སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེས་མཐོ་སློབ་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་ལ་རྟོག་ཞིབ་གནང་བ།
སྤེལ་དུས། 2017-05-02   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྡོ།
གཟིགས་སྐྱོང་སྲིད་ཇུས་བཟོ་བ་དང་ཞབས་ཞུའི་ལས་སྟེགས་གཏོད་དེ་ལས་གཏོད་པས་མི་ཚེའི་ངོ་མཚར་གཏོད་རྒྱུར་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ།

          ཟླ་4ཚེས་30ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་ཚན་རྩལ་ཀུན་གཏོད་བར་མཐོངས་དང་བོད་ལྗོངས་ཨའེ་གཡོད་ཕུའུ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ཕེབས་ནས་མཐོ་སློབ་སློབ་ཐོན་སློབ་མའི་རང་བརྟེན་གསར་གཏོད་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་རྒྱ་ཆེའི་མཐོ་སློབ་སློབ་མ་ལས་གཏོད་པ་ཚོར“ལྔ་གཅིག”ངལ་རྩོལ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། འདི་ནི་ཝུའུ་དབྱིང་ཅེས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་འབྲེལ་ལས་གཏོད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།
          ཟླ་4ཚེས་30ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆེད་མངགས་ལྷ་ས་ཚན་རྩལ་ཀུན་གཏོད་བར་མཐོངས་དང་བོད་ལྗོངས་ཨའེ་གཡོད་ཕུའུ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ཕེབས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་ལས་གཏོད་པ་ཚོར“ལྔ་གཅིག”ངལ་རྩོལ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། སྲིད་གཞུང་གི་དྲུང་ཆེ་བཅས་ཡིན་པའི་ཧྥང་ལིང་མིན་བརྟག་ཞིབ་གནང་སྐབས་མཉམ་དུ་ཕེབས་པ་རེད། གནའ་གྲོང་ལྷ་སར་གསར་གཏོད་ལས་གཏོད་ཀྱི་ཚ་རླབས་འཕྱུར་བཞིན་ཡོད་ལ་ཚན་རྩལ་ཀུན་གཏོད་བར་མཐོངས་ནང་དགོད་སྒྲས་ཁེངས་བཞིན་མཆིས། ཝུའུ་དབྱིང་ཅེ་དང་བཅས་པ་དེ་གར་ཕེབས་ནས་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་ལས་གཏོད་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་མ་ཟད། ལས་གཏོད་ཀྱི་གནས་ཚུལ་མཁྱེན་རྟོགས་དང་དཀའ་ངལ་གང་ཡོད་མེད་བཀའ་འདྲི་གནང་བ་དང་འབྲེལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་སྐོར་ཡང་གླེང་གནང་བ་རེད།
