སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གིས་ལྗོངས་སྨན་རྩིས་ཁང་ལ་བབ་བསྟུན་སྐོར་གཟིགས་བྱས་པ།
སྤེལ་དུས། 2017-04-12   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།
          ཉེ་དུས། ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་དྲུག་པས་ལྗོངས་སྨན་རྩིས་ཁང་ཏང་ཨུད་ལ་བབ་བསྟུན་སྐོར་གཟིགས་བྱེད་པའི་གནས་ཚུལ་བརྡ་གཏོང་བའི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་དྲུག་པས་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད། སྨན་རྩིས་ཁང་ལ་སྐོར་གཟིགས་ལས་དོན་སྤེལ་རྒྱུར་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་གཞོགས་འདེགས་བྱེད་པའི་ཐད་བླང་བྱ་ཞིབ་ཕྲ་བཏོན་པ་དང་སྦྲགས་སྨན་རྩིས་ཁང་གིས་ཀྱང་སྐོར་གཟིགས་ཚོགས་ཆུང་ལ་གཞོགས་འདེགས་བྱས་ནས་ལས་དོན་བསྒྲུབ་རྒྱུའི་ཐད་རྣམ་འགྱུར་སྟོན་པའི་གཏམ་བཤད་སྤེལ་བ་རེད།
          ཚོགས་འདུའི་ཐོག་སྨན་ཁང་ཚན་ཁག་གི་ཁོངས་མི་ཡོངས་དང་རིམ་ཁག་རྩ་འཛུགས་ཀྱིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་ད་རེས་ཀྱི་སྐོར་གཟིགས་ལས་དོན་ལ་མཐོང་ཆེན་པོ་བྱས་ཏེ་སྐོར་གཟིགས་ལྟ་སྐུལ་གྱི་རང་རྟོགས་རང་བཞིན་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། སྒྲིག་འཛུགས་ཚགས་ཚུད་པོ་བྱས་ནས་སྐོར་གཟིགས་ལས་དོན་ལ་གཞོགས་འདེགས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་སྐོར་གཟིགས་ལས་ཀའི་གཙོ་གནད་ལ་དམ་པོར་དམིགས་ཏེ། སྐོར་གཟིགས་ཚོགས་ཆུང་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས་སྐོར་གཟིགས་ལས་དོན་ཡག་པོ་སྒྲུབ་དགོས་པ། གནད་དོན་བཙལ་འཚོལ་ནན་ཏན་བྱས་ནས་ཁེངས་སྐྱུང་དང་ལྷག་བསམ་རྣམ་དག་ངང་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་དགོས་པ། སྐོར་གཟིགས་ལས་དོན་དེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་དེ་བཞིན་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་དང་ཟུང་འབྲེལ་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་སྨན་ཁང་གི་སྒྱུར་བཅོས་ཁག་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་སྨན་ཁང་གི་ཏང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་སྨན་བཅོས་ཀྱི་ཞབས་ཞུའི་སྤུས་ཚད་དང་། ལས་སྒོའི་ལག་རྩལ་ཆུ་ཚད། སྨན་རྩིས་ཁང་གི་རྨང་གཞི་དང་ནད་ཐོག་སྨན་བཅོས་ཀྱི་ཚན་ཞིབ་ནུས་པ་བཅས་ཆེ་རུ་ཧུར་ཐག་བཏང་སྟེ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་དགོས་ལུགས་བསྟན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716