སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ཀྱི་གཞུང་ཁོངས་ཁེ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ།
སྤེལ་དུས། 2017-04-29   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
          བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། བོད་ལྗོངས་སུ་གཞུང་ཁོངས་ཁེ་ལས་གཅིག་ཀྱང་མེད་པ་ནས་271བར་འཕེལ་རྒྱས་ཕྱིན་ཏེ་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། ཉམས་ཞན་ནས་སྟོབས་ཆེན་བར་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་སྟོབས་ཆེར་ཕྱིན་ཡོད།
          བོད་ལྗོངས་སུ་གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་དཔལ་འབྱོར་འདི་ཉིད་སྔར་ནས་ད་བར་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་མི་དམངས་ཀྱི་སྲིད་དབང་བཙུགས་པ་དང་དུས་གཅིག་ཏུ་བྱུང་བ་དང་། སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལས་རིམ་བཞིན་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་སོང་ཡོད། ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་ཡུན་རིང་ཧ་ཅང་རྗེས་ལུས་ཡིན་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་ཡིན་པས་དེང་རབས་ཀྱི་དོན་སྙིང་ལྡན་པའི་ཁེ་ལས་སྤྱིའི་ཆ་ནས་མེད། ཞི་བས་བཅིངས་འགྲོལ་གཏོང་རིང་བོད་ལྗོངས་སུ་གཞུང་ཁོངས་དཔལ་འབྱོར་རིམ་བཞིན་འཕེལ་རྒྱས་ཕྱིན་ནས་1951ལོའི་ཟླ་9པར་ཆབ་མདོ་བཅིངས་འགྲོལ་ཨུ་ལྷན་གྱི་སྦྲག་ཏར་ཁང་དང་། དངུལ་ཁང་། ཉོ་ཚོང་ཀུང་སི་བཅས་བཙུགས་པ་དང་། 1952ལོའི་ཟླ་6པར་བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་དམག་དཔུང་མཉམ་སྐྱོད་ཀྱི་ཉོ་ཚོང་རྨང་གཞིར་བྱས་ཏེ་ལྷ་སར་གཞུང་ཁོངས་ཁེ་ལས་དང་པོ་བོད་ལྗོངས་ཉོ་ཚོང་སྤྱི་ཁྱབ་ཀུང་སི་བཙུགས་པས་དུས་དེ་ནས་བཟུང་བོད་ཀྱི་གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་དཔལ་འབྱོར་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་འགྲོ་འགོ་ཚུགས་པ་རེད།
          ཞི་བས་བཅིངས་འགྲོལ་བཏང་རྗེས། རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་བོད་དུ་གཞུང་ཁོངས་ཁེ་ལས་འབྲིང་ཆུང་མང་པོ་བཙུགས་པས་སྦྲག་ཏར་དང་། དངུལ་ཁང་། ཉོ་ཚོང་། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ལས་གསར་སྦོལ། ནུས་རྒྱུ་སོགས་ལས་རིགས་ཚུད་པའི་གཞུང་ཁོངས་དཔལ་འབྱོར་གྱི་མ་ལག་རགས་ཙམ་ཆགས་པ་དེས་མཁོ་སྤྲོད་འགན་ལེན་དང་ཁྲོམ་ར་དར་རྒྱས་བྱུང་བ་མ་ཟད། ཟོག་གོང་ཡང་བརྟན་པོ་བྱུང་ནས་བོད་ཀྱི་དེང་རབས་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་སྐབས་བོད་ལྗོངས་སུ་གཞུང་ཁོངས་དཔལ་འབྱོར་རིགས་ཀྱི་ཁེ་ལས་73བཙུགས་ཟིན་པ་དང་། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་2349ཟིན་ཡོད། རང་སྐྱོང་ལྗོངས་དབུ་བརྙེས་རྗེས་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རྒྱལ་གཉེར་ཚོང་ལས་ཐབས་ལམ་གཙོ་བོར་འཛིན་པ་དང་འཆར་གཞི་ཡོད་པའི་ཚོང་ཟོག་འཁོར་རྒྱུག་སྒྲིག་གཞི་བཙུགས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་བ་དང་མཁོ་སྤྲོད་འགན་ལེན་བྱ་ཆེད་ཆ་རྐྱེན་བཟང་པོ་བཏོད་ཡོད། 1978ལོར་ལྗོངས་ཡོངས་སུ་གཞུང་ཁོངས་དཔལ་འབྱོར་རིགས་ཀྱི་ཁེ་ལས་150ཟིན་པ་དང་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་1.49ཟིན་ཡོད།
          སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དང་། ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་རྗེས་བོད་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་བཅོས་སྒྲིག་བྱེད་པའི་དུས་མཚམས་སུ་སླེབས་པ་དང་། “ཆེ་འཛིན་ཆུང་གློད”ཀྱི་སྒྱུར་བཅོས་འཐབ་ཇུས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་ནུས་ཤུགས་ཡོད་རྒུས་བཏོད་པས་ལྗོངས་ཡོངས་ཀྱི་གཞུང་ཁོངས་དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཡོད། 1995ལོར་བོད་དུ་རྐང་དངུལ་ཁྲོམ་རར་ཞུགས་པའི་ཀུང་སི་ཨང་དང་པོ་བཙུགས་པ་དང་། 1997ལོར་ལྗོངས་ཡོངས་སུ་གཞུང་ཁོངས་དཔལ་འབྱོར་རིགས་ཀྱི་ཁེ་ལས་227ཟིན་ནས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་11.7ཟིན་ཡོད།
          དུས་རབས་གསར་པར་སླེབས་རྗེས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་པའི་སྤྱིའི་དམིགས་ཚད་ལ་དམིགས་ནས། དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་པའི་ཀྲུང་དབྱང་གི་བླང་བྱ་ལྟར། གཞུང་ཁོངས་ཁེ་ལས་སྔར་བས་སྒྱུར་བཅོས་གཏིང་ཟབ་བྱས་པ་དང་གཞུང་ཁོངས་ཁེ་ལས་ཀྱི་བྱ་ཐབས་བརྗེ་སྒྱུར་དང་ལམ་སྲོལ་གསར་འཛུགས་དང་འཐབ་ཇུས་བསྐྱར་སྒྲིག་ལ་སྐུལ་འདེད་ཧུར་ཐག་བཏང་བས་གཞུང་ཁོངས་ཁེ་ལས་ལེགས་བསྡུས་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ཡོད། 2012ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་སྒྱུར་བཅོས་བྱེད་པའི་ལས་དོན་ལེགས་གྲུབ་ཟིན་པ་དང་། དེང་རབས་ཁེ་ལས་ཀྱི་ལམ་ལུགས་སྤྱིའི་ཆ་ནས་བཙུགས་ཟིན་ཏེ་གཞུང་ཁོངས་ཁེ་ལས་297ཟིན་པར་མ་རྩ་བསྡོམས་སྒོར་དུང་ཕྱུར་360ཟིན་པ་དང་། གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་80ཟིན་པ། ཁེ་བཟང་བསྡོམས་སྒོར་དུང་ཕྱུར་4.6ཟིན་པས་གོང་རིམ་ལ་དཔྱ་ཁྲལ་སྒོར་དུང་ཕྱུར་6.9འཇལ་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གིས་བོད་ལ་ལག་ལེན་བསྟར་བའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མ་དངུལ་དང་སྲིད་ཇུས་སོགས་ནས་གཞུང་ཁོངས་ཁེ་ལས་ལ་དམིགས་བསལ་གཙོ་གནད་རྒྱབ་སྐྱོར་བྱས་པས་དེ་སྔོན་ཐག་གཅོད་མ་ཐུབ་པའི་གནད་དོན་མཐའ་དག་ཐག་གཅོད་ཐུབ་པ་དང་། ལྗོངས་ཡོངས་ཀྱི་གཞུང་ཁོངས་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་སོང་ནས་གཞུང་ཁོངས་རྒྱུ་ནོར་རྒྱུན་ཆད་མེད་པར་མང་དུ་སོང་བ་དང་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་དང་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། 2016ལོར་སླེབས་སྐབས་ལྗོངས་ཡོངས་སུ་གཞུང་ཁོངས་ཁེ་ལས་271ཟིན་པ་དང་། མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་1926ཟིན་པ། གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་200ཟིན་པ། ཁེ་བཟང་བསྡོམས་སྒོར་དུང་ཕྱུར་44ཟིན་ནས་གོང་རིམ་ལ་དཔྱ་ཁྲལ་སྒོར་དུང་ཕྱུར་17འཇལ་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716