སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འདུ་ཤེས་བཞིར་ཤུགས་སྣོན་པ་དེ་བོད་རང་སྐྱོང་ལྗོངས་ཏང་ཡོན་ལས་བྱེད་པས་ལག་ལེན་རྣམ་དག་ཡོང་དགོས་ཞེས་བསྟན།
སྤེལ་དུས། 2017-03-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན།
  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་པེ་ཅིང་དུ་《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་། ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་གནང་པ།
  ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་སྤེལ་དོན།2016ལོའི་ཟླ1པོའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་བསྡུས་ནས“ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ལ་ཤུགས་སྣོན”ཞེས་པ་དེ་ཐོག་མར་ཡོངས་ཁྱབ་ཏུ་བཏོན་པ་ཡིན་ལ།“འདུ་ཤེས་བཞི”བཏོན་པ་དེས་ཀྲུང་གོའི་རྒྱལ་སྐྱོང་སྲིད་གཉེར་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབང་གྲགས་དང་འགན་འཁུར་སྔར་བས་ཆེན་པོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་བགྲོད་ལམ་དུ་བསྐྱོད་པ་མཚོན་ཡོད།
  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་པེ་ཅིང་དུ་《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་། ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཐེངས་མང་པོར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། དུས་མཚུངས་སུ་ཏང་སྲིད་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད་ལ།“ཕྱོགས་གཅིག་ནས་གུང་ཁྲན་ཏང་གི་ལོ་རྒྱུས་ལས་འགན་ཁ་གསལ་བཏོན་ཡོད་ལ། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ཡིན་ཞིང་།མ་ཟད་རླབས་ཆེན་བྱ་གཞག་འདི་འཛུགས་སྐྱོང་ལེགས་པོ་དང་། རླབས་ཆེན་གྱི་ལས་འགན་འདི་ལེགས་འགྲུབ་བྱ་དགོས་ཚེ། ངེས་པར་དུ་ཏང་ལེགས་སྐྱོང་བྱ་དགོས་ལ། ངེས་པར་དུ་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་བཀོད་ཡོད་དགོས ”ཞེས་བསྟན་བྱུང་།
  བོད་ལྗོངས་ནི་རང་རྒྱལ་མངའ་ཁོངས་ནས་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ཞིང་། དེ་ཉིད་ནུབ་ཕྱོགས་མཐའ་མཚམས་སུ་ཆགས་ཡོད་པས་ན་རང་རྒྱལ་གྱི་ལྷོ་ནུབ་ཕྱོགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན་ཏེ། འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། ཆེ་དགྲ་ལྷས“འདུ་ཤེས་ཆེན་པོ་བཞི་ལས་ཐོག་མར་བརྗོད་པ་ནི་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་རེད་དེ། བོད་རང་སྐྱོང་ལྗོངས་ལ་མཚོན་ནས་བཤད་ན། བོད་ལྗོངས་ཀྱི་འཕེལ་རྒྱས་དང་བཅོས་བསྒྱུར། བརྟན་བརླིང་ཚང་མ་ནི་རྒྱལ་ཁབ་ཀྱི་ངོས་ཐད་ནས་འཆད་པ་ཡིན་ལ། དེ་ནི་ཁྱོན་ཡོངས་ཀྱི་རང་བཞིན་ལྡན་པ་ཞིག་རེད། བོད་ལྗོངས་སུ་ཏང་ཡོན་གྱི་དཔུང་ཁག་སྣེ་ཁྲིད་ཡག་པོ་བྱ་རྒྱུ་དང་འགོ་ཁྲིད་དཔུང་སྡེ་སྣེ་ཁྲིད་ཡག་པོ་བྱ་རྒྱུ་དེ་ནི་ཕལ་ཆེར་ནང་སའི་ཞིང་ཆེན་གཞན་དག་ལས་གལ་འགངས་ཆེ་ཞིང་གནད་དུ་ཐོན་པ་ཞིག་རེད”ཅེས་གསུངས་བྱུང་། དེ་བས། ཆེ་དགྲ་ལྷས་བོད་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པ་ཚོས་རང་གི་སྤྱི་ལེ་གྲུ་བཞི་མ་ཁྲི་120རྐྱང་བ་ཙམ་གྱི་འདོད་མོས་ཁེངས་བར་ཡིད་ཚིམ་པའི་ངོས་ཐད་ནས་བསམ་གཞིགས་མི་གཏོང་པར། བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་ཁྱོན་ཡོངས་དང་སྤྱི་ཧྲིལ་བོར་ཚུད་རྒྱུའི་ངོས་ཐད་ནས་བསམ་གཞིགས་གཏོང་རྒྱུ་དང་། ལས་དོན་ཇུས་འགོད་གནང་པ།དོན་ཐོག་ཏུ་དབབ་ཐུབ་དགོས་ཞེས་བླང་བྱ་བཏོན།“ལྟེ་བའི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་ཐད། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ནི་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པ་དང་ཏང་ཀྲུང་དབྱང་གི་སྲོག་ཤིང་ཡིན་པ་གཏན་འཁེལ་གནང་ཡོད་ཅིང་།བོད་ལྗོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཏང་གི་སྲོག་ཤིང་གནང་བར་ཚད་མཐོའི་གུས་བརྩི་དང་ཚད་མཐོའི་རྗེས་སུ་འབྲངས་བཞིན་ཡོད་པ་རེད”ཆེ་དགྲ་ལྷས། དོན་དངོས་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གོང་ལ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུའུ་ཞི་མའོ་ཙེ་ཏུང་ལ་གོང་བཀུར་གནང་བ་དང་། དུས་རབས་རིམ་བྱུང་གི་ཀྲུང་དབྱང་འགོ་ཁྲིད་རྣམས་ལ་བརྩི་མཐོང་གནང་བ་ནང་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལ་གོང་བཀུར་གནང་གི་ཡོད་པ་རེད།“མི་ཚང་ཕལ་བའི་ཁྱིམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྐུ་པར་དང་། འགོ་ཁྲིད་པ་མི་རབས་ཁ་ཤས་ཀྱི་སྐུ་པར་བཀལ་ཡོད་ལ། ཁོང་ཚོའི་ཁྱིམ་དུ་དོན་འདི་འདྲ་ཞིག་མཐོང་དུས་སུ་ལྷན་རྒྱས་ཀྱི་སེམས་གཏིང་སུ་ཁོང་རྣམས་ལ་གོང་བཀུར་ཡོད་པ་དང་། མི་སེར་རྣམས་ཀྱིས་ནི་སེམས་བསམ་པའི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ནི་རླབས་ཆེན་ཞིག་རེད་བསམ་ཡོད་པ་རེད”འདྲ་པར་གཅིག་ལས་ལོ་ངོ་དུ་མའི་རིང་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་ཐུགས་ཁུར་རྒྱབ་སྐྱོར་དང་བོད་རིགས་མི་དམངས་ཚོའི་སྙིང་དབུས་ཀྱི་དྲོ་སྐྱིད་དང་དྲིན་གཟོ་ཡོངས་རྫོགས་མངོན་པར་མཚོན་ཡོད་ལ། ཏང་དང་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་དང་རླབས་ཆེན་མངོན་ཡོད་པ། མི་རིགས་ཁག་གི་བུ་ཕྲུག་རྣམས་ཀྱིས་དུས་རབས་འདི་འདྲ་ཞིག་གི་ནང་དུ་འཚོ་བ་རོལ་བཞིན་པའི་བདེ་སྐྱིད་དང་མཛེས་སྡུག་མངོན་ཡོད་པ་རེད་ཅེས་བསྟན་བྱུང་།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་དགོས་པའི”འཐབ་ཇུས་དགོངས་པ་ཁ་གསལ་བཏོན་ཡོད་པ་དང་།“ཁྲིམས་ལྟར་བོད་སྐྱོང་བ་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་གི”བོད་སྐྱོང་རྩ་དོན་ཁ་གསལ་བཏོན་ཡོད། འདི་ནི་ང་ཚོའི་ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱེད་པའི་རྨང་གཞིའི་ཐོག་གཏན་འབེབས་བྱས་པའི་བོད་སྐྱོང་ཇུས་གཞི་ཆེན་པོ་ཞིག་རེད། ཆེ་དགྲ་ལྷས། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དཔུང་སྡེའི་ཁོངས་མི་ཡིན་པའི་ཆ་ནས། ཇི་ལྟར་བྱས་ནས་མི་དམངས་མང་ཚོགས་ཀྱི་རེ་འདུན་དང་རེ་སྒུག་དོན་འཁྱོལ་ཡོང་པར་བྱ་རྒྱུ་ནི་ཏང་ཡོན་ལས་བྱེད་པའི་བྱེད་སྤྱོད་སྟེང་མངོན་ཡོད་ཅིང་། སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་ནི་དེ་བས་ཀྱང་གལ་ཆེ་བར་ལྷག་ཡོད་པ་རེད།“སྲོག་ཤིང་གི་འདུ་ཤེས་དང་གཅིག་གྱུར་གྱི་འདུ་ཤེས་ལ་ཐོག་མར་ངེས་པར་དུ་སློབ་སྦྱོང་བྱ་དགོས་ཤིང་། ཧུར་ཐག་སྒོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐེངས་རེ་རེའི་གསུང་བཤད་ཀྱི་དགོངས་དོན་དང་ལྷག་དོན་རྒྱལ་སྐྱོང་སྲིད་གཉེར་གྱི་བསམ་བློའི་གསར་པའི་སྐོར་། མཐའ་སྐྱོང་བོད་བརྟན་སྐོར་གྱི་བསམ་བློ་གསར་པ་དང་འདུ་ཤེས་གསར་པ། འཐབ་ཇུས་གསར་པར་སློབ་སྦྱོང་དཔྱིས་ཕྱིན་བྱེད་རྒྱུ་དང་། གོ་བ་མཐིལ་རྟོགས་ལོན་ནས་ལག་ལེན་ཁྲོད་ལག་བསྟར་བྱེད་དགོས”ཞེས་ནན་གྱིས་བསྟན་བྱུང་།
  ཆེ་དགྲ་ལྷས། ལས་བྱེད་པ་རེ་རེ་ལས་གནས་གང་ཞིག་ཏུ་ཡོད་རུང་། ཐོག་མར་ཐོབ་ཐང་འདུ་ཤེས་ནན་གྱིས་རྟོགས་དགོས་ཤིང་། རང་ཉིད་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཐོབ་ཐང་ལ་དྲན་སྐུལ་བྱེད་དགོས་པའི་དུས་མཚུངས་སུ་ངེས་པར་དུ་སྒྲིག་ཁྲིམས་དམ་པོ་དང་འགན་འཁྲི་ལྕི་མོ་ཡོད་དགོས།“བོད་ལྗོངས་ཀྱི་བཅོས་བསྒྱུར་བཅོས་གོང་འཕེལ་དང་བརྟན་ལྷིང་གི་ལས་འགན་ནི་ཤིན་ཏུ་ལྕི་མོ་ཞིག་ཡིན་ཏེ། དེ་ལྟ་བུའི་ལས་འགན་ཡོངས་འགྲུབ་བྱེད་དགོས་ཚེ་ཚོགས་པ་སྟོབས་ཤུགས་ལྡན་པ་ཞིག་མེད་པར། ཁ་འཐོར་དུ་སོང་པའི་དཔུང་དམག་དང་ཡང་ན་བསམ་བློ་གཅིག་གྱུར་མིན་པ། དད་སེམས་བརྟན་པོ་མེད་པ། བྱེད་སྤྱོད་གཅིག་གྱུར་མིན་པའི་དཔུང་སྡེ་ཞིག་གིས་འགན་ཁུར་དེ་འདྲ་ལེགས་འགྲུབ་ཡོང་མི་སྲིད་པ་ཞིག་རེད”བོད་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྟོབས་ཤུགས་དང་འཐབ་འཛིང་ནུས་པ་གོང་བུ་གཅིག་གྱུར་བྱེད་རྒྱུ་ནི་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། ཀྲུང་དབྱང་གི“འདུ་ཤེས་བཞི”ལག་ལེན་དོན་འཁྱོལ་གནང་པའི་ཐད་ཀའི་མངོན་རྟགས་རེད་ཅེས་གསུངས་བྱུང་།
  ཆེ་དགྲ་ལྷས། བོད་རང་སྐྱོང་ལྗོངས་ཀྱིས་ན་ནིང་སྐབས་བརྗེ་ལེགས་འགྲུབ་བྱུང་ཡོད་ཅིང་། བློ་མཐུན་ཝུའུ་དབྱིང་ཅེ་ཡིས་གཙོ་བྱས་པའི་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་བོད་སྐྱོང་བྱེད་ཕྱོགས་དང་སྲིད་ཇུས་འོག ལས་དོན་ཁག་གི་ཁ་ཕྱོགས་དང་དམིགས་ཚད་གཏན་འཁེལ་བྱས་ཡོད་པ་དང་།“དེར་བརྟེན‘འདུ་ཤེས་བཞི’ནི་བོད་ལྗོངས་ལ་མཚོན་ན། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་འགན་བཅས་ཐེག་ཡོད་ཅིང་།‘འདུ་ཤེས་བཞི’དོན་འཁྱོལ་ཡོང་རྒྱུའི་གནད་འགག་ནི་མི་ཡིན་ལ། ཏང་ཡོན་ལས་བྱེད་པ་ཚང་མས་ཐོབ་ཐང་ལ་གུས་བརྩི་དང་དབང་ཆར་གུས་བརྩི། འགན་འཁྲི་གུས་བརྩི་གནང་དགོས”ཞེས་གསུང་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716