སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱ་བོད་སྐད་ཡིག་གཉིས་ནི་རྒྱ་བོད་རིག་གནས་འཆམ་མཐུན་གཅིག་འདྲེས་ཡོང་བའི་སྨན་བྱད་ཡིན།
སྤེལ་དུས། 2017-03-31   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ་གྱིས་བསྒྱུར།
 
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ལོ་རྒྱུས་ཞིབ་འཇུག་གི་ཞིབ་འཇུག་པ་ཀྲོའུ་ཝེ།
  ཀྲུང་གོའི་བོད་ལྗོངས་དྲ་བས་བསྒྲགས་པ་ལྟར་ན། ཟླ་3པའི་ཚེས23ཉིན། ཀྲུང་གོའི་གསར་འགོད་པ་མཐུན་ཚོགས་ཀྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཁ་བྱང་ལ་བོད་ཀྱི་རིག་གནས་སྲུང་སྐྱོབ་ཟེར་བའི་ཐེངས་104པའི་གསར་འགྱུར་ཇ་སྟོན་ཚོགས་འདུ་ཞིག་བསྡུས་ཤིང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་བརྒྱ་ལྷག་གིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མཁས་པར་འབྲེལ་ཡོད་གནད་དོན་སྐོར་ནས་བསམ་བློ་བརྗེ་རེས་གནང་བ་རེད།
  བྱེད་སྒོའི་ཁྲོད་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲོའུ་ཝེ་ཡིས་ཤང་ཀང་ཀྲུང་གོ་དཔྱད་བརྗོད་གསར་འགོད་ཁང་གིས་བཏོན་པའི་མི་རིགས་རིག་གནས་དང་སྐད་ཆ་སྲུང་སྐྱོབ། གཅིག་འདྲེས་སོགས་འབྲེལ་ཡོད་གནད་དོན་སྐོར་ནས་དྲི་བ་འདོན་སྐབས་འདི་སྐད། ཆེད་མཁས་པ་ཞིག་གི་ངོས་ནས་བལྟོས་ན། རིག་གནས་གཅིག་འདྲིས་ཁྲོད་མཚོན་ཚུལ་ཆེས་གལ་ཆེ་ཤོས་ནི་སྐད་ཆའི་གཅིག་འདྲིས་དེ་ཡིན།
  ཀྲོའུ་ཝེས་ངོ་སྤྲོད་གནང་བ་ལྟར་ན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཁྲིད་གཞི་གཙོ་བོ་ནི་བོད་ལྗོངས་ཀྱི་གྲོང་གསེབ་དང་སྡོད་དམངས་ཀྱི་སྐད་ཆ་བཀོལ་སྤྱོད་དང་། སྐད་གཉིས་སྣང་ཚུལ་དང་། རིག་གནས་གཅིག་འདྲིས་བཅས་ལ་ཞིབ་འཇུག་གནང་རྒྱུ་དེ་ཡིན།“ཉེ་བའི་ལོ་འདི་གའི་ནང་དུ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཆར་ཆེད་དུ་ཞིབ་འཇུག་བྱེད་པ་དང་། དེ་ནི་བོད་ཀྱི་སྐད་ཡིག་དེ་ཉིད་ཇི་ལྟར་སྲུང་སྐྱོབ་དང་ཇི་ལྟར་བོད་རྒྱ་སྐད་གཉིད་བེད་སྐྱོད་གཏོང་བའི་གནས་ཚུལ་ཞིག་ཀྱང་ཡིན།”ཁོང་གིས་བསྟན་དོན། 1951ལོའི་རྗེས་ནས་བོད་ལྗོངས་སོགས་སུ་བོད་ཡིག་དང་རྒྱ་ཡིག་གཉིས་བསྟུད་མར་གཅིག་འདྲིས་བྱས་ཡོད་པ་དང་། སྒོས་སུ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་དོ་ཁུར་གནང་ས་ནི་བོད་ཡིག་གི་གནས་བབ་དང་བེད་སྤྱོད་བྱེད་པ་དེ་ཡིན། 
