སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་ཚོགས་འདུ་ཐེངས་ལྔ་པ་མཇུག་སྒྲིལ་གྲབས་ཡོད་པ།
སྤེལ་དུས། 2017-03-15   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ་གྱིས་བསྒྱུར།
  ཟླ་3པའི་ཚེས15ཉིན་གྱི་ཞོགས་པར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་མཇུག་སྒྲིལ་གྲབས་ཡོད་པ་རེད། ཚོགས་ཐོག་ཏུ་སྲིད་གཞུང་གི་འབྲེལ་ཡོད་ལས་དོན་སྙན་ཞུ་དང་། 2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་འབྲེལ་ཡོད་ལག་བསྟར་གནས་ཚུལ། 2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་འབྲེལ་ཡོད་སྔོན་རྩིས་ལག་བསྟར་གནས་ཚུལ། 2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་འབྲེལ་ཡོད་སྔོན་རྩིས། རྒྱལ་ཡོངས་དམངས་ཆེན་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་སྙན་ཞུ། མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་ལས་དོན་སྙན་ཞུ། ཆེས་མཐོའི་མི་དམངས་རྟོག་དཔྱོད་ཁང་ལས་དོན་སྙན་ཞུའི་འབྲེལ་ཡོད་གྲོས་ཆོད་དྲུག་སོགས་ལ་བརྡས་ཐག་གཅོད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་ཁྲིམས་སྤྱིའི་རྩ་དོན་གྱི་འཆར་ཟིན་སོགས་ལའང་བརྡས་ཐག་གཅོད་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716