སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
[དྲ་འཕྲིན་བྱ་གཞག་གི་གྲུབ་འབྲས]“དྲ་བ +”གྱི་འཚོ་བར་མཉམ་རོལ་དང་དེ་ཉིད་ཀྱི་ཕན་བདེ་ཉམས་སུ་མྱོང་བ།
སྤེལ་དུས། 2017-04-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།
  ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་སྐབས། བོད་ལྗོངས་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་ཀྲང་ཡུད་རུང་ནས་གསར་འགོད་པར་ངོ་སྤྲོད་གནང་བར། བོད་ལྗོངས་ཀྱི་དྲ་རྒྱའི་འཕེལ་རྒྱས་ཀྱི་ནང་དོན་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡིན་པས་ན།“འདི་ཉིད་བརྗོད་གཞིར་བྱས་ཏེ་དཔེ་ཆ་ཞིག་བརྩམ་འཆར་ཡོད་ཅིང་། འབུམ་རམས་པའི་དཔྱད་རྩོམ་ཞིག་བྲིས་ཀྱང་གནད་དོན་ཅི་ཡང་མེད”ཅེས་གསུངས།《བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་བྱ་གཞག་གི“ལོ་ལྔ་ཚན་བཅུ་གསུམ”གྱི་འཕེལ་རྒྱས་ཇུས་གཞི》ལ་གཞིགས་ཏེ།“ལོ་ལྔ་ཚན་བཅུ་གསུམ”གྱི་དུས་མཇུག་ཏུ་བོད་ལྗོངས་ཀྱི་སྲིད་ཇུས་ཀྱི་བདག་རྐྱེན་འོག་སྲིད་འཛིན་གྲོང་ཚོའི་སྐུད་མེད་དྲ་བའི་འབྲེལ་ཚད100% ཟིན་པ་བྱ་རྒྱུར་ཧུར་བསྐྱེད་བྱ་རྒྱུ་ཡིན་འདུག གཞན་ཡང་དུད་ཚང15ཡན་གྱི་ཆ་རྐྱེན་ཡོད་པའི་རང་བྱུང་གྲོང་ཚོ་དང་། དུད་ཚང10ཡན་གྱི་མཐའ་མཚམས་གྲོང་ཚོ་དང་། གནས་སྤོས་གྲོང་ཚོར་རིམ་བཞིན་འཕྲིན་གཏོང་བརྡ་རྟགས་ཡོངས་ཁྱབ་ཏུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད། 
  ཀྲང་ཡུད་རུང་ནས་བརྗོད་པར། ཁོང་ཉིད་ཀྱིས་གསར་འགོད་པ་དང་ལྷན་དུ་བོད་ལྗོངས་ཀྱི“དྲ་བ +”ཐད་ཀྱི་བཀའ་མོལ་གནང་རྒྱུའི་འདོད་མོས་ཆེན་པོ་ཡོད་ཅིང་།“ང་རང་བོད་རིགས་ཡིན་ཞིང་། ངའི་སློབ་གཉེར་གྱི་ཆེད་ལས་ནི་བོད་ལྗོངས་ཀྱི་ཁྱབ་སྤེལ་ཐད་ལ་ཞིབ་འཇུག་བྱ་རྒྱུ་དེ་རེད། མིག་སྔར་འབུམ་རམས་པའི་མཚན་གནས་ལེན་བཞིན་མཆིས་ལ། ངས་ཟུར་ངོས་འདིའི་ཐད་ནས་ཀུན་ཡིད་ཚིམ་པའི་གྱོད་དཔེ་མཁོ་འདོན་བྱེད་ཐུབ་རྒྱུའི་འདུན་པ་ཡོད”ཅེས་གསུངས།
  ཀྲང་ཡུད་རུང་ནས་གསར་འགོད་པར་ངོ་སྤྲོད་གནང་བར“དྲ་རྒྱའི་ཆ་འཕྲིན་ཁྱབ་སྤེལ་ལ་བརྟེན་པ་དང་། འཕེལ་རྒྱས་ཁྱབ་སྒྲོག་རིག་པའི་གཞུང་ལུགས་དང་། གསར་སྤེལ་རྒྱ་ཁྱབ་ཀྱི་རིགས་ལམ་ཐོག་ནས་བརྗོད་ཚེ། དུས་ཚོད་ཀྱི་ཚད་ཐིག་དང་བར་སྟོང་གི་གཞལ་ཚད་ཇེ་ཆུང་དུ་བཏང་ཡོད་ཅིང་། གལ་ཏེ་དྲ་རྒྱ་མེད་ཚེ། ང་ཚོས་དུས་ཡུན་ལོ་ངོ་བཅུ་ཕྲག་སྤྱད་ཚེ་ད་གཟོད་ཆ་འཕྲིན་ནམ་རིག་གནས་ཅི་རིགས་མཐའ་འཁོབ་ཀྱི་གྲོང་སྡེ་ཁག་ཏུ་ཁྱབ་སྤེལ་བྱ་ཐུབ”ཅེས་བརྗོད། ལོ་ངོ་འདི་དག་ནང་དུ་ཀྲང་ཡུད་རུང་ནས་བོད་ལྗོངས་ཀྱི་