སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་བ།
སྤེལ་དུས། 2017-04-01   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྐལ་བཟང་བདེ་སྐྱིད་ཀྱིས་བསྒྱུར།
          ཀྲུང་དབྱང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ་3པའི་ཚེས་31ཉིན་གྲོས་ཚོགས་སྐོང་འཚོགས་བྱས་ཏེ། སྤྱི་ལོ་2016ལོའི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་གཏོར་གྱི་ལས་ཀའི་ཕན་འབྲས་དཔྱད་དཔོག་གནས་ཚུལ་གྱི་སྙན་ཞུ་ཉན་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་ལས་ཀར་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་བཏོན་ ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
          གྲོས་ཚོགས་ཐོག དབུལ་སྒྲོལ་འགག་གཏོར་གྱི་ལས་ཀས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཧྲིལ་པོའི་ནང་གནས་བབ་གལ་ཆེན་བཟུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་སྤྱི་ལོ་2020ལོར་སླེབས་སྐབས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པ་བྱ་རྒྱུའི་དམིགས་འབེན་གཏན་འཁེལ་བྱས་ཡོད་པ་དང་། དེའི་ནང་མངོན་འགྱུར་བྱེད་ཁག་ཤོས་ནི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་གྱི་དབུལ་སྒྲོལ་དང་། དབུལ་ཕོངས་རྫོང་གི་དབུལ་པོའི་ཞྭ་མོ་འབུད་རྒྱུ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་མེད་པ་བཟོ་རྒྱུ་བཅས་ཡིན། དམིགས་འབེན་འདི་མངོན་འགྱུར་བྱ་རྒྱུ་ནི་རང་རེའི་ཏང་གིས་མི་དམངས་ལ་བརྗིད་ཉམས་ཆེ་བའི་ཁས་ལེན་བྱས་པ་ཞིག་ཡིན། དེར་བརྟེན། ངེས་པར་དུ་ནན་པོའི་བླང་བྱ་དེ་དབུལ་སྒྲོལ་འགག་གཏོར་གྱི་ལས་ཀའི་བརྒྱུད་རིམ་ཡོངས་དང་ཕྱོགས་ཁག་ཚང་མར་དོན་འཁྱོལ་བྱེད་དགོས་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་ལས་ཀའི་སྙན་ཞུའི་ལམ་ལུགས་དང་། འགན་འཁྲིའི་ལམ་ལུགས། དཔྱད་དཔོག་ལམ་ལུགས། ལྟ་ཞིབ་སྐོར་ཞིབ་ལམ་ལུགས་བཅས་དོན་འཁྱོལ་ནན་པོ་བྱས་ནས། དབུལ་སྒྲོལ་འགག་གཏོར་གྱི་ལས་ཀའི་དམིགས་འབེན་ལས་འགན་མངོན་འགྱུར་ཐུབ་པའི་འགན་སྲུང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
          གྲོས་ཚོགས་ཐོག ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་གྲོས་ཚོགས་འཚོགས་ཚུན། དབུལ་སྒྲོལ་འགག་གཏོར་གྱི་མཐོ་རིམ་ཇུས་འགོད་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད་པ་དང་། རིམ་པ་ལྔའི་ཧྲུའུ་ཅིས་དབུལ་སྒྲོལ་ལ་དམ་འཛིན་དང་། ཏང་ཡོངས་སྐུལ་སློང་གིས་འགག་གཏོར་ལ་སྐུལ་འདེད་གཏོང་བའི་གནས་བབ་སྤྱིའི་ཆ་ནས་གྲུབ་ཡོད་པ། བཀོད་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཅུང་ཡག་པོ་བྱུང་བ། གནད་འཕིགས་དབུལ་སྐྱོར་དང་། གནད་འཕིགས་དབུལ་སྒྲོལ་མི་སེམས་ལ་གཏིང་ཟབ་ཟུག་པ། གཞི་རིམ་ལས་བྱེད་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་སྔར་ལས་ལྷག་པ་ཐུབ་པ། ལོ་འཁོར་མོའི་དབུལ་ཕོངས་ཉུང་གཏོང་གི་དམིགས་འབེན་ལས་འགན་ལེགས་གྲུབ་ཅུང་ཡག་པོ་ཐུབ་ཡོད། ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་གཏོར་ལས་དོན་ཐད་ཀྱི་བཀོད་ཇུས་བཀོད་སྒྲིག་ཡང་དག་ཡིན་པ་དོན་དངོས་ནས་ར་སྤྲོད་ཐུབ་ཡོད། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དང་ལས་ཀའི་ཤུགས་ཚད་ལ་གཞིགས་ནས། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་བྱས་ཚེ། སྤྱི་ལོ་2020ལོར་ལས་འགན་ལེགས་གྲུབ་བྱེད་ཐུབ། འོན་ཀྱང་། དེ་དང་ཆབས་ཅིག ལས་ཀའི་ཁྲོད་ད་དུང་དབུལ་སྒྲོལ་གྱི་སྤུས་ཚད་ཡག་པོ་མེད་པ་དང་། ཟུར་སྐྱོར་ལས་དོན་དོན་འཁྱོལ་ཡག་པོ་མི་ཐུབ་པ། དབུལ་སྐྱོར་བྱེད་ཐབས་གནད་ལ་འཕིགས་པོ་མེད་པ། མ་དངུལ་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ད་དུང་ཤུགས་སྣོན་རྒྱག་དགོས་པ་སོགས་མངོན་གསལ་དོད་པའི་གནད་དོན་གནས་ཡོད་པ་ངེས་པར་དུ་མཐོང་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
          གྲོས་ཚོགས་ཐོག དབུལ་སྒྲོལ་འགག་གཏོར་ལས་དོན་ལ་སྐུལ་འདེད་གཏོང་དགོས་ན། མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཏང་གིས་སྲིད་འཛིན་པའི་གྲལ་རིམ་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཟོ་བ། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བའི་མཐོ་ཚད་རྒྱུན་འཁྱོངས་བྱེད་པ་བཅས་ནས་འགོ་བཙུགས་ཏེ། དབུལ་སྒྲོལ་འགག་གཏོར་གྱི་ལས་ཀའི་འགན་འཁྲིའི་བསམ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། མུ་མཐུད་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཞིབ་ཕྲ་ནན་ཏན་གྱིས་གནད་འཕིགས་དབུལ་སྐྱོར་ལག་བསྟར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།
          གྲོས་ཚོགས་ཐོག ཏང་ནན་པོས་བཅོས་རྒྱུའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དཀའ་ངལ་ལ་མི་འཛེམ་པ་དང་གཟབ་ནན་གྱི་སྒོ་ནས་དབུལ་སྒྲོལ་འགག་གཏོར་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། དཔྱད་དཔོག་བཀོད་འདོམས་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱི་ཁྲིད་ཕྱོགས་འཛུགས་པ། དམ་པ་དོན་གཉེར་གྱི་སྒྲིག་སྲོལ་ནན་དུ་གཏོང་བ་བཅས་བྱེད་དགོས་ཤིང་། ལས་སྒྲུབ་བྱེད་མིན་དང་ལས་སྒྲུབ་བྱེད་མང་ཉུང་། ལས་སྒྲུབ་བྱེད་ཡག་ཤེས་བཅས་ལ་གཅིག་མཚུངས་ཀྱི་ལྟ་སྟངས་མི་འཛིན་པར། དབུལ་སྒྲོལ་འགག་གཏོར་གྱི་ལས་ཀའི་ཕན་འབྲས་ལ་ལག་ལེན་དང་ལོ་རྒྱུས་ཀྱི་ཉམས་ཚོད་ཐེག་ཐུབ་པའི་འགན་སྲུང་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716