སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆེད་མཁས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཕྱོགས་དགུ་ནས་ཀློག་འགྲེལ་གནང་བ།
སྤེལ་དུས། 2017-01-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་འཚོས་བསྒྱུར།

  

  ཟླ1པའི་ཚེས6ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདནུ་པའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གི་གསུང་བཤད་གལ་ཆེན་ལ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་ཁྲིམས་ལུགས་རིག་པ་སྡེ་ཁག་གི་དགེ་རྒན་ཆེན་མོ་དབྱང་ཝེ་ཏུང་དང་ཆིན་ཧྭ་སློབ་ཆེན་གྱི་སྲིད་གཙང་དང་བཅོས་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀུའོ་ཡུན། པེ་ཅིན་སློབ་གྲྭ་ཆེན་མོའི་སྲིད་གཙང་འཛུགས་སྐྲུན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲོང་ཏེ་ཧྲོའེ་སོགས་ཆེད་མཁས་པས་ཀློག་འགྲེལ་གནང་།
  ཀློག་འགྲེལ་དང་པོ། “སྔར་ལས་ཆེ་བ་གསུམ”
  “ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་ནི་ཏང་གི་མདུན་ལམ་དང་ལས་དབང་ལ་རག་ལས་པ་མ་ཟད། རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་རག་ལས་པས། སྔར་ལས་ཆོད་སེམས་ཆེན་པོ་དང་སྟོབས་ཤུགས་ཆེན་པོ། སྙིང་སྟོབས་ཆེན་པོ་བཅས་ཀྱི་སྒོ་ནས་དམ་འཛིན་ལེགས་འཛིན་བྱེད་དགོས”
  ལིའུ་ཅིན་ཁྲེན་གྱིས། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་ནི་ནམ་ཡང་སྤེལ་དགོས་པ་ཞིག་ཡིན་ལ། ཏང་འཛུགས་སྐྲུན་གྱི་རླབས་ཆེ་བའི་བཟོ་འགོད་གསར་པའི་ལས་འགན་ལྕི་ཞིང་ལམ་ཐག་རིང་།“སྔར་ལས་ཆོད་སེམས་ཆེན་པོ་དང་སྟོབས་ཤུགས་ཆེན་པོ། སྙིང་སྟོབས་ཆེན་པོ”ཞེས་པ་ལས་ཏང་ཀྲུང་དབྱང་གིས་གནས་བབ་དང་ལས་འགན་ལ་གཏིང་ཟབ་པའི་སྒོ་ནས་རྡར་ཤ་བཅད་པ་མཚོན་ཡོད། སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་གོ་རིམ་ཁྲོད། ཏང་ནང་གི་ཆབ་སྲིད་འཚོ་བར་སྔར་ལས་གཟབ་ནན་ཡོང་བ་དང་། ཏང་ནང་གི་ཆབ་སྲིད་ཁོར་ཡུག་གཙང་མ་ཡོང་བར་བྱས་ཏེ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་རང་གཅུན་བྱེད་པ་དེ་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་གྱི་རང་རྟོགས་འདུ་ཤེས་སུ་འགྱུར་བར་བྱ་དགོས །
  གཉིས་པ། ཟིལ་གནོན་གྱི་འཕེལ་ཚུལ།
  “ཏང་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་བརྗོད་གཞིའི་འགན་འཁྲི་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་ཞིང་། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་སྙིང་སྟོབས་མཐའ་གཅིག་ཏུ་དངོས་འབེབས་བྱུང་ལ། ཏང་གི་སྒྲིག་ལམ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཐོབ་པ་དང་། རུལ་སུངས་ལ་ཚོད་འཛིན་ནུས་ལྡན་བྱུང་སྟེ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་འཕེལ་ཚུལ་ཞིག་ཆགས་པས། རུལ་སུངས་མི་ཕོད་པའི་དམིགས་འབེན་ཐོག་མར་མངོན་འགྱུར་བྱུང་བ་དང་། རུལ་སུངས་མི་རུང་བའི་ལམ་ལུགས་ཉིན་བཞིན་འཐུས་ཚང་དུ་གྱུར་ལ །རུལ་སུངས་མི་འདོད་པར་འགོག་རགས་རྒྱག་པའི་སྒང་ཡིན་པས། ཏང་ནང་གི་ཆབ་སྲིད་འཚོ་བར་སྣང་ཚུལ་གསར་པ་ཞིག་མངོན་ཡོད”
  སུང་ཝེ་ཡིས།  ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བ་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྐུལ་འདེད་བྱས་པ་དང་། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཡོང་བ་དང་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱེད་པ་སོགས་ཕྱོགས་གནས་སོ་སོའི་བྱེད་ཐབས་སྤྱད་པ་བརྒྱུད། “རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པའི”སྒྲིག་གཞིའི་ནང་རྐྱེན་ཆགས་ཤིང་། ལས་དོན་སོ་སོས་བླངས་པའི་གྲུབ་འབྲས་མིག་མཐོང་ལག་ཟིན་དུ་གྱུར་ལ། ཏང་སེམས་དང་དམངས་སེམས་ལ་སྐུལ་སློང་གི་ནུས་པ་ཐོན་ཡོད།
  ཏེང་ལེན་ཧྥན་གྱིས།“ཟིལ་གནོན་རང་བཞིན་གྱི་འཕེལ་ཚུལ་ཆགས་བཞིན་པ”ནས“ཟིལ་གནོན་རང་བཞིན་གྱི་འཕེལ་ཚུལ་ཆགས་པ”ཞེས་པའི་བར་ཡིག་འབྲུ་གཅིག་གིས་འགྱུར་ལྡོག་བྱུང་བ་ཙམ་ཡིན་མོད། འོན་ཀྱང་དེས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་དེ་དགེ་མཚན་ལྡན་པའི་ཕྱོགས་སུ་བསྒྱུར་བ་མཚོན་ཡོད། ཕྱོགས་གཅིག་ནས“ཟིལ་གནོན་རང་བཞིན་གྱི་འཕེལ་ཚུལ་ཆགས་པ”ཞེས་པ་དེས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་ཐོད་བརྒལ་རང་བཞིན་གྱི་འཕེལ་ཚུལ་ཐོབ་པ་དང་། གྲུབ་འབྲས་དེ་དག་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་མིག་མཐོང་ལག་ཟིན་ཡིན་ལ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་མཚོན། ཕྱོགས་གཞན་ཞིག་ནས། “ཟིལ་གནོན་རང་བཞིན་གྱི་འཕེལ་ཚུལ་ཆགས་པ”ཞེས་པ་ནི་ཏང་ཀྲུང་དབྱང་གིས་ཆོད་སེམས་བརྟན་པོ་དང་འདུ་ཤེས་བརྟན་པོ། བྱེད་ཐབས་བརྟན་པོ་བཅས་ལ་བརྟེན་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱོད་པ་བཟང་ཞིང་སྒྲིག་ལམ་ནན་མོའི་གྲུབ་འབྲས་རྩ་ཆེན་འདི་བླངས་པ་རེད། ཡང་གཅིག་བཤད་ན། ཟིལ་གནོན་རང་བཞིན་གྱི་འཕེལ་ཚུལ་གྱིས་མི་རྣམས་ལ་སྤྲོ་བ་འཕེལ་ཞིང་སྟོབས་ཤུགས་བསྩལ་བས། རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་སྤེལ་བར་རྨང་གཞི་བཟང་པོ་བཏིང་བ་རེད།
  ཀློག་འགྲེལ་གསུམ་པ། “གཅིག་གྱུར་བཞི”
  “ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་སྤེལ་བའི་ཁྲོད་གསལ་འདེབས་ཁ་ཤས་རྙེད་པ་སྟེ།  གཅིག་ནི་ཚད་གཞི་མཐོ་བ་དང་ཚད་མཐའ་དམའ་བ་ཕན་ཚུན་གཅིག་གྱུར་བྱེད་པ། གཉིས་ནི་ཆད་གཅོད་དང་འགན་འཁྲི་ ཕན་ཚུན་གཅིག་གྱུར་བྱེད་པ། གསུམ་ནི་གནད་དོན་འཚོལ་བ་དང་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་ཕན་ཚུན་གཅིག་གྱུར་བྱེད་པ། བཞི་ནི་མི་འདེམ་པ་དང་མི་བཀོལ་སྤྱོད་བྱེད་པ་དེ་དོ་དམ་ནན་མོ་ཡོང་བ་དང་ཕན་ཚུན་གཅིག་བྱེད་པ”བཅས་སོ།
