སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་སློབ་གྲྭའི་སློབ་གསེང་ལུས་རྩལ་ནང་དར་སྤེལ་བཏང་བ།
སྤེལ་དུས། 2017-04-17   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་སྟོབས་ལགས།
  བོད་ལ་སྔར་ནས་བཟུང“གླུ་གར་གྱི་རྒྱ་མཚོ”ཞེས་པའི་མཚན་སྙན་ལྡན་ཞིང་། མི་རིགས་ཁག་གི་མི་དམངས་གླུ་གར་ལ་མཁས་པ་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྨང་གཞི་ལས་བོད་ཀྱི་སྲོལ་རྒྱུན་ཞབས་བྲོ་དང་སྲོལ་རྒྱུན་ཟློས་གར་རིགས་ཀྱི་རྣམ་གྲངས་ཀྱི་བསྡུར་ཚད་རིམ་པ་ཁག་དང་རིགས་ཁག་གི་རྣམ་གྲངས་ཀྱི་ཨང་དང་པོར་སླེབས་ཡོད། གསར་འགོད་པར་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ནས་ཤེས་རྟོགས་བྱུང་བར། རིགས་ཆེན་པོ་དེ་གཉིས་པོའི་བོད་རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁྱོན་108ཡོད་པ་དེས་བོད་རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་བསྡོམས་འབོར་གྱི་33.4%བཟུང་བ་དང་། རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་39ཡོད་པ་དེས་བོད་ལྗོངས་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་བསྡོམས་འབོར་གྱི་43.8%བཟུང་ཡོད།
  འདི་ལོའི“བོད་ཀྱི་ལོ་གསར་མཚན་ཚོགས”ཐོག་འཁྲབ་སྟོན་བྱས་པའི“ལྷ་རྩེའི་སྟོད་གཞས”དང“སོག་ཞོལ་རལ་པར”མི་རྣམས་ཀྱི་བསྔགས་བརྗོད་དང་དོ་ཁུར་རྒྱ་ཁྱབ་ངང་ཐོབ་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གླུ་གར་དེ་དག་འཁྲབ་སྟོན་བྱེད་མཁན་ཚང་མ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཡིན་པས་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤུལ་བཞག་དེ་གཉིས་ལྷ་རྩེ་དང་སོག་རྫོང་གཉིས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་སློབ་གྲྭའི་སློབ་གསེང་ལུས་རྩལ་ནང་དར་སྤེལ་བཏང་བ”ཞིག་རེད།
  ཉེ་བའི་ལོ་ཤས་རིང་། བོད་རང་ལྗོངས་ཀྱི་རིམ་ཁག་རིག་གནས་སྡེ་ཚན་དང་སློབ་གསོའི་སྡེ་ཚན་གྱིས་ས་ཁུལ་ཁག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་དགའ་སྣང་ལ་དམིགས་ཏེ་སྲོལ་རྒྱུན་ཞབས་བྲོ་དང་སྲོལ་རྒྱུན་ཟློས་གར་རིགས་ཀྱི་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སློབ་གྲྭའི་ནང་གདན་ཞུ་བྱེད་པ་དང་དགའ་སྣང་འཛིན་གྲྭའི་མཛུབ་ཁྲིད་དགེ་རྒན་གྱིས་འགན་ཁུར་ནས་ས་ཁུལ་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི“མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་སློབ་གྲྭའི་སློབ་གསེང་ལུས་རྩལ་ནང་དར་སྤེལ་གཏོང་སྲོལ”ཞིག་བཏོད་ཡོད། སྐབས་ཤིག་རིང་རང་ལྗོངས་ཀྱི་ས་ཁུལ་ཁག་ཏུ་མི་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་དང་ཟློས་གར་རིགས་ཀྱི་རྣམ་གྲངས་སློབ་གྲྭའི་ནང་སྤེལ་བའི་ཚ་རླབས་འཕྱུར་བ་རེད།
