སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཤེས་ལྡན་མི་སྣར་བརྟེན་ནས་བོད་དར་རྒྱས་གཏོང་བའི་བརྗིད་ཆེའི་རོལ་དབྱངས་དཀྲོལ་བ།
སྤེལ་དུས། 2017-04-13   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  དབང་འདུས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རང་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

          2016ལོའི་ཟླ་11ཚེས་8ཉིན་པེ་ཅིང་སློབ་ཆེན་སྨན་ཁང་དང་པོ་དང་། པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པ། པེ་ཅིང་ཞེ་ཧོ་སྨན་ཁང་། ཨན་ཧུའེ་ཞིང་ཆེན་སྨན་ཁང་སོགས་རྒྱལ་ནང་གི་གཙོ་གནད་སྨན་ཁང་མང་པོའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་9ཡིས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཞིང་། འདི་ནི་ཨན་ཧུའེ་ཞིང་ཆེན་སྨན་ཁང་གི་ནད་ལྕི་གསོ་རིག་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཝུའུ་ཧྲོང་གིས་ནད་པར་བརྟག་དཔྱད་བྱེད་བཞིན་པ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་བྱ་གཞག་ཡག་པོ་སྒྲུབ་དགོས་ཚེ་འགག་རྩ་ནི་ཏང་དང་། མི། ཤེས་ལྡན་མི་སྣ་བཅས་ལ་ཐུག་ཡོད་ཅེས་བསྟན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་རང་ལྗོངས་ཀྱིས་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་གྱི་དམིགས་བསལ་ལེགས་ཆ་དམ་པོར་འཛིན་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང་ལྷག་པར་དུ་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་མཛུབ་སྟོན་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཤེས་ལྡན་མི་སྣ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྩ་ཆེ་ཤོས་དང་རྒྱུན་སྲིང་ཐུབ་ཤོས་ཀྱི་ཐོན་ཁུངས་ཨང་དང་པོར་ཐོག་མཐའ་བར་གསུམ་དུ་བརྩིས་ཏེ་ཤེས་ལྡན་མི་སྣར་བརྟེན་ནས་བོད་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཤེས་ལྡན་མི་སྣར་གཅེས་སྤྲས་དང་། སྣང་ཆེན། གསོ་སྐྱོང་། ནང་འདྲེན། གནས་ཐུབ་པ། བེད་སྤྱོད་པ་བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། བོད་འཕེལ་རྒྱས་དང་བརྟན་ལྷིང་གི་དོན་དངོས་ལ་གཞི་ཚུགས་ནས་རྒྱལ་ཁབ་ཀྱི་རྣམ་གྲངས་དང་བོད་སྐྱོར་གྱི་ཐབས་ལམ་ལ་བརྟེན་ཏེ་ལྗོངས་ནང་ཁུལ་དང་ལྗོངས་ཕྱིའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་བྱེད་ཐབས་སྣ་མང་མཉམ་དུ་སྤྱོད་ནས་གཞི་ཁྱོན་ཆེ་བ་དང་། གྲུབ་ཆ་ལེགས་སྒྲིག བཀོད་པ་ལུགས་མཐུན། བྱང་ཚད་ལེགས་པ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཧུར་ཐག་བཏོད་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་དང་ཡར་རྒྱས་གསར་པ་བྱུང་ཡོད། 
          ཤེས་ལྡན་མི་སྣའི་བོད་སྐྱོར་དཔེ་དབྱིབས་གསར་གཏོད་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་འཕེལ་རིམ་གསར་པ་བཏོད་པ།