  ཀུའོ་ཡུན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བ་གཏིང་ཟབ་ཏུ་སྐུལ་འདེད་བྱས་པས། མིག་མཐོང་ལག་ཟིན་དུ་གྱུར་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ། ལོ་ངོ་བཞིའི་ཚུན་དུ་ལག་ལེན་ལས་ར་སྤྲོད་གསལ་བོ་བྱུང་བ་ནི།“ཚད་གཞི་མཐོ་བ་དང་ཚད་ཐིག་དམའ་བ”དང “ཆད་གཅོད་འཛིན་པ་དང་འགན་འཁྲི་འཛིན་པ”“གནད་དོན་འཚོལ་བ་དང་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ”“མི་འདེམ་པ་དང་མི་བཀོལ་བ་དང་དོ་དམ་ནན་མོ་ཡོང་བ”བཅས་ཏེ་འབྲེལ་བ་འདི་བཞི་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བ་ལེགས་པར་འཛིན་པའི་ཁ་ཕྱོགས་གཙོ་བོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་ཕྱོགས་འདི་བཞི་བོར་སྤྱི་བསྡོམས་གཏིང་ཟབ་གནང་བ་དེས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བར་ཉམས་མྱོང་རྩ་ཆེན་བསགས་པ་མ་ཟད། མ་འོངས་པར་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་གཏིང་ཟབ་ཏུ་འཕེལ་བར་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་གནང་བ་རེད།
  ཀློག་འགྲེལ་བཞི་པ། “གཏན་ནས་མི་རུང་བ་གཉིས”
  “རུལ་སུངས་ལ་ཆད་པ་གཅོད་པའི་ཤུགས་ཚད་གཏན་ནས་ཇེ་གཉོམ་དུ་གཏོང་མི་རུང་བ་དང་། གུ་ཡངས་མེད་པའི་རྣམ་འགྱུར་ལ་གཏན་ནས་འགྱུར་ལྡོག་ཡོད་མི་རུང་བར། རུལ་སུངས་ལ་རྒོལ་བའི་དྲང་བདེན་གྱི་འཐབ་རྩོད་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས”
  ཏུའུ་ཀྲི་ཀྲོའུ་ཡིས། ཆད་གཅོད་དང་གུ་ཡངས་མེད་པ་ནི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་གནད་འགག་གི་ཚིག་གཉིས་ཡིན། ད་ཆ་རུལ་སུངས་ལ་རྒོལ་བའི་འཐད་རྩོད་ཀྱིས་གྲུབ་འབྲས་ཆེན་པོ་བླངས་ཡོད་ནའང་། རུལ་སུངས་ལ་རྒོལ་བའི་གནས་བབ་སྔར་བཞིན་རྙོག་འཛིང་དང་ལྡན་ཞིང་ལས་འགན་སྔར་བཞིན་ལྕི། འདི་ལྟ་བུའི་གནས་ཚུལ་འོག ཏང་ཀྲུང་དབྱང་གིས་ རུལ་སུངས་ལ་ཆད་པ་གཅོད་པའི་ཤུགས་ཚད་གཏན་ནས་ཇེ་གཉོམ་དུ་གཏོང་མི་རུང་བ་དང་། གུ་ཡངས་མེད་པའི་རྣམ་འགྱུར་ལ་གཏན་ནས་འགྱུར་ལྡོག་ཡོད་མི་རུང་ཞེས་བཏོན་པ་དེས་ཏང་ཀྲུང་དབྱང་གི་རུལ་སུངས་ལ་རྒོལ་བའི་ལངས་ཕྱོགས་གསལ་བོ་དང་ཆོད་སེམས་བརྟན་པོ་མཚོན་ཡོད། རུལ་སུངས་ལ་རྒོལ་བའི་ཤུགས་ཚད་ཇེ་གཉོམ་དུ་མི་གཏོང་བ་དང་མྱུར་ཚད་མི་འགྱུར་བ། འཛིན་ཚད་མི་ལྷོད་པ་བཅས་ཀྱིས་རུལ་སུངས་ལ་ཆད་གཅོད་བྱེད་པའི་འཕེལ་ཚུལ་རྒྱུན་འཁྱོངས་བྱས་ཚེ། ད་གཟོད་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཐད་ནས་བླངས་པའི་གྲུབ་འབྲས་རྩ་ཆེན་སྲ་བརྟན་དུ་གཏོང་ཐུབ་པ་དང་། ད་གཟོད་མི་དམངས་མང་ཚོགས་ཀྱིས་རུལ་སུངས་ལ་རྒོལ་བའི་ཕན་འབྲས་ལོངས་སྤྱོད་བྱེད་ཐུབ་ལ། ད་གཟོད་མི་དམངས་མང་ཚོགས་ཀྱིས་ཏང་ལ་ཡིད་ཆེས་ཚད་ཇེ་མཐོར་གཏོང་ཐུབ།
