སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་ཧུར་ཐག་སྤེལ་བ།
སྤེལ་དུས། 2017-03-20   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
  འོད་ཟེར་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་དུ། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ནས་ཤེས་རྟོགས་བྱུང་གསལ། བོད་ལྗོངས་ཀྱིས་འདི་ལོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་ལྡན་པའི་རྒྱུན་འཛིན་པ་10མྱུར་སྐྱོབ་ཐོ་འགོད་ལས་དོན་སྤེལ་འགོ་བཙུགས་ནས། མི་རབས་ཕྱི་མ་རྣམས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དེར་ཞིབ་འཇུག་བྱེད་པའི་ཐད་རིན་ཐང་བྲལ་བའི་དཔྱད་གཞི་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
  བོད་ལྗོངས་ནི་མི་རིགས་དམངས་ཁྲོད་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལྗོངས་ཆེན་པོ་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔའི་བར་དུ། བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་89དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་ལྡན་པའི་རྒྱུན་འཛིན་པ་68ཡོད་ཀྱང་། ཉེ་བའི་ལོ་ཤས་རིང་། དེ་དག་ཁྲོད་ཀྱི་རྒྱུན་འཛིན་པ་བཅུ་ལྷག་ཙམ་གཅིག་རྗེས་གཉིས་མཐུད་དུ་གྲོངས་ཡོད། ད་ལྟ་འཚོ་ཞིང་བཞུགས་པའི་རྒྱུན་འཛིན་པ་ཁ་ཤས་ཀྱང་དགུང་ལོ་ཆེན་པོར་སླེབས་པས་རྒྱུན་འཛིན་ནུས་པ་རིམ་བཞིན་ཞན་དུ་འགྲོ་བཞིན་ཡོད། དེར་བརྟེན་མངོན་མིན་རིག་གནས་ཤུལ་བཞག་གི་ན་རྒས་རྒྱུན་འཛིན་པ་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་སྤེལ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད་པ་རེད།
  “མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་འགག་རྩ་ནི་རྒྱུན་འཛིན་པར་ཐུག་ཡོད”བོད་ལྗོངས་ཀྱིས་2015ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་ལྡན་པའི་རྒྱུན་འཛིན་པ་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་སྤེལ་ནས། ཁག་དང་པོའི་རྒྱུན་འཛིན་པ་བཅུ་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་ལེགས་སྒྲུབ་བྱས་ཤིང་། འདི་ལོ་ཞབས་བྲོ་དང་། སྤོས། གནམ་རིག་སྐར་རྩིས། བོད་སྨན་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་ལྡན་པའི་རྒྱུན་འཛིན་པ་10མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་ལས་དོན་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ངག་དབང་བསྟན་འཛིན་གྱིས་ངོ་སྤྲོད་བྱས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716