          ད་ཕན་ལོ་ཤས་རིང་བོད་ལྗོངས་ཀྱིས་ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ་ཀྲུང་དབྱང་གི་བླང་བྱ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལས་བྱེད་པའི་བོད་སྐྱོར་དང་། དཔལ་འབྱོར་བོད་སྐྱོར། ཤེས་ལྡན་མི་སྣའི་བོད་སྐྱོར། ལག་རྩལ་བོད་སྐྱོར་བཅས་ཟུང་འབྲེལ་བྱེད་པའི་ལས་དོན་སྤེལ་སྟངས་སྔར་བས་ལེགས་སུ་བཏང་བས་བོད་སྐྱོར་ལས་དོན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
          ཀྲུང་དབྱང་གི་རྒྱལ་ཁབ་པུའུ་ཨུད་དང་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་མངགས་པའི་དམིགས་སའི་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་བཏང་བ་དང་། བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་ཁྲོད་སློབ་གསོ་དང་། འཕྲོད་བསྟེན། ཚན་རྩལ། ཞིང་འབྲོག ཡུལ་སྐོར། དབུལ་སྐྱོར་གསར་སྤེལ། གླིང་ཁུལ་གསར་སྤེལ་སོགས་དགོས་མཁོ་ཆེ་བའི་ལས་རིགས་དང་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་བསྡུར་ཚད་མང་དུ་བཏང་བ་རེད། ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་ཁྲོད་ཆེད་ལས་ལག་རྩལ་མི་སྣ་690ཟིན་པ་དེས་44.2%བཟུང་བ་དེ་ཁག་བདུན་པ་ལས་བརྒྱ་ཆའི་གྲངས་6.52འཕར་ཡོད། རྣམ་གྲངས་ཅན་འཁོར་རྒྱུག་དང་རིགས་གཅིག་མཁས་ཅན་དཔུང་ཁག་གིས་དུས་བཀག་ལྟར་བོད་དུ་སྐྱོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆེད་ལས་ལག་རྩལ་མི་སྣས་དུས་ཐུང་བོད་སྐྱོར་གྱི་ལས་དོན་ཤུགས་ཆེན་སྤེལ་ནས་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་ཚན་པ་ཁག་དང་མཐུན་སྦྱོར་བྱས་ནས་སློབ་གསོ་དང་། འཕྲོད་བསྟེན། ཚན་རྩལ་སོགས་བོད་ལྗོངས་སུ་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་བོད་དུ་ལས་དོན་སྒྲུབ་པར་མངགས་ཏེ་ཤེས་ལྡན་མི་སྣའི་བོད་སྐྱོར་གྱི་གཞི་ཁྱོན་རྒྱ་ཆེར་བཏང་བ་མ་ཟད། རོགས་སྐྱོར་བྱ་ཡུལ་གྱི་ཤེས་ལྡན་མི་སྣ་ཁ་ཐང་བའི་གནད་དོན་ཐག་གཅོད་ཐུབ་པ་རེད།
          2015ལོའི་ཟླ་8པ་ནས་བཟུང་། ཀྲུང་དབྱང་རྩ་འཛུགས་པུའི་གཅིག་གྱུར་སྒྲིག་འཛུགས་དང་མཐུན་སྦྱོར་འོག་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་པེ་ཅིང་ཞེ་ཧོ་སྨན་ཁང་སོགས་སྨན་ཁང་གསུམ་དང་དེ་བཞིན་པེ་ཅིང་དང་། ཧྲང་ཧའེ། ཁྲུང་ཆིང་། ཨན་ཧུའེ། ཀོང་ཏུང་། ལེའོ་ཉིང་། ཧྲའན་ཤིས་བཅས་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ནས་ཁག་གཉིས་ཀྱི་ནང་སའི་སྨན་བཅོས་ཀྱི་རིགས་གཅིག་མཁས་ཅན་300ལྷག་ཙམ་མངགས་ཏེ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ལས་དོན་སྤེལ་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མི་དམངས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་འཇོན་ཐང་དང་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ་སྨན་བཅོས་ཆུ་ཚད་མཐོ་བ་དང་ཞབས་ཞུའི་འཇོན་ཐང་ཆེ་བའི་ས་གནས་དེ་གའི་སྨན་བཅོས་ཀྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་པས“ངས་ཚན་རིག་ལག་རྩལ་སྦྱངས་ཏེ་ཚན་རྩལ་གྱི་རྨོངས་པ་སེལ་རྒྱུ་ཡིན”ཞེས་པ་ནས“ངས་ཚན་རིག་ལག་རྩལ་སྦྱངས་ཏེ་ཚན་རྩལ་མཁས་པ་བྱ་རྒྱུ་ཡིན”ཞེས་པའི་བར་འགྱུར་ལྡོག་རགས་ཙམ་བྱུང་ཡོད།
          མིག་སྔའི་བར་བོད་སྐྱོར་སྨན་བཅོས་ཀྱི་ཤེས་ལྡན་མི་སྣས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་སྨན་ཁང་དུ་གཙོ་གནད་ཆེད་ཚན་52བསྐྲུན་པ་དང་། ཆེད་ཚན་འཕེལ་རྒྱས་ཀྱི་འཆར་འགོད་151བཟོས་པ། སྨན་བཅོས་ཚན་ཞིབ་ཀྱི་འགག་སྒྲོལ་རྣམ་གྲངས་58གཏན་འཁེལ་བཅས་བྱས་པས་ས་གནས་དེ་གའི་སྨན་དོན་མི་སྣ་455ལ་ཐད་ཀར་ཁྲིད་སྟོན་བྱས་ནས་ལས་སྒོ་གསར་པ་དང་ལག་རྩལ་གསར་པ་452ཁྱབ་གདལ་བཏང་བ་དང་སྒྲིག་སྲོལ་ལམ་སྲོལ་ཁག་1390བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད། རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་འཛུགས་སྐྲུན་ལ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་2.19བཏང་སྟེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མི་དམངས་སྨན་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཕྱིན་ནས་རྫོང(ཆུས)74ཡི་སྨན་བཅོས་ཆུ་ཚད་གོང་མཐོར་བཏང་བ་རེད།
          ལྗོངས་ཕྱི་ནས་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤེས་ལྡན་མི་སྣ་ཁ་ཐང་བའི་ཞན་ཆ་གསབ་པ།
          2015ལོར་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་གདན་འདྲེན་བྱེད་ཐབས་ཐེངས་དང་པོ་བཏོན་ནས་ཚན་ཞིབ་ཀྱི་འགྲོ་གྲོན་དང་། སྒེར་གྱི་ཁ་གསབ་རོགས་དངུལ། གླ་ཆའི་ཐོབ་ཆ། སྡོད་ཁང་སྲིད་ཇུས། ནང་མི་བཀོད་སྒྲིག ཁེ་ལས་གསར་གཏོད། ལས་གནས་དཔྱད་བསྡུར་གདན་ཞུ། བྱ་དགའི་སྲིད་ཇུས་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མཐོ་རིམ་ཤེས་ལྡན་མི་སྣ་གདན་འདྲེན་ཐུབ་པ་དང་གནས་ཐུབ་པའི་འགན་ལེན་བྱས་པ་རེད། མིག་སྔར་མཐོ་རིམ་ཤེས་ལྡན་མི་སྣ་35གདན་འདྲེན་ཞུས་པའི་ནང་མི་20བབ་བསྟུན་གདན་འདྲེན་ཞུས་པ་དང་མི་15ལས་གནས་བསྒྱུར་ནས་གདན་འདྲེན་ཞུས་པར་བརྟེན་རང་ལྗོངས་སུ་མཐོ་རིམ་ཤེས་ལྡན་མི་སྣ་དཀོན་པའི་རྣམ་པ་ཞི་ལྷོད་དུ་ཕྱིན་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ལས་ཀའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》བཟོས་ཏེ་ལས་གནས་བཀོད་སྒྲིག་དང་། རྩ་འཛུགས་འཚོ་བ། གླ་ཆ་ཁ་གསབ། སློབ་སྦྱོང་གསོ་སྦྱོང་། འཁོར་ཞག