སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་མུ་མཐུད་ནས་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་པ།
སྤེལ་དུས། 2017-03-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།
  ཟླ3པའི་ཚེས6ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་སྡོད་གནས་སུ་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ་མུ་མཐུད་དུ་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་གནང་ནས་སྲིད་གཞུང་གི་ལས་དོན་སྙན་ཞུ་ཕུལ་བར་གྲོས་ཞིབ་གནང་།
  བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་། མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཟུར་ཞུགས་གནང་ཡོད་འདུག
  ཝུའུ་དབྱིང་ཅེ་དང་། བྱམས་པ་ཕུན་ཚོགས། བློ་བཟང་རྒྱལ་མཚན། ཏིང་ཀྲུང་ལི། ཚེ་དབང་རིག་འཛིན་སོགས་འཐུས་མི་དང་། ཆེ་དགྲ་ལྷ་དང་། ཨ་བུ་སོགས་སུ་ཟུར་ཞུགས་གནང་པ་དང་། ཟུར་ཉན་མི་སྣས་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་འབྲེལ་ནས་གཏམ་བཤད་གང་ལེགས་གནང་པ་རེད། ལྷན་རྒྱས་ཡོངས་ནས་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་། བཅོས་བསྒྱུར་དང་གསར་གཏོད་བྱེད་པ་རྒྱུན་འཁྱོངས། གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བཅས་བྱས་ཐོག་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན། དུས་རབས་རང་བཞིན། མཛུབ་ཁྲིད་རང་བཞིན་མངོན་པར་ཐོན་ནས་མཛུབ་སྟོན་རང་བཞིན་དང་དམིགས་བསལ་རང་བཞིན། བཀོལ་སྤྱོད་རང་བཞིན་ཤུགས་དྲག་ལྡན་པ་མ་ཟད་དངོས་ཐོག་བདེན་འཚོལ་དང་། གསར་གཏོད་ཡར་བརྩོན། མི་སེམས་ཡར་སྐུལ། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་སྙན་ཞུ་ཞིག་ཡིན་པས་ང་ཚོ་རྦད་དེ་མོས་མཐུན་ཡོད་ཅེས་དང་། 2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཚུགས་པའི་ལོ་ཡིན་ལ། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་བ་དང་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་གི་ལས་འགན་ཕྲག་ཏུ་ལྕི་བར་འཕྲད་དུས། བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད་པ་དང་། དཔལ་འབྱོར་འཁོར་སྐྱོད་བརྟན་པོའི་ཁྲོད་ཇེ་བརྟན་དུ་འགྲོ་བ་དང་། བརྟན་ཐོག་འཕེལ་རྒྱས་ལེགས་པོ་འབྱུང་པ། ལས་ཞུགས་འཕར་སྣོན་སྔོན་དཔག་ལས་བརྒལ་བ། བཅོས་བསྒྱུར་སྒོ་འབྱེད་སྔར་བས་གཏིང་ཟབ་སྤེལ་བ། དཔལ་འབྱོར་གྲུབ་ཚུལ་སྙོམས་སྒྲིག་ཇེ་མགྱོགས་སུ་གྱུར་བ།  འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་བས་ཆེ་རུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོཪ་ནུས་པ་བསྟུད་མར་མཐོ་རུ་འཕར་བ། མི་དམངས་ཀྱི་འཚོ་བ་མུ་མཐུད་ཇེ་ལེགས་སུ་གྱུར་ནས“ལོ་ལྔ་ཚན་བཅུ་གསུམ་པའི་”འགོ་ཡག་པོ་ཞིག་རྩོམ་ཐུབ་པར་གྱུར་ཡོད་ཅིང་། གྲུབ་འབྲས་དེ་འདྲ་འབྱུང་རྒྱུ་ནི་ལས་སླ་མོ་ཞིག་མིན་ལ། བགྲོད་ལམ་ཡང་ཧ་ཅང་རྒྱུན་ལྡན་མིན་ཏེ་འདི་ནི་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བླ་མེད་དབུ་ཁྲིད་གནང་བའི་འབྲས་བུ་ཡིན་པ་དང་། བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་རྒྱལ་སྐྱོང་སྲིད་གཉེར་ནུས་པ་ཕུལ་དུ་བྱུང་བ་དང་། ཁྱད་དུ་འཕགས་པའི་སྲིད་འཛིན་ཆུ་ཚད་དང་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྡན་པ་མཚོན་ཡོད་ལ། དེ་བས་ཀྱང་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་ཡིད་ཆེས་དང་། རིགས་པའི་གཞུང་ལུགས་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས། རིག་གནས་ལ་ཡིད་ཆེས་བརྟན་པོ་གནང་དགོས་པ་མཚོན་ཡོད་པར་བསྟན།
  ལྷན་རྒྱས་ཡོངས་ནས་སྲིད་གཞུང་གི་ལས་དོན་སྙན་ཞུ་འགོ་རྩོམ་དུས།“ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ལྟེ་བའི་གོ་གནས་ཁ་གསལ་བཏང་ཡོད་པ་དེས་ཏང་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་ཡོད་ཅིང་། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་། ཡུན་རིང་བདེ་འགོད་ལ་ཁག་ཐེག་བྱེད་པར་དོན་སྙིང་གཏིང་ཟབ་ལྡན་པ་རེད”ཅེས་བསྟན་ཡོད། བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་འཐུས་མི་རྣམ་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་གྱིས་དེའི་ཐད་ཁྱོན་ནས་མོས་མཐུན་ཡོད་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་ངེས་ཡིན། ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐུན་སྒྲིལ་སྒོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམ་སྣེ་ཁྲིད་དེ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཏང་གི་བོད་སྐྱོང་ཇུས་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་མཐིལ་ཕྱིན་དང་།“ ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་དང“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཡོད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་སྐུལ་སྤེལ་གནང་པ། བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་གནང་པ། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་སྤེལ་རེས་། མཉམ་འདྲེས་གནང་ཐོག་བཅོས་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ནས་མི་རྣམས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་རེད། ང་ཚོས་ཏང་གི་བཀའ་དྲིན་ཚོར་དགོས་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ཏེ་དུས་དང་རྣམ་པ་ཀུན་ཏུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་དགོས་པ་དང་། བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན།
  ལྷན་རྒྱས་ཡོངས་ནས། སྲིད་གཞུང་གི་ལས་དོན་སྙན་ཞུར་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དང་། སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་པ་དང་། ཏང་གི་སྲོག་ཤིང་དང་གཅིག་གྱུར་ཡོང་པ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལ་གཅིག་གྱུར་ཡོང་པ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་གཅིག་གྱུར་ཡོང་སྟེ། ནུས་ཤུགས་ཆེན་པོས་བོད་ལྗོངས་ཀྱི་ལས་དོན་དང་སྲིད་གཞུང་གི་ལས་དོན་སྙན་ཞུའི་མཐུན་གནས་ཡང་དག་འཚོལ་བ། ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཆུད་དགོས་པ། སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་གཏོང་དགོས་པ། ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱེད་པ་དང་། བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་བྱ་དགོས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། བཞི་བ། ལྔ་བ། དྲུག་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཛད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་དང་། ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་ཐོག མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐོག་མའི་དམིགས་ས་དང་དོན་ལ་དབབ་སར་བརྩིས་ནས་མི་དམངས་མང་ཚོགས་ཀྱིས་སྤྱི་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་འབུར་ཐོན་དག་ནུས་ཤུགས་ཆེན་པོས་ཐག་གཅོད་བྱེད་པ། མ་དངུལ་དང་རྣམ་གྲངས་དེ་ལས་མང་པོ་ཞིང་འབྲོག་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཁ་ཕྱོགས་རྒྱུ་དང་། གནད་སྨིན་དབུལ་སྐྱོར་དང་གནད་འཁེལ་དབུལ་སྒྲོལ་གཏིང་ཟབ་སྤེལ་བ། ནུས་ཤུགས་ཡོད་རྒུས་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཚོར་བ་སྔར་བས་ཇེ་མཐོར་གཏོང་རྒྱུ།  བརྟན་ཐོག་མདུན་སྐྱོད་དང་མདུན་སྐྱོད་ཐོག་ཇེ་ལེགས་ཡོང་པ། མི་འདང་སར་ཁ་གསབ་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྲ་བརྟན་དང་ལག་བསྟར་དོན་འཁྱོལ་ཡོང་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་འཚམ་པ་དང་ཐུན་མིན་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་ཐོག་ནང་ངོས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་པ་དང་། གཞི་ཁྱོན་འཚམ་པའི་གཉེར་སྐྱོང་འཕེལ་རྒྱས་གཏོང་པ། ཕན་ནུས་ལྡན་པའི་མཁོ་སྤྲོད་འཕར་སྣོན་བྱེད་པ། འཕེལ་རྒྱས་སྤུས་ཚད་གོང་འཕེལ་གཏོང་པ། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་སྤེལ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོར་སྦྲེལ་རྒྱུ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གསོན་ཤུགས་འཕེལ་བར་བྱེད་དགོས་པ།  མཐོ་རིམ་སློབ་ཆེན་གྱི་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ། མང་ཚོགས་ཡོངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད་ལ་སྐུལ་འདེད་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཧུར་ཐག་སྒོས་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་ཏེ་མང་ཚོགས་རྣམས་ཀྱིས“སྣོད་བཅུད་ལ་བརྟེན་ནས་འཚོ་བ་རོལ་ཏེ”ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན།
  དེ་ལས་གཞན་ལྷན་རྒྱས་ཡོངས་ནས་སློབ་གསོ་སྨན་བཅོས་དང་བགྲོད་ལམ་འཛུགས་སྐྲུན། གད་སྙིགས་གཙང་སེལ་སོགས་ཐད་གཏམ་བཤད་གནང་པ་དང་དགོངས་འཆར་བཏོན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716