སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ་བ།
སྤེལ་དུས། 2017-03-14   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  བསོད་དབང་གིས་བསྒྱུར།
ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཕེབས་པ་དང་། ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

          ཟླ་3ཚེས་13ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིང་དུ་གྲོལ་ཞིང་། འདི་ནི་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་གནས་ཚུལ་ཡིན་པ།

          ཟླ་3ཚེས་13ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་མཇུག་འགྲིལ་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བའི་གནས་ཚུལ་ཡིན་པ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ནས་ཚེས་13ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་། ཁོངས་ཞུགས་ཚན་པ་ཁག སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། གསར་འབྱེད་ཡར་བརྩོན་དང་འབད་འབུངས་ཧུར་ལེན་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང་། “ལོ་བརྒྱ་གཉིས”ཀྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་། ཧན་ཆི་ཏེ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ལིན་ཝུན་དབྱི། ལུའོ་ཕུའུ་ཧོ། ཧོ་ཧོའུ་ཧྭ། ཀྲང་ཆིང་ལི། ལི་ཧའེ་ཕུང་། ཁྲེན་ཡོན། ལུའུ་ཀྲེན་ཀུང་། ཀྲོའུ་ཞའོ་ཁྲོན། ཝང་ཅ་རུའེ། ཝང་ཀྲེང་ཝུའེ། མ་པེའོ། ཆི་ཤུས་ཁྲུན། ཁྲེན་ཞའོ་ཀོང་། མ་ཕེ་ཧྭ། ལིའུ་ཞའོ་ཕུང་། ཝང་ཆིན་མའེ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
          ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
          སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས་པ་རེད། ཡུས་ཀྲེང་ཧྲེང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པར་ཕེབས་དགོས་པའི་ཨུ་ཡོན་2203ཡིན་པ་དང་། དེ་རིང་དངོས་སུ་ཨུ་ཡོན་2101ཕེབས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་ཅེས་ཁྱབ་བསྒྲགས་གནང་བ་རེད།
          ཚོགས་འདུའི་ཐོག་ཨུ་ཡོན་ཚོས་བརྡས་ཐག་གཅོད་ཆས་སྤྱོད་པའི་བྱ་ཐབས་ཀྱི་ཐོག་ནས་ལེའང་ཀྲེང་དབྱིང་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་གཞོན་པར་གསབ་འདེམས་གནང་བ་རེད། དེ་རྗེས་ཡུས་ཀྲེང་ཧྲེང་གིས་ལེའང་ཀྲེང་དབྱིང་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་རྒྱུའི་གདན་དྲངས་པ་རེད།
          ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་ཆོད་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞིའི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་སྙན་སྒྲོན། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་ཞིབ་གནང་བ་རེད།
          ཡུས་ཀྲེང་ཧྲེང་གིས་གསུང་བཤད་གནང་སྐབས། ཚོགས་འདུའི་རིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་སོགས་དང་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཕེབས་ནས་ལས་རིགས་ཁག་གི་ཚོགས་ཆུང་དུ་ཕེབས་ཏེ་བསམ་འཆར་གསན་པ་དང་། ཨུ་ཡོན་ཚོ་དང་སྤེལ་རེས་གནང་སྟེ་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ནུས་ལྡན་བྱ་ཐབས་ལ་ལྷན་དུ་ཇུས་འགོད་གནང་ཡོད། དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་མངོན་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་ལ་སྙིང་དབུས་ནས་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར་སྐུལ་ལྕག་ཆེན་པོ་ཐེབས་པ།
          ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ལྡན་ཡོད། ཨུ་ཡོན་ཚོས་འདི་ལོའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དམངས་གཙོ་ཡར་སྐུལ་ཚོགས་པ་དང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་། དགུ་གསུམ་སློབ་ཚོགས་བཅས་ཀྱི་ཨུ་ཡོན་གྱི་མཉམ་འབྲེལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སོགས་ཀྱི་ཡིག་ཆ་གལ་ཆེན་ལ་གྲོས་བསྡུར་གཏིང་ཟབ་བྱས་ནས་གྲོས་མོལ་སྲིད་མོལ་ཏན་ཏིག་དང་ཐབས་དང་ཇུས་ཧུར་ཐག་བཏོན་པའི་ཁར་བསམ་འཆར་དང་གྲོས་འགོ་གལ་ཆེན་ཡང་བཏོན་ཡོད། ཚོགས་འདུ་ཐུགས་གྲ་ལེགས་འགྲིག་ངང་གྲོལ་བ་དང་དེ་ནི་དམངས་གཙོ་དར་སྤེལ་དང་མཉམ་དུ་རྒྱལ་དོན་གྲོས་མོལ་བྱེད་པའི་ཚོགས་ཆེན་ཞིག་དང་། ངོས་འཛིན་གཅིག་སྒྲིལ་དང་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཚོགས་ཆེན་ཞིག བློ་སྟོབས་ཆེར་སྐྱེད་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་ཚོགས་ཆེན་ཞིག་རེད་ཅེས་གསུངས་པ་རེད།
          ཡུས་ཀྲེང་ཧྲེང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་རླབས་ཆེའི་བྱ་གཞག་དང་། རླབས་ཆེའི་འདུ་འགོད། རླབས་ཆེའི་འཐབ་རྩོད་བཅས་ལ་སྐུལ་འདེད་བཏང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཡོད། འདི་ལོ་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། རླབས་ཆེན་དུས་རབས་སུ་གནས་པ་དང་རླབས་ཆེའི་བྱ་གཞག་ནང་ཞུགས་སྐབས་མི་དམངས་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར་ལས་འགན་ཧ་ཅང་ལྕི་བ་དང་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཡོད། དེར་བརྟེན་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དེ་བས་རང་རྟོགས་ངང་མཐའ་འཁྱོངས་བྱེད་པ། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་བཅས་བྱས་ནས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དེ་བས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས། སེམས་ནུས་གཅིག་སྒྲིལ་ནུས་ལྡན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞིའི་བརྟན་དུ་གཏོང་བའི་སྲོག་མདའ་ལྟ་བུ་ཞིག་ཏུ་བརྩིས་ཏེ་སེམས་མཐུན་འཁོར་རྒྱ་ཆེ་རུ་གཏོང་བ་དང་། ལྟེ་བར་ཕྱོགས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་པ། ལམ་རོགས་གཅིག་པ་གང་མང་འདུས་པ་བཅས་བྱས་ཏེ་དྲང་ནུས་རྒྱ་ཁྱབ་ཆགས་པ་བྱེད་དགོས། འགན་འཁྲི་གཙང་སྒྲུབ་ཧུར་ཐག་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དམ་པོར་དམིགས་ནས་ཐབས་དང་ནུས་ཤུགས་འདོན་པ་དང་། ཟོལ་མེད་གྲོས་མོལ་དང་། དོན་གཉེར་ལྟ་སྐུལ། སྲིད་མོལ་གཏིང་ཟབ་བྱེད་པ། བདེན་གཏམ་མང་ཙམ་གླེང་བ་དང་ཐབས་ཇུས་བཟང་པོ་མང་ཙམ་འདོན་པ་བཅས་བྱས་ནས་ཀྲུང་གུང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་སྐྲུན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རང་གཅུན་ནན་པོ་ཡོང་བ་བྱས་ནས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཁྲིམས་སྲུང་སྒྲིག་བཀུར་དང་། རྒྱས་སྤྲོས་གཏན་འགོག་དང་གྲོན་ཆུང་གོང་བཀུར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དཔེ་སྟོན་ངང་ལག་ལེན་བསྟར་བ། སྔ་བར་ཕྱི་གསུམ་དུ་རྒྱལ་དོན་སེམས་ལ་བཞག་པ་དང་དམངས་འཚོར་བརྩེ་སེམས་འཆང་བ། ཀུན་སྤྱོད་ལ་བརྟེན་ནས་མི་སེམས་ཐོབ་པ་བཅས་བྱས་ནས་ཚུགས་ནུས་ལྡན་པ་དང་། བརྩེ་སེམས་ལྡན་པ། འགན་འཁྲི་འཁུར་ཐུབ་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
          ཡུས་ཀྲེང་ཧྲེང་གིས་འདི་ལོ་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ལོ་མཇུག་ཤོས་རེད། སྐབས་གཅིག་གི་སྲིད་གྲོས་ཨུ་ཡོན་བྱས་ཚེ་ཚེ་གང་སྲིད་གྲོས་ལ་བརྩེ་སེམས་ཟབ་མོ་འཆང་ངེས་ཡིན། ང་ཚོས་རྩ་ཆེའི་དུས་ཚོད་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་ཨུ་ཡོན་གྱི་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་སྙིང་རུས་ལྷོད་མེད་དང་། འབད་འབུངས་ཡར་བརྩོན། ཐོག་མའི་བསམ་འདུན་མི་བརྗེད་པ། མགོ་ཡོད་མཇུག་ཡོད་བྱེད་པ། འགན་འཁྲི་གཙང་སྒྲུབ་བྱེད་པ། ལྷོད་གཡེང་མི་གཏོང་བ་དང་མཚམས་མི་འཇོག་པ་བཅས་བྱས་ནས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོའི་ཁྲོད་དང་མི་དམངས་སྲིད་གྲོས་ཀྱི་གར་སྟེགས་ཐོག་མི་ཚེའི་འབད་འཐབ་ཀྱི་གནས་ཚད་གཏན་འཁེལ་བྱེད་པ་དང་གསོན་ཉམས་ལྡན་པའི་སྲིད་གྲོས་ཀྱི་གཏམ་རྒྱུད་བཞག་སྟེ་བྱས་རྗེས་གསར་པར་བརྟེན་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་གཟི་བརྗིད་སྣོན་དགོས་ཞེས་མཛུབ་སྟོན་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716