སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་ཁེ་ལས་ཆུང་ཕྲན་གྱི་ཚོང་རྟགས་འཐབ་ཇུས་ལ་ཆེད་དོན་རོགས་སྐྱོར་གནང་རྒྱུ་རེད།
སྤེལ་དུས། 2017-04-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་འཚོས་བསྒྱུར།
          གསར་འགོད་པས་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ནས་རྒྱུས་ལོན་པ་སྟེ།  ཡར་སྔོན།  ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཆུང་ཕྲན་གྱི་ལས་སྐྲུན་གསར་སྐྲུན་རྟེན་གཞིའི་གྲོང་ཁྱེར་དཔེ་སྟོན་འཛུགས་སྐྲུན་ལས་དོན་གྱི་སྲིད་ཇུས་དང་བྱེད་ཐབས་འགའ》(གཤམ་ནས་བསྡུས་མིང་ལ《བྱེད་ཐབས》འབོད)པར་སྐྲུན་འགྲེམ་སྤེལ་བྱས།  དེའི་ཁྲོད།   ཁེ་ལས་ཆུང་ཕྲན་གྱི་ཚོང་རྟགས་འཐབ་ཇུས་ལ་ཆེད་དོན་རོགས་སྐྱོར་གནང་སྟེ།  ཁེ་ལས་ཆུང་ཕྲན་གྱིས་རྒྱལ་ཁབ་ཀྱི་ཚོང་རྟགས་མིང་གྲགས་ཅན་དང་བོད་རང་སྐྱོང་ལྗོངས་ཀྱི་ཚོང་རྟགས་མིང་གྲགས་ཅན་ཧུར་ཐག་གིས་བསྐྲུན་གང་ཐུབ་བྱེད་པར་སྐུལ་མ་དང་ཁྲིད་སྟོན་གནང་རྒྱུ་དང་།  ཚོང་རྟགས་ཐོ་འགོད་བྱས་ཟིན་པའི་ཁེ་ལས་ཆུང་ཕྲན་ལ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་བྱ་དགའི་མ་དངུལ་སྟེར་རྒྱུ་མ་ཟད། ལོ 3གྱི་དཔེ་སྟོན་དུས་རིམ་གྱི་འཁོར་སྐྱོད་མ་དངུལ་ལས་སོ་སོར་སྒོར་ཁྲི20དང་སྒོར་ཁྲི5ཡི་བྱ་དགའ་གནང་རྒྱུ།
          ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་གནང་དོན།  རྒྱ་ཆེ་བའི་ཁེ་ལས་ཀྱིས་རང་རྟོགས་སྒོས་ཚོང་རྟགས་འཐབ་ཇུས་སྤྱད་དེ་ཚོང་རའི་འགྲན་རྩོད་ནང་ཞུགས་པར་སྐུལ་ཁྲིད་བྱས་པ་བརྒྱུད།  སྤྱི་ཚོགས་ལས་རིགས་ཁག་གི་ཚོང་རྟགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།  ཚོང་རྟགས“ཡི་གེ་བཞི་དང་སྐྱོད་པ་ལྔ”ཡི་ཁྲིད་སྟོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ།  ཀུན་གྱིས་ལས་སྐྲུན་དང་མང་པོས་གསར་སྐྲུན་བྱེད་པར་ཚོང་རྟགས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་གང་ཐུབ་བྱ་རྒྱུ། 《བྱེད་ཐབས》འདིས་རང་ལྗོངས་ཀྱི་ཁེ་ལས་ཆུང་ཕྲན་གྱིས་ཚོང་རྟགས་འཐབ་ཇུས་ལག་ཏུ་བསྟར་བར་སྐུལ་མ་དང་ཁྲིད་སྟོན་གནང་རྒྱུ་དང་།   རྒྱལ་ཁབ་ཀྱི་ཚོང་རྟགས་གྲགས་ཅན་དང་རང་སྐྱོང་ལྗོངས་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་ཟིན་པའི་ཁེ་ལས་ཆུང་ཕྲན་ལ་བྱ་དགའ་ངེས་ཅན་གནང་རྒྱུ། དུས་མཚུངས་སུ།  ས་གཤིས་མཚོན་རྟགས་ཅན་གྱི་ཚོང་རྟགས་ཐོ་འགོད་བྱས་ཟིན་པའི་ཁེ་ལས་ཆུང་ཕྲན་ལ་དུད་ཚང་རེར་སྒོར་ཁྲི5ཡི་བྱ་དགའ་གནང་བ་དང་།  ཚོང་རྟགས་ཐོ་འགོད་བྱས་པའི་ཁེ་ལས་ཆུང་ཕྲན་ལ་དུད་ཚང་རེར་སྒོར་ཁྲི1གི་བྱ་དགའ་གནང་རྒྱུ།  གཞན་ཡང་།  གྲོང་ཁྱེར་ཡོངས་སུ་ཁེ་ལས་ཆུང་ཕྲན་གྱི་ཚོང་རྟགས་ཆས་རྟགས་འཐབ་ཇུས་ལག་ལེན་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་ལས་ཁུངས་དང་མི་སྒེར་ལ་ད་དུང་བྱ་དགའ་ངེས་ཅན་གནང་རྒྱུ།
          རྒྱུས་ལོན་པ་ལྟར་ན།  ཉེ་བའི་ལོ་འགར།  ལྷ་ས་གྲོང་ཁྱེར་གྱིས་ཚོང་རྟགས་ལ་བརྟེན་ནས་ཁེ་ལས་དར་སྤེལ་དང་ཚོང་ར་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཧུར་ཐག་གིས་ལག་བསྟར་བྱས་པས།  མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཆས་རྟགས་དང་ཚོང་རྟགས་མིང་གྲགས་ཅན་དེ་བོད་སྨན་དང་གཏེར་ཆུ།  ཨར་ལས།  སྐྱེ་ཁམས་ཞིང་ལས་ཐོན་རྫས་སོགས་ལས་རིགས་སོ་སོར་ཁྱབ་ཡོད།  2016ལོའི་ལོ་མཇུག་བར་དུ།  ལྷ་ས་གྲོང་ཁྱེར་གྱི་ཚོང་རྟགས་སྤྱི་འབོར5882ལ་སླེབས་པ་དང་། དུས་མཉམ་དང་བསྡུར་ན34﹪འཕར་ཏེ།  ཆ་སྙོམས་ཀྱིས་གཙོ་གཞི་ཚོང་ར13རེ་ཡིས་ཚོང་རྟགས1རེ་བདག་ཏུ་བཟུང་ཡོད།།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716