སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་དང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་གཉིས་མཇལ་མོལ་གནང་བ།
སྤེལ་དུས། 2017-04-06   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྐྱིད་པོས་བསྒྱུར།
          ཀྲུང་དབྱང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སྤྱི་ཚེས་༥ཉིན་ཧེའར་སིན་ཁིར་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་དང་མཇལ་མོལ་གནང་བ་དང་རྒྱལ་ཁཔ་གཉིས་པོའི་གཙོ་བདག་ནས་ཀྲུང་གོ་དང་ཧྥིན་ལན་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༦༧སོང་རིང་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་བར་གདེང་འཇོག་བཟང་པོ་གནང་ཡོད་པ་དང་ཀྲུང་གོ་དང་ཧྥིན་ལན་གྱིས་མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་རོགས་པའི་འབྲེལ་བ་གསར་པ་འཛུགས་རྒྱུ་མཉམ་དུ་ཁྱབ་བསྒྲགས་གནང་བ་དང་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྐྲུན་རྒྱུའི་རྣམ་པ་བསྟན་འདུག
          ཞིས་ཅིན་ཕིང་གིས། ཀྲུང་གོ་དང་ཧྥིན་ལན་ནི་ཕན་ཚུལ་བརྩི་འཇོག་དང་ལྟ་སྟངས་འདྲ་མཉམ་འཛིན་པ། མཉམ་ལས་གཉིས་རྒྱལ་བཅས་ཀྱི་གྲོགས་པོ་བཟང་པོ་དང་རོགས་པ་བཟང་པོ་བཅས་རེད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་སྔ་བར་ཕྱི་གསུམ་དུ་ཕན་ཚུལ་མཛའ་གྲོགས་བརྩེ་སེམས་འཆང་གི་ཡོད། ཧྥིན་ལན་མི་དམངས་ཀྱིས་ལོ་བརྒྱའི་གོང་འཕེལ་རྒྱང་སྐྱོད་གསར་པ་འགོ་འཛུགས་བཞིན་ཡོད་པ་དང་ཀྲུང་གོའི་མི་དམངས་ཀྱིས་ཀྱང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་སྐྱར་དར་གྱི་ཀྲུང་གོའི་ཕུག་འདུན་མངོན་འགྱུར་ཡོང་ཆེད་འབ་འཐབ་བྱེད་བཞིན་ཡོད། ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་པོའི་གོང་འཕེལ་དགོས་མཁོ་མཐུན་ཚད་ཧ་ཅང་ཆེན་པོ་ཡོད་པས་ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ཕྱོགས་ལ་བསམ་བློ་བཏང་ནས་ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བའི་ཡང་དག་གོང་འཕེལ་ཁ་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་མཐོ་རིམ་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ། འཐབ་ཇུས་ཐད་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་གཉིས་འབྲེལ་བའི་ཆབ་སྲིད་རྨང་གཞི་བརྟན་དུ་ཡག་པོ་གཏོང་བ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། བཟང་ཆ་ཕན་ཚུལ་གསབ་རེས་བྱེད་པ། རང་སོའི་གོང་འཕེལ་འགྲོ་ལམ་ཐོག་ཕན་ཚུལ་རྒྱབ་སྐྱོར་བཅས་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག
          ཞིས་ཅིན་ཕིང་གིས་ཉི་ཉི་སི་ཐོར་ཀྲུང་གོའི་ཉེ་དུས་ཀྱི་དཔལ་འབྱོར་སྤྱི་ཚོགས་དུབ་བབ་དང་གོང་འཕེལ་མདུན་ལྗོངས་ངོ་སྤྲོད་གནང་ཡོད་པ་རེད།
          ཉི་ཉི་སི་ཐོས། ཀྲུའུ་ཞི་ཞིས་ཅིན་ཕིང་ནས་ཧྥིན་ལན་ལ་རང་བཙན་བྱུང་ནས་ལོ་༡༠༠འཁོར་བའི་སྐབས་སུ་ཧྥིན་ལན་ལ་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ཧྥིན་ལན་གྱིས་ཀྲུང་གོའི་གོང་འཕེལ་གྲུབ་འབྲས་དང་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་ཀྲུང་གོའི་གལ་ཆེའི་ནུས་པར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་གོ་སྐབས་སུ་བརྩིས་ནས་ཕྱོགས་གཉིས་པོའི་མཐོ་རིམ་དང་ཁྱབ་ཁོངས་ཁག་ནང་གི་འགྲོ་འོང་ཟབ་དུ་གཏོང་བ་དང་དཔལ་འབྱོར་ཉོ་ཚོང་དང་མ་འཇོག གསར་སྐྲུན། ཁོར་ཡུག་སྲུང་སྐྱོབ། ཡུལ་སྐོར། དགུན་དུས་ལུས་རྩལ། བྱང་སྣེའི་བྱ་དོན་སོགས་ཀྱི་ཁྱབ་ཁོངས་དང་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་འོག་གི་མཉམ་ལས་བཅས་གཏིང་ཟབ་དུ་གཏོང་བ་དང་གལ་ཆེའི་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
