སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་བགྲེས་པོས་གུང་ཁྲན་ཏང་ནི་ད་གཟོད་ང་ཚོའི་མགོན་སྐྱབས་ཡིན་ཞེས་བརྗོད་པ།
སྤེལ་དུས། 2017-03-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
  ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་བགྲེས་པོ་སྐལ་བཟང་ཆོས་དབང་དང་དགུང་གྲངས78ལ་སོན་པའི་ཁོའི་བཟའ་ཟླ་གཉིས་འདི་གར་འཚོ་བོ་རོལ་ནས་ལོ་ངོ4འདས་ཡོད་ཅིང་། རྒས་དུས་འཚོ་རྟེན་ཡོད་ལ། ཁོམ་ལོང་ཡོད་དུས་ནམ་རྒྱུན་དུ་གང་སར་འཆམ་འཆམ་བྱེད་པའམ་རྩལ་སྦྱོང་ར་བ་ནས་ལུས་ཕུང་སྦྱོང་བརྡར་བྱེད་པ། རོགས་པ་དང་མཉམ་དུ་ཁ་བརྡ་བྱེད་པ་སོགས་ཀྱིས་ཉི་མ་འཁྱོལ་གྱི་ཡོད་ལ། སྐབས་རེར་བགྲེས་པོ་དེ་ཚོས་འདས་དུས་སུ་ལྟོ་རྒྱབ་མི་ཁེབས་པའི་པ་མ་ཟད། ཉིན་མཚན་བསྟུད་མར་ཞིང་བྲན་གྱི་བདག་པོར་ལས་ཀ་བྱེད་པའི་བརྒྱུད་རིམ་ལབ་གླེང་བྱེད་ཀྱི་ཡོད་ཅིང་། དེང་སྐབས་འཚོ་བ་སྐྱིད་པོ་རོལ་ཐུབ་པ་ནི་རྨི་ལམ་དུའང་འཆར་མི་ཐུབ་པའི་དོན་དེ་དངོས་སུ་མངོན་འགྱུར་བྱུང་པ་ལྟ་བུའི་སེམས་ཚོར་ཆེན་པོ་སྐྱེས་ཀྱི་འདུག
  བོད་ལྗོངས་རྙིང་པར་སྐལ་བཟང་ཆོས་དབང་ནི་ཞིང་བྲན་བདག་པོས་ཞིང་བྲན་ཡིན་ལ།“ཞི་བས་བཅིངས་འགྲོལ་མི་བྱས་པའི་སྔོན་དུ། ངས་ཉིན་རྒྱུན་ཞིང་བྲན་བདག་པོར་ལས་ཀ་ཧ་ཅང་མང་པོ་སྒྲུབ་དགོས་ཤིང་། ཉིན་གང་བོར་རི་འགོར་ཕྱུགས་འཚོ་རུ་འགྲོ་དགོས་པ། གྱོན་གོས་ཀྱིས་ལུས་པོ་མི་ཁེབས་པ་མ་ཟད་ལྷམ་ཡང་གྱོན་རྒྱུ་མེད་པ་དང་། ཉིན་རེར་རི་སྐྱེས་རྩྭ་ལྡུམ་ལས་ཟ་རྒྱུ་མེད་ཅིང་གྲོད་པ་མི་རྒྱག་པ། ནམ་རྒྱུན་རྩམ་པ་ཡང་ཟ་ཐུབ་གི་མི་འདུག”ཅེས་སྐལ་བཟང་ཆོས་དབང་གིས་ཕྱིར་དྲན་བྱས་ནས་བརྗོད་བྱུང་།
  སྔོན་ཆད་སྐལ་བཟང་ཆོས་དབང་ལ་བུ་ཞིག་ཡོད་ཀྱང་ཉིན་ལྟར་ལས་ཀ་ལྗིད་མོ་མང་པོ་ལས་དགོས་པ་དང་། རྒྱུན་པར་ཞིང་བྲན་གྱི་བདག་པོའི་ཉེས་རྡུང་དྲག་པོ་བཏང་མཐར་ཧ་ཅང་ཐང་ཆད་པའི་ཁར་ནད་ཕོག་རྗེས་སྨན་བཅོས་བྱེད་ཐབས་མེད་པར་གྱུར་པ་དང་། གྲོད་པ་ལྟོགས་པ་དང་ནད་རིགས་ཀྱིས་མཐར་ཁོའི་བུས་ཚེ་སྲོག་ཀྱང་ཤོར་བ་རེད།