  ད་ཆ་ལྷོ་ཁར་ཡར་ཀླུང་བཀྲ་ཤིས་ཞོལ་པ་དང་། འཕྲེང་འགོའི་བྲོ། འཇུའི་བྲོ། ལུ་གུའི་ལྷ་མོ་སོགས་ཡུལ་དེའི་ཁྱད་ཆོས་ཟབ་མོ་ལྡན་པའི་བོད་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་སྲོལ་རྒྱུན་གླུ་གར་དང་ཟློས་གར་རྣམ་གྲངས་དག་གཞོན་ནུ་ལོ་ཆུང་གི་ཁྱད་ཆོས་དང་མཐུན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སློབ་གསེང་ལུས་རྩལ་ལ་སྒྲིག་བཟོ་བྱས་ཏེ་སློབ་མ་ཚོར་ཆུང་དུས་ནས་སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་པ་བྱས་པས། གཞོན་ནུ་ལོ་ཆུང་གི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཕྱིན་ཡོད། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)12ཀྱིས“མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་སློབ་གྲྭའི་སློབ་གསེང་ལུས་རྩལ་ནང་དར་སྤེལ་གཏོང་བའི”བྱེད་སྒོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་དེའི་ནང་ཞུགས་མཁན་དགེ་རྒན་དང་སློབ་མ་ཁྲི་1.4ལྷག་ཙམ་ཟིན་ཡོད།
  ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་སློབ་གྲྭའི་སློབ་གསེང་ལུས་རྩལ་ནང་དར་སྤེལ་གཏོང་བའི”རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་བ་དང་2016ལོའི་ཟླ་11པར་ལག་ལེན་བསྟར་ཚུན། རྒྱལ་ཁབ་རིམ་པའི་ཆབ་མདོའི་སྒོར་གཞས་དང་། སྟེང་ཆེན་གྱི་རལ་པ། སྨར་ཁམས་ཀྱི་པི་ཝང་། རི་བོ་ཆེའི་བྲོ་སོགས་ཆབ་མདོའི་ཁྱད་ཆོས་ལྡན་པའི་གླུ་གར་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྣམ་གྲངས་8རྩོམ་སྒྲིག་དང་བསྡུ་སྒྲིལ་བྱས་པར་བོད་ཤར་རྒྱུད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རླུང་འཕྲིན་ལུས་སྦྱོང་ཆ་ཚང་ཞིག་གྲུབ་པ་དང་། མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཁྱབ་གདལ་གཏོང་བཞིན་ཡོད་པ་རེད།
  ད་ཆ་འཁྲབ་སྟོན་ཡང་ཡང་བྱེད་པའི་གོ་སྐབས་བྱུང་བ་དང་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་ཚད་མཐོ་རུ་ཕྱིན་པ་ལས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་འབོར་ཆེན་ཞིག་གི་ལྟ་བར་འགྱུར་ལྡོག་འགྲོ་བ་དང་ཡུལ་དེ་གའི་ཞབས་བྲོ་འཁྲབ་ཤེས་པ་ནི་གཟི་བརྗིད་ཡིན་པའི་འདུ་ཤེས་ཤིག་སློབ་གྲྭའི་ནང་རིམ་བཞིན་ཆགས་བཞིན་ཡོད་པ་རེད།
  བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། བོད་ཀྱི་ས་ཁུལ་ཁག་གིས་བྱེད་ཐབས་སྣ་ཚོགས་བརྒྱུད། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཕྱེད་ཀ་ཙམ“མངོན་མིན་རིག་གནས་ཤུལ་བཞག”སྲུང་སྐྱོབ་རྒྱུན་འཛིན་ཁྲོད་ཞུགས་པ་དང་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ་བྱས་ཏེ“མི་ཚང་མས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བྱེད་པའི”འདུ་ཤེས་སློབ་གྲྭའི་རིག་གནས་ནང་མཉམ་འདྲེས་ནུས་ལྡན་ཐུབ་པ་བྱས་པས། རྒྱ་ཆེའི་སློབ་མས་ལུས་སྦྱོང་བྱེད་པ་དང་ཆབས་ཅིག་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་ཚོར་ཐུབ་པ་བྱུང་བ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་དུས་རབས་གསར་པའི་རྒྱུན་འཛིན་པར་གྱུར་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716