ཆེས་མཐའ་འཁོབ་ཏུ་གནས་པའི་ཡུལ་གྲོང་དུ་རྟོག་ཞིབ་ཏུ་ཕེབས་མྱོང་བ་སྟེ། དཔེར་ན། ཀྲུང་གོ་དང་བལ་ཡུལ་གྱི་ས་མཚམས་བར་དུ་ཆགས་པའི་སྐྱིད་རོང་འགག་སྒོ་དང་ཆབ་མདོ་སོགས་ཀྱི་མཐའ་མཚམས་གྲོང་སྡེ་ཁག་ཏུ་བསྐྱོད་པ་དང་། “ས་གནས་འདི་དག་ཏུ་སྔ་ས་ནས་རིག་ནུས་ཁ་པར་དང་། སྐུ་མེད་དྲ་རྒྱ་རྒྱ་ཁྱབ་ཏུ་སྤྱོད་པ་དང་། སྨྱན་བྱེད་ཀྱི་ཀློང་དུ་ཚུད་པ་ཙམ་མ་ཟད་ཧ་ལམ་མགོ་གཡེང་བ་ལྟ་བུར་གྱུར་འདུག”ཅེས་གསུངས།
  ཁོང་ནས་བརྗོད་པར།“བོད་ལྗོངས་སུ་དྲ་བ་སྤྱོད་ཐུབ་པ་མང་པོས་དྲ་ཐོག་ནས་ཉོ་ཆ་རྒྱག་བཞིན་ཡོད་ཅིང་། ཚོང་རྫས་མང་པོ་ནི་བོད་ལྗོངས་རང་ས་ནས་ཐོན་སྐྱེད་བྱེད་མི་ཐུབ་པ་དང་། ཐ་ན་ཚོང་ཁང་ཆེན་མོ་ཁག་ཏུའང་ཚོང་རྒྱུ་མེད། འོན་ཀྱང་དྲ་རྒྱ་བེད་སྤྱོད་བྱས་ཏེ། དངོས་རྫས་དཀོན་པའི་གནད་དོན་སེལ་ཐུབ་པ་དང་། དྲ་ཐོག་ནས་ཅ་དངོས་ཉོ་བའི་རླབས་རྒྱུན་དྲག་ཏུ་འཕྱུར་བའི་དབང་གིས་དབོར་འདྲེན་བྱ་གཞག་གི་འཕེལ་རྒྱས་ལའང་སྐུལ་འདེད་ཆེན་པོ་བཏང་ཡོད། འཕེལ་རྒྱས་དེ་དག་ལས་བྱུང་བའི་གྲུབ་འབྲས་ཀྱིས་ང་ཚོའི་འཚོ་བའི་སྤུས་ཚད་གོང་མཐོར་བཏང་བའོ།།”ཞེས་བརྗོད།
  སྤྱི་ལོ2016 ལོའི་དྲ་རྒྱའི་ཆ་འཕྲིན་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ཏུ་ཀྲུའུ་ཞི་ཞིས་ཅིན་ཕིང་མཆོག་ནས་གནའ་བོའི་ལེགས་བཤད་ཅིག་ལུང་དུ་དྲངས་པ་སྟེ།“དུས་དང་བསྟུན་ཏེ་ལས་བསྒྲུབ་ཅིང་། །མཐུན་རྐྱེན་འཛོམས་ཚེ་ལེགས་སྐྱེས་འབུལ། །བྱ་དངོས་ཆོས་ཉིད་ལེགས་སྤྱད་ནས། །དེ་ཡི་ཕན་ནུས་སྤྱོད་པར་བྱ། །”ཞེས་དང་།“དྲ་བའི་ཆ་འཕྲིན་བྱ་གཞག་གིས་ཐོན་སྐྱེད་སྟོབས་ཤུགས་གསར་པ་ཞིག་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་ཞིག་མཚོན་པས་ན། འཕེལ་རྒྱས་གསར་པའི་འདུ་ཤེས་ཀྱི་རྨང་གཞིའི་ཐོག་ཏུ་གོམ་གང་མདུན་སྤོས་བྱ་དགོས་ངེས་ཤིག་ཡིན་ལ་བྱ་ཐུབ་པ་ཞིག་ཀྱང་ཡིན”ཞེས་གསུངས། ཀྲང་ཡུད་རུང་ནས་བརྗོད་པར། ད་ལྟའི་ཆར་བོད་ལྗོངས་ཀྱི་དྲ་བའི་ཆ་འཕྲིན་བྱ་གཞག་གི་སྤྱིའི་གནས་སྟངས་ཤིན་ཏུ་ལེགས་པ་དང་། རེ་བར“དྲ་བ+”གྱི་འཚོ་བ་གསར་པར་མཉམ་རོལ་བྱེད་པ་དང་དུས་མཚུངས། བོད་ལྗོངས་སོགས་ས་ཁུལ་ཁག་གི་ཆེད་ལས་ཁྱབ་ཁོངས་ཀྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་བགྲོད་བསྙེགས་ཐུབ་པ་དང་། སྨྲ་དབང་མཚོན་ཐབས་དང་། ཁྱབ་སྤེལ་བྱེད་ཐབས། ཁ་བརྡ་འོས་འཚམས་བཅས་ལ་བཅོས་སྒྲིག་བྱས་ཏེ། བོད་ལྗོངས་མི་དམངས་རྣམས་ལ་དེ་ཉིད་ཀྱི་ཐོག་ནས་ཕན་བདེ་བསྐྲུན་ཐབས་བྱེད་དགོས་པའི་སྐོར་གྱི་དགོངས་བཞེད་ལྷུགས་བརྗོད་གནང་བའོ།།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716