  ཀྲོའུ་ཝེས་དེ་སྔར་བྲིས་པའི་《བོད་ལྗོངས་སྐད་ཡིག་སྲིད་ཇུས་ཀྱི་འཕོ་འགྱུར་དང་བོད་སྐད་ཡིག་གི་འཔེལ་རྒྱས》་ཞེས་པའི་རྩོམ་ཡིག་ནང་འདི་ལྟར་བྲིས་ཡོད་དེ། 1987ལོར་《བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བེད་སྤྱོད་དང་བོད་ཀྱི་སྐད་ཡིག་གོང་འཕེལ་གཏོང་བའི་གཏན་འབེབས་འགའ་ཞིག》(ཚོད་བསྟར།)(བསྡུས་མིང་ལ་《གཏན་འབེབས་འགའ་ཞིག》)ཞེས་པ་ཁྱབ་བསྒྲགས་གནང་བ་དེས། བོད་ཀྱི་སྐད་ཡིག་སྲིད་ཇུས་དེ་ཉིད་འཐུས་ཚང་བའི་མ་ལག་ཅིག་ཏུ་ཆགས་ཡོད་པ་དང་། ཁྲིམས་ལུགས་ཀྱི་རྣམ་པའི་ཆ་ནས་གཏན་ཆགས་སུ་གྱུར་བ་ཡོངས་སུ་མཚོན་ཡོད། 《གཏན་འབེབས་འགའ་ཞིག》ཞེས་པའི་ནང་། དུས་སྐབས་གསར་པའི་ནང་བོད་ཀྱི་སྐད་ཡིག་སྲིད་ཇུས་གོང་འཕེལ་གཏོང་བའི་བསམ་གཞིགས་གསར་པ་བཏོན་ཡོད་པ་སྟེ། དེ་ནི་“བོད་ཡིག་གཙོ་ཡིན་པ་དང་། བོད་རྒྱ་སྐད་རིགས་གཉིས་གཅིག་སྤྱོད་བྱེད་པའི་ཐབས་ཇུས་”ཞེས་པ་དེའོ། 
  1988ལོའི་ཟླ་10པའི་ནང་དུ་བོད་རང་སྐྱོང་ལྗོངས་སུ་《བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གོང་སྤེལ་གཏོང་བའི་གཏན་འབེབས་འགའ་ལག་བསྟར་གཏོང་བའི་(ཚོད་བསྟར།)ཞིབ་ཕྲའི་རྩ་དོན》་ཞེས་པ་ཞིག་བཏོན་ཡོད་པ་དང་། བོད་ལྗོངས་ཀྱི་བོད་ཀྱི་སྐད་ཡིག་ལས་དོན་དེ་ཉིད་ཁྲིམས་མཐུན་དང་རྟེན་ས་ཡོད་པ། ཆོས་ཉིད་དང་གོ་རིམ་ཡོད་པ་བཅས་ཀྱི་གོ་རིམ་ཞིག་ཏུ་ཚུད་ཡོད་པ་དང་། བོད་ལྗོངས་ཀྱི་སྐད་ཡིག་སྲིད་ཇུས་དེ་ཉིད་འཕེལ་རྒྱས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད།
  2002ལོར་བོད་ལྗོངས་ཀྱིས་རྩ་ཁྲིམས་དང་《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》་ཞེས་པ་གཞིར་བཟུང་སྟེ་མི་རིགས་སྐད་ཡིག་སྲིད་ཇུས་ཀྱི་འབྲེལ་ཡོད་གཞི་རྩའི་ནང་དོན་དང་།《རྒྱལ་ཁབ་ཀྱིས་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་བཅའ་ཁྲིམས》་ཞེས་པའི་ནང་བསྟན་ཡོད་པའི་ཀྲུང་གོའི་སྤྱི་དམངས་གང་རུང་གིས་རྒྱ་ཡིག་གི་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