  བགྲེས་སོང་དབང་འདུས་ཀྱིས“བོད་རྙིང་པར་ང་ནི་ཞིང་བདག་ཚང་གི་ཁྲལ་པ་ཡིན། ཉིན་མཚན་མེད་པར་ཞིང་བདག་ལ་ལས་ཀ་བྱེད་དགོས་པ་མ་ཟད་ལས་འགན་ཧ་ཅང་ལྕི་བའི་རིགས་བཀོད་སྒྲིག་བྱེད་ཅིང་། རྒྱུན་དུ་གཅར་རྡུང་བྱེད་པའི་ཁར་ཞིང་བདག་ལ་ས་ཞིང་འདེབས་པ་དང་འབྲུ་རིགས་བསྡུ་དགོས་ཤིང་། རིའི་སྐྱེས་རྩྭ་ལྡུམ་རིགས་མ་ཟས་པ་གཅིག་ཀྱང་མེད་མོད་དེ་ལྟར་བྱས་ཀྱང་ཐེངས་མང་རིང་བཀྲེས་ལྟོགས་ཀྱིས་མནར་ནས་སྲོག་ཉེན་ཐེབས་པ་རེད”བརྗོད་བྱུང་།
  བགྲེས་པོ་གཉིས་ཀྱིས“འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཡོང་པ་ནས་བཟུང་ང་ཚོའི་ལྟོ་རྒྱབ་ཁེབས་ཀྱི་ཡོད་པ་མ་ཟད་ཟས་ཐུན་གསུམ་པོར་ཤ་ཟ་རྒྱུ་ཡོད་ལ། འཚོ་བའི་མཁོ་ཆས་ཚང་མ་ཞབས་ཞུ་ལྟེ་གནས་ཀྱིས་མཁོ་སྤྲོད་གནང་གི་ཡོད་དེ་ནམ་རྒྱུན་དུས་ཆེན་ལ་སླེབས་དུས་ང་ཚོར་བོད་ལྭ་གསར་པ་སྤྲོད་ཀྱི་ཡོད་པ་མ་ཟད་ཟླ་རེར་ང་ཚོར་སིལ་དངུལ་ཡང་སྟེར་གྱི་ཡོད་ཅིང་། ང་ཚོའི་ལྭ་བ་བཀྲུ་མཁན་ཡོད་ཁ་ཟས་གཡོས་སྦྱོར་བྱེད་མཁན་ཡང་ཡོད། ཉིན་རེའི་འཚོ་བ་ནི་བརྙན་འཕྲིན་ལ་བལྟ་བའམ་ཉི་མར་ལྡེ་བ། མེ་ཏོག་གསོ་བ་སོགས་ཀྱི་ལམ་ནས་གཏོང་གི་ཡོད། ད་ལྟ་ང་ཚོས་འཚོ་བ་བག་ཕེབས་བདེ་སྐྱིད་ལྡན་ཞིང་། ཏང་གི་སྲིད་ཇུས་སྔར་བས་ཇེ་ལེགས་སུ་སོང་ཡོད་པས་ན་ང་ཚོ་བགྲེས་པོ་དག་གིས་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱུང་ཡོད། གུང་ཁྲན་ཏང་གིས་ང་ཚོར་བཅིངས་འགྲོལ་བཏང་པ་མིན་ན་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་མི་སྲིད་ཅིང་། གུང་ཁྲན་ཏང་ཁོ་ནས་ད་གཟོད་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་བཞིན་པར་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད་བྱུང་།
  ཞབས་ཞུ་ལྟེ་གནས་ཀྱི་ལས་བྱེད་མི་སྣ་བདེ་སྒྲོན་གྱིས། འདི་གར་འཚོ་བ་རོལ་བཞིན་པའི་བགྲེས་པོ་དག་ནི་ཤང་དང་གྲོང་རྡལ་ཁག་གི་བུ་ཕྲུག་མེད་ལ་འཚོ་བའི་ཐད་རང་མགོ་མི་ཐོན་པ་དང་དབང་པོར་སྐྱོན་ཡོད་པའི་བགྲེས་པོ་ཏག་ཏག་ཡིན་ལ།“ང་ཚོས་ཁོ་ཚོ་ཚང་མ་ནི་རང་གི་གཉེན་ཉེ་བཞིན་ལྟ་རྟོག་བྱས་པ་ཡིན་ལ། འདི་ནས་སྡོད་ས་དང་བཟའ་བཏུང་ཅི་རིགས་ཡོད་པའི་ཁར་ཟླ་རེར་སིལ་དངུལ་ཀྱང་སྤྲོད་ཀྱི་ཡོད་པ་དང་། ལོ་གསར་དུས་ཆེན་རིང་བགྲེས་པོ་རྣམས་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ནས་ཁོ་ཚོས་འདི་ནས་འཚོ་བ་རོལ་བར་སྐྱིད་སྣང་དང་སེམས་བདེ་བར་བྱས་ཡོད། གཞན་ཡང་འདི་གར་འཁྲུད་ཁང་དང་སྨན་བཅོས་ཁང་། རྩལ་སྦྱོང་ར་བ་བཅས་ཀྱང་བགྲས་པོ་དག་མཁོ་སྤྲོད་བྱས་ཡོད་པ་མ་ཟད། སྔོ་ཚལ་དྲོད་ཁང་ཆེན་མོ་ཡང་བསྐྲུན་ཡོད་པས་དབྱར་དུས་ཐོན་ཚེ་ལས་བྱེད་མི་སྣས་སྔོ་ཚལ་སྣ་ཚོགས་འདེབས་འཛུགས་བྱས་ནས་བགྲེས་པོ་རྣམས་ལ་ཁ་ཟས་སུ་སྤྱོད་ཀྱི་ཡོད”ཅེས་ངོ་སྤྲོད་གནང་བྱུང་།
    ཞབས་ཞུ་ལྟེ་གནས་སུ་བགྲེས་པོ་མང་པོ་ཞིག་གིས་རྟག་ཏུ་ཁོང་ཚོར་ལྟ་བར་ཡོང་པའི་ན་གཞོན་རྣམས་ལ“ད་ཆའི་འཚོ་བ་བཟང་པོ་འདིར་གཅེས་སྤྲས་བྱེད་དགོས་ཏེ། ཁྱོད་ཚོ་ན་གཞོན་རྣམས་ཀྱིས་བོད་རྙིང་པའི་སྡུག་བསྔལ་དང་འཇིགས་རུང་གི་འཚོ་བ་ཉམས་སུ་མྱངས་མེད་པ་དང་།གལ་ཏེ་གུང་ཁྲན་ཏང་མིན་ཚེ་འདས་ཟིན་པའི་དཀའ་སྡུག་གི་འཚོ་བ་ནི་དེང་གི་བདེ་སྐྱིད་ཀྱི་འཚོ་བར་འགྱུར་མི་སྲིད་པས། ངེས་པར་དུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་ཤིང་། གུང་ཁྲན་ཏང་ནི་ད་གཟོད་ང་ཚོས་མགོན་སྐྱབས་ཡིན”ཞེས་བརྗོད་ཀྱི་ཡོད་པ་རེད།
  གངས་རི་དཀར་པོ་འགྱིངས་ནས་ཡོད་པ་དེས་ལོ་རྒྱུས་ཀྱི་ལེའུ་གསར་པར་བདེན་དཔང་གནང་ཡོད་ལ། ཡར་ཀླུང་གཙང་པོ་ལྷུང་ལྷུང་འབབ་པ་དེས་གངས་ལྗོངས་མི་དམངས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་མངོན་པར་མཚོན་ཡོད། བློ་མཐུན་ཞིས་ཅིན་ཕིང་་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་ཀུན་དུ་བོད་ལྗོངས་ཀྱི་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད་ལ། བོད་ལྗོངས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་འཆར་འགོད་ཕུན་སུམ་ཚོགས་པ་གནང་ཡོད་པས། བོད་ལྗོངས་མི་དམངས་ཀྱི་འཚོ་བ་ནི་སྔར་བས་མཛེས་སྡུག་བདེ་སྐྱིད་ཡོང་ངེས་སོ།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716