  ཀློག་འགྲེལ་ལྔ་པ། རྩ་ལག་མཉམ་བཅོས།

  “རྩ་ལག་མཉམ་བཅོས་ནི་ང་ཚོ་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་མཐའ་གཅིག་ཏུ་བཏོན་པའི་བླང་བྱ་ཡིན། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་བཅོས་སྐྱོང་བྱེད་ན། ངེས་པར་དུ་རྩ་ལག་མཉམ་བཅོས་བྱེད་དགོས”
  ཀྲོང་ཏེ་ཧྲོའེ་ཡིས། རྩ་ལག་མཉམ་བཅོས་ནི་དུས་སྐབས་གསར་པར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་ཐབས་ཇུས་ཡིན། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་བཅོས་སྐྱོང་བྱེད་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་པའི་སྔོན་འགྲོའི་འོག ང་ཚོར་ཕྱོགས་སོ་སོ་ནས་རུལ་སུངས་ལ་རྒོལ་བ་དང་རྩ་བ་བཅོ་བའི་ཆབ་སྲིད་ཀྱི་འགན་སྲུང་དང་སྤྱི་ཚོགས་ཀྱི་རྨང་གཞི་ལྡན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྩ་ལག་མཉམ་བཅོས་ཡོང་བ་ནན་གྱིས་བསྟན་ཏེ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་སྒོས་རུལ་སུངས་ཀྱི་བྱ་བ་མདུན་དུ་སྐུལ་ཐུབ་མིན་གླེང་བ་དེ་ཐད་ཀར་རུལ་སུངས་ལ་རྒོལ་བའི་བྱ་བ་ལེགས་འགྲུབ་འབྱུང་མིན་ལ་རག་ལས་ཡོད། རུལ་སུངས་ལ་རྒོལ་བའི“རྩ་བ”དེ་ཏང་ཡོན་རེ་རེའི་བློ་སྦྱོང་རྣལ་མ་དང་འབྲལ་ཐབས་མེད། ད་ཆ་མཐའ་གཅིག་ཏུ་རུལ་སུངས་ལ་རྒོལ་བའི་བྱེད་ཕྱོགས་དང་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། རྩ་བ་བཅོས་པའི་གྲུབ་འབྲས་དེ་སྔར་ལས་ཏང་ཡོན་ཡོངས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་དང་ཕུགས་བསམ་འདུ་ཤེས། རིག་གནས་རང་རློམ་བཅས་ལ་བསྒྱུར་བ་དང་། ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་པ་དང་ཚད་ལྡན་དུ་བཏང་ནས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སེམས་གཏིང་ནས་རུལ་སུངས་འགོག་པའི་བསམ་བློའི་འགོག་སྲུང་དམ་པོ་ཞིག་བསྐྲུན་དགོས།
  ཀློག་འགྲེལ་དྲུག་པ། ཆབ་སྲིད་ཀྱི་གོ་རྟོགས།
  “གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱས་ཏེ།  ཆབ་སྲིད་ཀྱི་གོ་རྟོགས་བསྟུད་མར་སྲ་བརྟན་དང་ཇེ་མཐོར་གཏོང་བ་སྟེ་ཏང་གི་འགོ་ཁྲིད་ལས་བྱེད་པས་ངེས་པར་གོ་རྟོགས་གླེང་བ་དང་གོ་རྟོགས་སད་དགོས་ལ། གོ་རྟོགས་སད་པ་དང་གོ་རྟོགས་ཇེ་མཐོར་སོང་ཚེ། རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་འཚོལ་ཐུབ”