ལུས་རྨས་འགན་བཅོལ་སོགས་གཏན་འབེབས་བྱས་པ་རེད། འབུམ་རམས་པ་ཞབས་འདེགས་ཚོགས་པའི་ཁོངས་མིས་རང་ཉིད་ཀྱི་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཐབས་འདོན་ཇུས་འབུལ་དང་། འབྲེལ་ཟམ་བཙུགས་ནས་བརྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་ལ་རྒྱབ་སྐྱོར་བྱས་པ་དང་འབྲེལ་ཕུལ་བྱུང་འབུམ་རམས་པའི་ཞབས་ཞུའི་དུས་ཡུན་རིང་དུ་གཏོང་བའམ་ཡང་ན་བོད་སྡོད་ལས་དོན་སྒྲུབ་པར་སྐུལ་ལྕག་དང་རོགས་སྐྱོར་བྱས་པ་རེད། ལོ་5རིང་བོད་ལྗོངས་ཀྱིས་ཁྱོན་འབུམ་རམས་པ་114བོད་དུ་གདན་འདྲེན་ཞུས་ནས་ཞབས་ཞུའི་སྦྱོང་བརྡར་སྤེལ་བར་བརྟེན་སྨན་བཅོས་འཕྲོད་བསྟེན་དང་། ནོར་ཁྲལ་དངུལ་རྩ། ཐོན་ལས་དཔལ་འབྱོར། ལས་གྲྭ་འཛུགས་སྐྲུན་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྣེ་ཁྲིད་ནུས་པ་འདོན་སྤེལ་ཐུབ་ཡོད།
          སློབ་ཆེན་སློབ་མའི་དང་བླངས་པ་བོད་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ལ་ཞུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་ཐུབ་ཆེད། བོད་ལྗོངས་ཀྱིས་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་འགོད་ཀྱི་ཆེད་དོན་ལས་དོན་གཏིང་ཟབ་སྤེལ་བ་དང་འབྲེལ་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་འགོད་ཀྱི་བོད་ཀྱི་ཆེད་དོན་བསམ་འཆར་དང་བོད་སྡོད་ལས་དོན་ལག་བསྟར་གཏིང་ཟབ་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོས་ཡོད། 2014ལོར་དང་བླངས་པའི་དཔུང་ཁག་གི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་2013ལོའི་མི་450ནས་ལོ་རེར་མི་2000བར་མང་དུ་ཕྱིན་ཡོད།
          མིག་སྔར་དང་བླངས་པ་601གིས《སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་ལྗོངས་ཕྱིའི་སློབ་ཁུངས་ཞབས་ཞུའི་དུས་འཐིམ་དང་བླངས་པའི་བོད་སྡོད་ལས་དོན་བྱེད་ཐབས(ཚོད་ལྟའི་ལག་བསྟར)》བོད་སྡོད་ལས་དོན་སྤེལ་བ་བརྒྱུད་ཤེས་ལྡན་མི་སྣའི་གྲུབ་ཆ་ལེགས་སུ་ཕྱིན་ཡོད།
          ས་གནས་དེ་གའི་ཤེས་ལྡན་མི་སྣའི་གསོ་སྐྱོང་ལམ་སྲོལ་གསར་གཏོད་བྱས་ནས་འཕེལ་རྒྱས་བརྟན་ལྷིང་གི་རིག་ནུས་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་པ།
          2016ལོའི་ཟླ་12ཚེས་5ཉིན་ཆིང་ཧྭ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་དུ་སྐབས་དང་པོའི“བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་ལས་བྱེད་པའི་སྤྱི་པའི་དོ་དམ་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ”དངོས་སློབ་མཇུག་བསྒྲིལ་བ་དང་ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་སླེབས་པའི་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་40གྲུབ་འབྲས་ཀྱིས་ཕྱུག་བཞིན་བོད་དུ་ཕྱིར་ལོག་ནས་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་ཞུགས་པ་རེད།
          ཆིང་ཧྭ་སློབ་ཆེན་གྱི་མངོན་གསལ་དོད་པའི་རིག་སྟོབས་ཐོན་ཁུངས་དང་ཤེས་ལྡན་མི་སྣའི་ལེགས་ཆར་བརྟེན་ནས་ལེགས་ཆ་ཕན་གསབ་དང་མཉམ་ལས་གཉིས་ཕན་གྱི་ལམ་སྲོལ་གསར་པ་བཙུགས་ཡོད། 2016ལོར་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཆིང་ཧྭ་སློབ་ཆེན་དང་སྔར་བས་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716