          ཕྱོགས་གཉིས་པོས་ཕན་ཚུལ་བར་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱེད་པ་དང་ཕན་ཚུལ་བརྩི་འཇོག་དང་ལྟ་སྟངས་འདྲ་མཉམ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཕན་ཚུལ་གྱི་སྲོག་ཤིང་ཁེ་ཕན་དང་གལ་ཆེའི་དོ་ཁུར་བྱེད་ཡུལ་ལ་ལྟ་རྟོགས་བྱེད་རྒྱུའི་སྐྱར་བཤད་གནང་ཡོད་པ་དང་ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་་བསྟར་མཐའ་གཅིག་ཏུ་བྱེད་རྒྱུའི་སྐྱར་བཤད་བྱས་པ་དང་ཕྱོགས་གཉིས་པོས་མཉམ་ལས་ནང་ཕན་ཚུལ་གྱི་འགག་རྩའི་ཁེ་ཕན་ལ་ལྟ་རྟོགས་བྱེད་འདོད་ཡོད་པའི་རྣམ་པ་བསྟན་ཡོད་པ་རེད།
          ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཀྲུང་གོ་དང་ཧྥིན་ལན་གྱི་རོགས་པའི་འབྲེལ་བའི་ཐད་གྲོས་མཐུན་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཧུར་ཐག་བྱེད་རྒྱུ་དང་རྒྱལ་ཁབ་རིམ་པའི་ཐོག་ནས་ཆབ་སྲིད་ཁྲིད་སྟོན་དང་ཁྱོན་ཡོངས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཐོ་རིམ་བར་ཕན་ཚུལ་འཚམས་འདྲི་ཞུ་ཚད་མང་པོ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། ཁྲིམས་འཛིན་ལས་ཁུངས། དེ་བཞིན་རྒྱལ་ཁབ་གཉིས་པོའི་སྲིད་ཏང་གི་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མོས་མཐུན་གནང་ཡོད་པ་རེད།
          ཕྱོགས་གཉིས་པོས་དཔལ་འབྱོར་གོང་འཕེལ་འཆར་འགོད་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་ནང་མཉམ་ལས་བྱེད་རྒྱུ་འཚོལ་ཞིབ་བྱས་ནས་ཨེ་ཤི་ཡ་དང་ཡོ་རོབ་སྐམ་ས་ཆེན་པོ་མཉམ་འབྲེལ་མཉམ་མཐུད་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་འདུག
          ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་རྣམ་པ་དང་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་རྒྱལ་ཁབ་གཉིས་པོའི་མང་ཚོགས་དང་ལྷག་དོན་དུ་གཞོན་ནུའི་བར་གྱི་ཤེས་རྟོགས་དང་མཛའ་གྲོགས་བརྩེ་སེམས་ཟབ་དུ་གཏོང་རྒྱུ། པེ་ཅིན་གྱིས་སྤྱི་ལོ་༢༠༢༢ལོར་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་གོ་སྐབས་སུ་བརྩིས་ནས་དགུན་དུས་ཀྱི་རྣམ་གྲངས་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་བྱེད་རྒྱུའི་ཐད་ཀྱི་མཉམ་ལས་བྱེད་རྒྱུ། སྤྱི་ལོ་༢༠༡༩ལོ་དེ་ཀྲུང་གོ་དང་ཧྥིན་ལན་གྱི་དགུན་དུས་ལུས་རྩལ་ལོར་གཏན་འཁེལ་བྱེད་རྒྱུའི་མོས་མཐུན་གནང་ཡོད་པ་རེད།
          མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་གསར་སྐྲུན་དང་ཁྲིམས་འཛིན། བྱི་ལ་དོམ་བཅས་ཀྱི་མཉམ་ལས་དང་ཞིབ་འཇུག་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་མཉམ་དུ་དཔང་རྟགས་གནང་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་མཉམ་དུ་གསར་འགོད་པ་དང་ཐུགས་འཕྲད་གནང་འདུག
          ཕྱོགས་གཉིས་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧྥིན་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་རོགས་པའི་འབྲེལ་བ་གསར་པ་འཛུགས་རྒྱུ་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད་པ་རེད། 
མཇལ་མོལ་འགོ་མ་ཚུགས་གོང་ལ། ཞིས་ཅིན་ཕིང་གིས་ཉི་ཉི་སི་ཐོས་ཙུང་ཐུང་ལས་ཤག་གི་སྒོ་རའི་ནང་གཉེར་བའི་རྒྱ་ཆེ་གཟབ་རྒྱས་ཀྱི་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716