          ལྷ་ས་ཚན་རྩལ་ཀུན་གཏོད་བར་མཐོངས་ནི་རང་ལྗོངས་ཀྱི་ཀུན་གཏོད་བར་མཐོངས་དང་པོ་དེ་ཡིན་པ་དང་དེ་གར་མིག་སྔར་ཚན་རྩལ་གྱི་ཁེ་ལས་ཆུང་བ་དང་ཆེས་ཆུང་གྲས་37ཡོད་པ་དང་ལས་གཏོད་མཁན་ནང་གཙོ་གནད་སློབ་ཆེན་གྱི་ཕུལ་བྱུང་སློབ་ཐོན་སློབ་མ་ཡོད་ཅིང་། ཁོང་ཚོའི་ཁྲོད་ནས་ལ་ལ་ནི་གཞུང་ཞབས་པའི་ལྕགས་ཕོར་དོར་ནས་ཚོང་རྒྱག་མཁན་ཡིན་པ་དང་ལ་ལ་ནི་སློབ་ཆེན་ཐོན་རྗེས་ཐད་ཀར་ལས་གཏོད་གདམ་ག་བྱེད་མཁན་ཡིན། བོད་ལྗོངས་དངོས་གྲུབ་ཁྲིམས་རྩོད་ལས་དོན་སུའོ་རུ་ལས་ཀ་བྱེད་མཁན་ཕུན་ཚོགས་སྒྲོལ་མ་དང་ཟླ་བ་ནི་པེ་ཅིང་སློབ་ཆེན་དང་ཅི་ལིན་སློབ་ཆེན་ནས་ཐོན་པ་དང་སློབ་གྲྭ་ཐོན་རྗེས་ཐད་ཀར་བྱ་གཞག་གསར་གཏོད་ནང་ཞུགས་ཤིང་། ད་ཆ་མི་རེར་ཟླ་རེར་གླ་ཆ་སྒོར་ཁྲི་གཅིག་ཙམ་ལེན་རྒྱུ་ཡོད། ལྷག་པར་དུ་ཕ་མས་ཐོག་མར་ངོ་རྒོལ་བྱེད་པ་ནས་ད་ཆ་རྒྱབ་སྐྱོར་བྱེད་པ་མཐོང་སྐབས་ཁོང་ཚོ་ཧ་ཅང་དགའ་པོ་བྱུང་ཡོད། ལྷ་ས་ཧའེ་ཏེའོ་མཐོང་ཟུར་སློབ་གསོ་བློ་འདྲི་ཚད་ཡོད་ཀུང་སིར་མཛེས་མ་ལྔ་ཡོད་པའི་ནང་ནས་ཀུང་སིའི་འགན་ཁུར་བ་བདེ་ཆེན་གཡུ་སྒྲོན་སྔ་རྗེས་སུ་པེ་ཅིང་སློབ་ཆེན་དང་ཉིའུ་གཡོད་སློབ་ཆེན་དུ་སློབ་སྦྱོང་བྱས་ཤིང་། ཁོང་གིས་ཀུང་སིས་ཧའེ་ཏེའོ་མཐོང་ཟུར་གྱི་ཐོག་ནས་བུད་མེད་དང་བྱིས་པའི་སློབ་གསོ་ཤེས་རྟོགས་བྱ་རྒྱུའི་བསམ་བློ་ཡོད། ད་ཆ་ལས་ཀའི་གཙོ་གནད་དེ་སྡེ་ཁུལ་གྱི་ཞབས་ཞུ་དང་མཐའ་རྒྱུད་ཀྱི་སློབ་གསོར་ཕྱོགས་ཡོད། རང་ཉིད་ཀྱི་འབད་བརྩོན་བརྒྱུད་སྡེ་ཁུལ་གྱི་ཡོང་འབབ་དམའ་བའི་གཞོན་ནུ་ལོ་ཆུང་དེ་བས་མང་པོས་ཡང་དག་པའི་མི་ཚེའི་ལྟ་བ་འཛུགས་རྒྱུར་རོགས་རམ་བྱས་ཏེ་ཁོང་ཚོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་བྱུང་། ཝུའུ་དབྱིང་ཅེས་གསན་རྗེས་ཐུགས་མགུ་པོ་བྱུང་བ་དང་ཁོང་གིས་ཁྱེད་ཚོས་ལས་གཏོད་ཧུར་ཐག་བྱས་ཏེ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མགྱོགས་མྱུར་མངོན་འགྱུར་ཐུབ་རྒྱུའི་སྐུལ་ལྕག་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགུལ་ངང་འབྲེལ་བ་བྱེད་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་སྲིད་གཞུང་གིས་ཞབས་ཞུའི་རྣམ་གྲངས་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལས་གཏོད་ཁེ་ལས་སྟོབས་ཆེར་འགྲོ་རྒྱུར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་སྨན་ཞིབ་འཇུག་གསར་སྤེལ་དང་ཕྱིར་ཚོང་བྱེད་ཀྱི་ཡོད། ཝུའུ་དབྱིང་ཅེས་ཀུང་སིའི་འགན་འཁུར་བ་ངག་དབང་ལ་ཚེ་གང་བྱ་བ་གཅིག་སྒྲུབ་པའི་སེམས་ཤུགས་ཡོད་དགོས་པ་དང་ཡུལ་པོ་བཟོད་ཐུབ་པ་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་གཞུང་ལ་ཞིབ་འཇུག་ནན་ཏན་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གསར་གཏོད་དང་བོད་སྨན་ཚད་ལྡན་ཅན་གྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བཏོན་པ་རེད། མུ་ལན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