  ཀྲོང་ཏེ་ཧྲོའེ་ཡིས། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བ་ནི་ཏང་ཡོན་རེ་རེས་ཚེ་གང་བོར་ལག་ལེན་དུ་བསྟར་དགོས་པའི་གྲོས་གཞི་གལ་ཆེན་ཡིན་ལ། རུལ་སུངས་འགོག་པའི་ཤུགས་ཚད་ཇེ་ཆེར་གཏོང་བའི་དགོས་ངེས་ཤིག་ཡིན། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་ཆབ་སྲིད་གོ་རྟོགས་ཀྱི་གལ་ཆེན་རང་བཞིན་ནན་གྱིས་བསྟན་པ་ནི། སྤྱོད་གཙང་རང་གཅུན་གྱི་རྩ་དོན་དང་མཐུན་པའི་སྒོ་ནས་གཏན་ཁེལ་བྱས་པའི་ཚད་གཞི་མཐོན་པོ་ཞིག་ཡིན་པས། ཏང་ཡོན་གྱིས་ཆབ་སྲིད་འཚོ་བའི་ཁྲོད་ཆབ་སྲིད་ཀྱི་གནད་དོན་ལ་ཇི་ལྟར་གོ་རྟོགས་སད་པ་དང་། ཆབ་སྲིད་ལ་དབྱེ་འབྱེད་ཇི་ལྟར་བྱེད་པར་ཕྱོགས་སྟོན་གནང་བ་རེད། ཆབ་སྲིད་ཀྱི་གོ་རྟོགས་ནན་གྱིས་བསྟན་པ་དེས། ང་ཚོ་ཏང་གིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་ཏང་ཡོན་ཡོངས་ལ་སྔར་ལས་གཟབ་ནན་གྱི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་གྱི་བླང་བྱ་བཏོན་པས། ཏང་ཡོན་རེ་རེས་ནང་སེམས་ཀྱི་བློ་སྦྱོང་ཇེ་དྲག་ཏུ་གཏོང་བ་མ་ཟད། ཕུགས་བསམ་འདུ་ཤེས་བརྟན་པོར་བཏང་ནས།  གུང་ཁྲན་ཏང་མིའི་བློ་སྦྱོང་ཀུན་སྤྱོད་ཀྱིས་དུས་རབས་ལ་ཁ་ལོ་བསྒྱུར་བའི་ཉམས་འགྱུར་དང་། རང་རྟོགས་སྒོས་རང་སྟེང་གི་གཏམ་སྤྱོད་མ་ལུས་ཚད་ལྡན་དུ་གཏོང་དགོས་པ་གསལ་བཤད་བྱས་འདུག།
  ཀློག་འགྲེལ་བདུན་པ། རིག་གནས་རང་རློམ།
  “རིག་གནས་རང་རློམ་ལ་བརྟེན་ནས་ཕུགས་བསམ་འདུ་ཤེས་བརྟན་པོར་གཏོང་དགོས། འགོ་ཁྲིད་ལས་བྱེད་པའི་ཐོག་མའི་ཆོད་སེམས་མི་བརྗེད་པ་དང་ཡང་དག་པའི་བགྲོད་ལམ་བརྟན་སྲུང་བྱས་ཏེ། རིག་གནས་རང་རློམ་ངེས་པར་བརྟན་པོར་གཏོང་དགོས། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་གསར་བརྗེ་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཀྱི་ནང་སྙིང་དང་ཉིང་བཅུད་མེད་ཚེ། དད་མོས་དང་འདུ་ཤེས་བརྟན་སྲུང་བྱེད་རྒྱུ་ཁག་པོ་ཡིན”
  ཏུའུ་ཀྲི་ཀྲོའུ་ཡིས། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་གསར་བརྗེ་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ནི་ཀྲུང་གོ་རིག་གནས་ཀྱི་གཞི་རྒྱུ་ལྟ་བུར་གྱུར་ཏེ། ཀྲུང་གོ་པའི་སེམས་གཏིང་དུ་ཟུག་ཡོད་ལ། ཀྲུང་གོ་པའི་བྱ་སྤྱོད་ལ་རིམ་བཞིན་ཤུགས་རྐྱེན་ཐེབས་བཞིན་ཡོད། ང་ཚོས་ངེས་པར་དུ་རང་ཉིད་ཀྱི་རིག་གནས་ལ་ཚད་མཐོན་པོས་རང་རློམ་བྱས་ཚེ། ད་གཟོད་གཡོ་བ་མེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་ཐུབ་པ་དང་། ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཐུབ།
  ཀློག་འགྲེལ་བརྒྱད་པ། “མིག་དཔེ”དང“ཚད་ཤིང”
  “ཏང་གི་མཐོ་རིམ་ལས་བྱེད་པས་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཡོང་བའི་མིག་དཔེ་སྟོན་པ་དང་། ནམ་ཡང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་རྩ་དོན་བརྩི་སྲུང་བྱེད་པ། ཡང་དག་པའི་བགྲོད་ལམ་བརྟན་སྲུང་དང་སྲོལ་བཟང་དར་སྤེལ་གཏོང་བ། རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་འཛིན་སྤོབས་པ་དང་དོ་དམ་བྱེད་སྤོབས་པ་བྱེད་དགོས”“རིམ་པ་སོ་སོའི་སྒྲིག་ཨུས་རང་གིས་རང་ལ་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོགས་སྒོས་ཏང་ནང་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། ཏང་གི་སེམས་བདེ་བ་དང་མི་དམངས་ཀྱིས་ཡིད་རྟོན་ཆོག་པའི་སྒྲིག་བཤེར་ལས་བྱེད་པའི་དཔུང་སྡེ་ཞིག་བཙུགས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་རང་གཅུན་ནན་མོ་ཡོང་བར་ཚད་ཤིང་ལྟ་བུའི་མིག་དཔེ་སྟོན་དགོས”
  ཀུའོ་ཡུན་གྱིས། རིམ་པ་སོ་སོའི་སྒྲིག་ཨུ་ངེས་པར་དུ་རང་གཅུན་ནན་མོ་ཡོང་བའི་སྔོན་སྐྱོད་པར་འགྱུར་བར་བྱས་ཏེ། རང་གིས་རང་ལ་ལྟ་སྐུལ་བྱེད་ཤུགས་དངོས་གནས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོགས་སྒོས་ཏང་ནང་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་ལས།“གློག་འོག་ཏུ་མུན་ནག་པའི”བྱ་སྤྱོད་ཅི་རིགས་གཏན་འགོག་བྱས་ནས། ནམ་ཡང་རང་གཅུན་ནན་མོ་ཡོང་བའི་དཔེ་སྟོན་པ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་བཤེར་ལས་བྱེད་པས་དུས་ནམ་ཡང་ལྷད་མེད་རྣམ་དག་གིས་འགན་དུ་ཁུར་ཕོད་པ་དེ་རང་སྟེང་འཛུགས་སྐྲུན་གྱི་དམིགས་འབེན་དུ་འཛིན་པ་དང་། ལྟ་སྐུལ་འགན་འཁྲིའི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ཏེ། ཏང་གི་སེམས་བདེ་བ་དང་མི་དམངས་ཀྱིས་ཡིད་རྟོན་ཆོག་པ་ཞིག་བྱེད་དགོས།
  ཀློག་འགྲེལ་དགུ་པ། ལྷོད་པ་མེད་པར་བྱེད་པ།
  “ཏང་ནང་གི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་ན། གཙོ་བོ་ཉིན་རྒྱུན་དང་ལྷོད་པ་མེད་པར་ལྟ་སྐུལ་བྱེད་དགོས།”
  ལིའུ་ཅིན་ཁྲེན་གྱིས། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་ནི་བསྒྲུབས་མ་ཐག་ནས་འགྲུབ་པ་ཞིག་མིན་པར། རྙོག་འཛིང་ལྡན་པའི་མ་ལག་བཟོ་འགོད་ཅིག་ཡིན་པས། ངེས་པར་བསམ་བློར་བརྟེན་ནས་ཏང་འཛུགས་པ་དང་ལམ་ལུགས་ལ་བརྟེན་ནས་ཏང་འཛུགས་པ་ཟུང་འབྲེལ་དམ་པོ་བྱས་ཏེ། ཡུན་རིང་བོར་འཛིན་པ་དང་རྒྱུན་དུ་འཛིན་པའི་སྟེང་ཤུགས་འདོན་དགོས། ཏང་ཡོན་ལས་བྱེད་པས་ཕུགས་བསམ་ཆེན་པོའི་འདུ་ཤེས་བཅངས་ནས་སྲོལ་བཟང་སྤྱོད་གཙང་གི་ཏང་ནང་གི་འཚོ་བའི་སྐྱེ་ཁམས་གསར་འཛུགས་དང་། རིག་གནས་རང་རློམ་བསྐྱར་དུ་བཞེངས་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱས་ཚེ་ད་གཟོད་ཡུན་རིང་བོར་ཕན་པ་འབྱུང་ངེས། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ་བསམ་བློའི་འདུ་ཤེས་དང་ཆབ་སྲིད་ཀྱི་རིག་གནས་དང་འདྲེས་པར་སྐུལ་སྤེལ་གཏོང་ན། ཞིབ་ཆའི་ཕྱོགས་ནས་མཉམ་འཇོག་ཡོང་བ་དང་། ཉིན་རྒྱུན་གྱི་བྱ་བ་རྩག་རྩིག་ཁྲོད་གནད་དོན་རྙེད་རྟོགས་དང་དུས་ཐོག་ཏུ་ཡོ་བསྲང་བྱས་ཚེ། ད་གཟོད་རིམ་བཞིན་སྒྲིག་ལམ་དང་སྒྲིག་སྲོལ་སེམས་སུ་འཇགས་པར་བྱེད་ཐུབ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716