་སྟེང་རྒྱབ་རྟེན་བྱེད་ཆོག་པ་དང་། ཆོས་ལུགས་སྟེང་ཤེས་རྒྱ་ཡངས་པ། ཀུན་སྤྱོད་སྟེང་མང་ཚོགས་ཀྱིས་ཁས་ལེན་པ། གནད་འགག་གི་སྐབས་སུ་ནུས་པ་ཐོན་པ”བཅས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཡིད་ལ་དམ་པོར་བཟུང་ནས། ཆབ་སྲིད་ཚེ་སྲོག་ཏུ་བལྟ་བ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། མཐུན་སྒྲིལ་ཡར་ཐོན་བཅས་ཀྱིས་རྒྱལ་སྲུང་དམངས་ཕན་གྱི་གྲྭ་བཙུན་དཔེ་ལེགས་ཉན་ཞིག་བྱ་རྒྱུ་བརྩོན་ལེན་བྱེད་པ་དང་། སློབ་སྦྱོང་ཁ་ཟས་སུ་བརྩིས་ཏེ། སློབ་ལ་བརྩོན་པ་དང་བློ་སྦྱོང་རྣལ་མ་བྱེད་པ། ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ཚན་རིག་རིག་གནས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པ་བཅས་ཀྱིས་མཐོང་རྒྱ་ཡངས་ཤིང་མཁྱེན་རྒྱ་ཟབ་པའི་གྲྭ་བཙུན་དཔེ་ལེགས་ཅན་ཞིག་བྱ་རྒྱུར་འབད་པ། སྒྲིག་ལམ་འགན་སྲུང་དུ་བརྩི་བ་དང་། “གཅེས་སྤྲས་བཞི”ཡི་བྱ་སྤྱོད་ཚད་གཞིར་བཟུང་སྟེ། ཀུན་སྤྱོད་ཀྱི་སྟེང་ནས་མང་ཚོགས་ཀྱིས་ཁས་ལེན་པའི་གྲྭ་བཙུན་དཔེ་ལེགས་པ་ཞིག་བྱ་དགོས་པ། བྱས་རྗེས་དམིགས་འབེན་དུ་བརྩིས་ཏེ། བྱས་རྗེས་འབུལ་སྤྲོ་བ་དང་གཞན་ལ་གཅེས་སེམས་བཅངས་པ། ཆོས་ལུགས་ཀྱི་ཤེས་རྒྱ་རྒྱུན་མི་ཆད་པར་ཇེ་ཡངས་སུ་གཏོང་བ་བཅས་ཀྱིས་གནད་འགག་གི་སྐབས་སུ་ནུས་པ་ཐོན་པའི་གྲྭ་བཙུན་དཔེ་ལེགས་ཅན་ཞིག་བྱས་ནས། བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཁྲོད་སྔར་ལས་ཆེ་བའི་དྲང་ཕྱོགས་ཀྱི་ནུས་པ་ཐོན་པར་བྱ་དགོས།