་སྐོར་ལ་སློབ་སྦྱོང་བྱེད་དགོས་པ་དང་། བོད་ལྗོངས་ཀྱི་དངོས་དོན་དང་ཟུང་འབྲེལ་གྱིས་སྔར་ཡོད་ཀྱི་《གཏན་འབེབས》་རྨང་གཞིའི་སྟེང་《བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། གོང་སྤེལ་གཏོང་བའི་སྐོར་གྱི་གཏན་འབེབས》་ཞེས་པ་ཡང་བསྐྱར་བཟོ་བཅོས་བྱས་ཏེ་ཁྱབ་བསྒྲགས་གནང་ཡོད།“གཏན་འབེབས་འདིའི་ནང་བོད་ཡིག་དང་རྒྱ་ཡིག་གི་བོད་ལྗོངས་ཀྱི་གནས་བབ་ནན་བཤད་གནང་ཡོད། བོད་ལྗོངས་སུ་ང་ཚོས་ངེས་པར་དུ་བོད་ཡིག་ལེགས་པར་སྦྱངས་དགོས་པ་དང་། དུས་མཚུངས་སུ་རྒྱ་ཡིག་ཀྱང་བེད་སྤྱོད་གཏོང་དགོས”
  ཀྲོའུ་ཝེས་རང་ཉིད་དཔེར་མཚོན་བཀོད་ནས་འདི་སྐད། བོད་ལྗོངས་སུ་ཡོད་པའི་རྒྱ་རིགས་སྟེ། དཔེར་ན། ང་ལྟ་བུར་ཆ་མཚོན་ན། བོད་ལྗོངས་སུ་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་བཅས་རིམ་གྱིས་འགྲིམས་ནས་རྒྱ་ཡིག་ཀྱང་སྦྱངས་དགོས་པ་མ་ཟད། ད་དུང་དུས་མཚུངས་སུ་ངས་ཀྱང་བོད་ཡིག་ལའང་སློབ་སྦྱོང་བྱེད་དགོས་པའི་ཁར། མི་རེའི་ངོས་ནས་བརྗོད་ན། ཚང་མས་སྐད་གཉིས་མཉམ་གཅིག་ཏུ་སློབ་སྦྱོང་བྱེད་དགོས་ཞེས་བརྗོད་བྱུང་།
  ཀྲོའུ་ཝེས་འདོད་ཚུལ་ལྟར་ན། བོད་རྒྱ་སྐད་ཡིག་གཉིས་བེད་སྤྱོད་གཏོང་བ་ནི་ཤིན་ཏུ་འཆམ་མཐུན་ཡིན་པ་དང་། སྐད་ཆའི་སྨྱན་བྱད་འདི་བརྒྱུད་ནས་བོད་རྒྱ་རིག་གནས་བདེ་བླག་ངང་འབྲེལ་འདྲིས་བྱེད་པར་ཁག་ཐེག་གནང་ཡོད།
  ཀྲོའུ་ཝེས་ངོ་སྤྲོད་གནང་བ་ལྟར་ན། བོད་ཡིག་གི་ཚན་རིག་རང་བཞིན་ལ་འགན་ལེན་བྱེད་ཆེད། སློབ་གསོ་པུའུ་ཡིས་བོད་ཡིག་བརྡ་ཆད་ཚད་ལྡན་གཏོང་བའི་ཨུ་ཡོན་ལྷན་ཁང་བཙུགས་ཡོད་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་དྲུང་ཡིག་ཁྲུའུ་བཙུགས་ཡོད་པ་དེས་གསར་བྱུང་བརྡ་ཆད་སྐོར་ལ་ཞིབ་འཇུག་དང་སྲུང་སྐྱོབ་གནང་གིན་ཡོད།
  ཀྲོའུ་ཝེས་འདོད་ཚུལ་ལྟར་ན། བོད་ཡིག་དང་རྒྱ་ཡིག་སྐད་ཡིག་གཉིས་ཀྱི་སྣང་ཚུལ་གྱི་ཆ་ནས་བལྟས་ན། བོད་ཡིག་དང་རྒྱ་ཡིག་དེ་གཉིས་རིག་གནས་ཀྱི་འབྲེལ་འདྲིས་སྟེང་དུ། སྤྱིའི་ཆ་ནས་ཧ་ཅང་འཆམ་མཐུན་ཡིན་པའི་ཚོར་བ་ཞིག་སྟེར་ཐུབ་པ་དང་། འདི་ནི་ང་ཚོའི་གཞི་རྩའི་ངེས་ཤེས་ཙམ་ཞིག་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716