སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱིས་ནུས་ཤུགས་ཡོད་རྒུས་ལེགས་ལྡན་ཐོན་ལས་ཆེ་གྲས་བཅུ་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་བ།
སྤེལ་དུས། 2017-03-24   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  བདེ་སྐྱིད་ཀྱིས་བསྒྱུར།
          དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པས་བོད་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ལྷན་གྱིས་ཉེ་དུས་པེ་ཅིང་དུ་འཚོགས་པའི་ལེགས་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་བློ་འདྲིའི་རིགས་པས་ཁུངས་སྐྱེལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་བརྒྱ་ཙམ་བཏང་ནས་བོད་རང་སྐྱོང་ལྗོངས་ཀྱི་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཁྲིད་སྟོན་ཐེབས་རྩ་དང་། ཉེན་ཁའི་མ་འཇོག་ཐེབས་རྩ། མ་རྩ་བསྡུ་སྒྲིལ་གྱི་ཁག་ཐེག་ཐེབས་རྩ་སོགས་འཛུགས་རྒྱུར་སྐུལ་མ་བཏང་ནས་ཡུལ་སྐོར་ལས་རིགས་དང་། དྭངས་གཙང་ནུས་རྒྱུའི་ལས་རིགས། རང་བྱུང་འཐུང་ཆུའི་ལས་རིགས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། ཁྱད་ལྡན་རིག་གནས་ཐོན་ལས་སོགས་ལྗང་མདོག་ལེགས་ལྡན་ཐོན་ལས་ཆེ་གྲས་བཅུ་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་གཏོང་རྒྱུ་རེད།
          བོད་ཀྱིས“ཐོན་ལས་དང་པོ་ཆུ་ཚད་ཐོག་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་དེ་བས་སྣང་ཆེན་གྱིས་ཀྲུང་དབྱང་གི་བླང་བྱ་དང་འཚམས་པ་དང་བོད་ཀྱི་དོན་དངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་རིམ་བཞིན་ཆགས་པ་བྱས་ཡོད་མོད། འོན་ཀྱང་མིག་སྔར་བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ད་དུང་འགོ་བཙུགས་མ་ཐག་པའི་དུས་མཚམས་སུ་གནས་ཡོད་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འཁེལ་བྱུང་བའི་དམིགས་ཚད་ལེགས་བསྒྲུབ་དང་2017ལོའི་དམིགས་ཚད་ཁག་ལེགས་བསྒྲུབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་ངེས་པར་དུ་འཕེལ་རྒྱས་ཀྱི་ལེགས་ལྡན་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ་གཞི་རྩའི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་དང་། ལས་ཞུགས་ལ་ཁྲིད་སྟོན། ཡོང་འབབ་མཐོར་གཏོང་། ཁྲལ་འབབ་མཐོར་གཏོང་། དཔེ་སྟོན་ཆགས་པ་བཅས་བྱས་ཐོག་རྩ་སྲ་རྨང་བརྟན་དང་དམངས་ཕྱུག་བོད་དར་ཡོང་བ་བྱ་རྒྱུ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ཀྱི་དཔལ་འབྱོར་ལོ་24རྒྱུན་མཐུད་ངང་གྲངས་གནས་གཉིས་འཕར་ཡོད་མོད། འོན་ཀྱང་རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་ཟམ་མི་ཆད་པར་སེལ་ཟིན་པ་དང་མ་འཇོག་གི་མཐའ་ཁྱད་ནུས་འབྲས་ཆེ་ཆུང་དུ་འགྲོ་བས་དཔལ་འབྱོར་འཕེལ་རྒྱས་དེ་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རྒྱུར་བསྒྱུར་རྒྱུའི་ཐད་སྐུལ་མ་གཏོང་དགོས་ངེས་ཡིན་པའི་ངོས་འཛིན་གནང་ཡོད།
          ཆེ་དགྲ་ལྷས“ཆེས་གཞི་རྩ་ནི་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེར་གཏོང་བ་དང་ཡག་པོ་གཉེར་བ་དང་ཆབས་ཅིག་ཐོན་ལས་ནི་ལས་ཞུགས་བྱེད་མང་ཤོས་ཤིག་དང་། དབུལ་སྒྲོལ་འབབ་འཕར་གྱི་ཆེས་གཞི་རྩའི་ཐབས་ལམ་ཞིག མི་སེམས་གཅིག་ཏུ་བསྡུ་བའི་ཆེས་ལྟེ་བའི་དམ་འཛིན་བྱ་གཞི་ཞིག་བཅས་རེད། དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པའི་ཕྱོགས་སུ་སྐྱོད་པའི་རྒྱབ་ལྗོངས་འོག་བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་གཏོང་རྒྱུ་དེ་དུས་ཚོད་གང་རུང་ཞིག་ལས་ཀྱང་ཁ་ཚ་དགོས་གཏུག་ཆེ་ཞིག་ཡོད། བོད་ཀྱི་སྣོད་བཅུད་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་པས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྣོད་བཅུད་སྲུང་ཡོལ་བསྐྲུན་རྒྱུར་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱེད་ཀྱི་ཡོད་པས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དང་། མཐའ་ཚད། གློག་ཆེན་བཅས་དུས་དང་རྣམ་པ་ཀུན་ཏུ་མཐའ་འཁྱོངས་བྱ་རྒྱུ་རེད”ཅེས་གསུངས་པ་རེད། དེས་ན་བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་ནི་ཡུལ་སྐོར་རིག་གནས་དང་། དྭངས་གཙང་ནུས་རྒྱུ། རང་བྱུང་འཐུང་ཆུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་དང་། གསོ་ཚགས། ལས་སྣོན་བཅས་ཚུད་པའི་ས་གཙང་བདེ་ཐང་ཐོན་ལས་བཅས་ཡིན་པ་རེད། བོད་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར་ཚང་མ་ལད་ཟློས་ཆོག་པའི་དཔྱད་གཞི་མེད་པས་ངེས་པར་དུ་ས་བབ་མཐོ་ཚད་སྨི་3000ཡན་གྱི་ས་མཐོའི་ཁྱད་ལྡན་ལ་གཞིས་ཚུགས་ནས་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱ་ཤུགས་ཆེ་རུ་གཏོང་བ་མ་ཟད། བསམ་བློ་རྙིང་པ་མེད་པ་བཟོ་ཕོད་པ་དང་ལམ་གསར་པ་བཙལ་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས།
          ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་བྱེད་མགྱོགས་སུ་བཏང་ནས་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་གཏོད་ཆེད། བོད་ཀྱིས་རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་བཙུགས་ཟིན་པས་རང་སྐྱོང་ལྗོངས་སྲིད་གཞུང་གི་རིམ་ངོས་ནས་བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ཁག་བཀོད་སྒྲིག་བྱས་ཏེ་ནུས་པ་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་རྒྱུ་དང་ཐོན་ལས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་མ་མགྱོགས་མྱུར་གཏོང་བ་དང་གཞུང་ཁོངས་སྣེ་འདྲེན་ཁེ་ལས་འཛུགས་རྒྱུར་སྐུལ་མ་བཏང་ནས་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལས་སྟེགས་གཏོད་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716