སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་གནད་བསྡུས་ཕྱོགས་ཡོངས་ནས་པར་འགྲེམས་བྱས་པ།
སྤེལ་དུས། 2017-04-11   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་སྟོབས་ལགས་ཀྱིས་བསྒྱུར།
  ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།《“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་གནད་བསྡུས》(བོད་ཡིག་དང་རྒྱ་ཡིག་གི་པར་གཞི)རྩོམ་སྒྲིག་ལེགས་གྲུབ་བྱུང་ཡོད་པ་རེད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ལས་དོན་གྱི་གཅིག་གྱུར་བསླབ་གཞི་ཞིག་ཡིན་པའི《སྒྲོག་འགྲེལ་གནད་བསྡུས》དེ་ཚེས་9ཉིན་ནས་བཟུང་གྲོང་ཁྱེར་དང་ས་གནས་ཁག་དང་། རྫོང་དང་ཆུས་ཁག ཤང་དང་གྲོང་རྡལ་ཁག་བཅས་ལ་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་རེད།
  བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་གཞུང་ལས་ཁང་གི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།《སྒྲོག་འགྲེལ་གནད་བསྡུས》དེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་རྩོམ་སྒྲིག་བྱས་པ་དང་། ནང་དོན་ཐད་ཆབ་སྲིད་དང་། དཔལ་འབྱོར། དམངས་འཚོ། སྤྱི་ཚོགས། རིག་གནས། སློབ་གསོ། སྣོད་བཅུད་སོགས་ཕྱོགས་གང་ས་ཅི་ཐད་ཚུད་ཡོད་པ་དང་། དེ་ནི་ཅུང་བརྒྱུད་རིམ་ལྡན་ལ་ཆ་ཚང་བ་དང་། དོན་དངོས་དང་ཉེ་བཅར་དམ་ཟབ་ཐུབ་པ། ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ་བཅས་ཀྱི་སྒྲོག་འགྲེལ་གནད་བསྡུས་ཤིག་རེད། སྒྲོག་འགྲེལ་བྱེད་པའི་བརྒྱུད་རིམ་ནང་རིམ་ཁག་སྒྲོག་འགྲེལ་མཁན་གྱིས་སྒྲོག་འགྲེལ་གནད་བསྡུས་གང་ལེགས་སྤྱད་དེ་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། རྒྱ་ཆེའི་གྲྭ་བཙུན་བཅས་ལ་རྒྱ་ཆེ་ལ་གཏིང་ཟབ་པའི་སྒྲོག་འགྲེལ་བྱེད་རྒྱུ་ཡིན་པ་རེད། སྒྲོག་འགྲེལ་བརྒྱུད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་དང་ཆོད་སེམས་སྔར་བས་བརྟན་དུ་འགྲོ་རྒྱུ་རེད།
  བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་གཞུང་ལས་ཁང་གིས་གྲོང་ཁྱེར་དང་ས་གནས་ཁག་དང་། འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་པར་འགྲེམས་བྱས་པའི《སྒྲོག་འགྲེལ་གནད་བསྡུས》སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། རྣམ་པ་སྣ་ཚོགས། གསོན་ཉམས་ལྡན་པ་བཅས་ཀྱི་སྒྲོག་འགྲེལ་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱི་སྲོག་ཤིང་གི་འདུ་ཤེས་དེ་བས་བརྟན་དུ་དང་། བསམ་བློའི་ངོས་འཛིན་དེ་བས་གཅིག་གྱུར། མི་རིགས་མཐུན་སྒྲིལ་དེ་བས་འཆམ་མཐུན། སྤྱི་ཚོགས་ཀྱི་དུས་བབ་དེ་བས་བརྟན་ལྷིང་། འཕེལ་རྒྱས་ཀྱི་འགུལ་ནུས་དེ་བས་ཤུགས་ཆེ་བ། སྣོད་བཅུད་སྲུང་སྐྱོང་དེ་བས་རང་རྟོགས་ལྡན་པ། གཞི་རིམ་གྱི་རྨང་གཞི་དེ་བས་བརྟན་པ། སྤྱི་ཚོགས་ཀྱི་དར་སྲོལ་དེ་བས་ཤེས་དཔལ་ལྡན་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་འཚམ་མཐུན། རྒྱུན་འཛིན་པའི་དཔུང་ཁག་དེ་བས་དྭངས་གཙང་བཅས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716