ནོར་བུ་ཡོན་ཏན་གྱིས་ཀུང་སིར་ད་ཆ་ལས་མི་18ཡོད། གཙོ་བོ་བོད་ཆས་ཇུས་འགོད་དང་ཕྱིར་ཚོང་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས། ཝུའུ་དབྱིང་ཅེས་ཁོང་ལ་སྤུས་རྟགས་གཏོད་པ་དང་ཐོན་ཟོག་རྩེ་གྲ་གཏོད་པའི་འདུ་ཤེས་ཡོད་དགོས་ལ། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་མངོན་པའི་གྱོན་ཆས་ཇུས་འགོད་བྱེད་དགོས་ཞེས་རེ་བ་བཏོན་པ་རེད། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཀྲེ་ཅང་སློབ་ཆེན་གྱི་སློབ་ཐོན་སློབ་མ་ཐུབ་བསྟན་ཤེས་རབ་ཀྱི་ལས་གཏོད་བྱས་རྗེས་ཐུགས་ལ་བཅངས་ཡོད། 2017ལོའི་དཔྱིད་གསར་དུས་ཆེན་སྐབས་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་སྐབས་དང་པོའི་འབྲོང་རྩེད་རིག་གནས་དུས་ཆེན་དང་ཚོང་འདུས་ཐོག་ཝུའུ་དབྱིང་ཅེས་ཁོང་དང་སྤེལ་རེས་ཟབ་མོ་གནང་མྱོང་ཡོད། ད་ཆ་ཁོང་གིས་ཞིབ་སྤེལ་བྱས་པའི“ཤེས་རབ་རལ་གྲི”ཞེས་པའི་བོད་ཡིག་ལྕགས་སྨྱུག་བྲིན་པོ་ཡོད་པ་དང་འདི་ལོ་ཀུང་སིས་སློབ་ཆེན་སློབ་ཐོན་སློབ་མ་བཞི་བསྡུས་པ་མཁྱེན་སྐབས་ཝུའུ་དབྱིང་ཅེ་ཐུགས་མགུ་པོ་བྱུང་ནས་ཁྱེད་ཀྱིས་མི་དེ་བས་མང་ཙམ་བསྡུས་ནས་སློབ་ཆེན་སློབ་མ་ལས་གཏོད་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། གཞིས་རྩེ་ཀུན་ཕན་མི་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སིས་བཟོས་པའི་དངུལ་ཁུག་སོགས་ལ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ལ་སྙིང་རྗེ་པོ་ཡོད་པས་གདེང་འཇོག་ཡག་པོ་ཐོབ་ཡོད། ཝུའུ་དབྱིང་ཅེས་ཀུང་སིའི་ལས་མི་ཚོས་གསར་གཏོད་ཐད་ཤུགས་མང་ཙམ་བརྒྱབ་ནས་ས་གནས་ཀྱི་ཞིང་འབྲོག་མང་ཚོགས་ངལ་རྩོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཡུན་ཧྲེ་ཀྲེ་ཀྲེན་གློག་རྡུལ་ཚད་ཡོད་ཀུང་སིས་གསར་གཏོད་བྱས་པའི“བོད་གཏོད་ལེགས་ཉོ”ཞེས་པ་གཉེར་ནས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ལས་གཏོད་གཞོན་ནུ་དང་ལས་གཏོད་རྣམ་གྲངས་ལ་ཐོན་ཟོག་གི་བཟོ་ལྟ་དང་། ཐོན་ཟོག་འགྲེམས་སྟོན། དྲ་ཐོག་ནས་ཕྱིར་ཚོང་སོགས་ལྷུ་ཚིགས་མང་བའི་གཞི་གཅིག་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ཤིང་། ན་ནིང་ཁོ་ནར་ཀུང་སི་དེས་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་གཉེར་ནས་ཞིང་འབྲོག་ཁུལ་གྱི་སློབ་མ་700ཙམ་གསོ་སྦྱོང་བྱས་ཡོད། ཝུའུ་དབྱིང་ཅེས་དེ་དག་གསན་རྗེས་ཁོང་ཚོའི་ལས་དོན་ལ་གདེང་འཇོག་གནང་བ་རེད།
          Uའགྲུལ་ལས་གཏོད་ཁ་ཧྥེ་ཁང་དུ་ཟ་ཁང་གི་ཏུང་ཧྲི་ཀྲང་བློ་བཟང་ཆོས་གྲགས་ཀྱིས་ལས་མི་ཚོར་སྦྱོང་བརྡར་བྱེད་བཞིན་ཡོད། ཝུའུ་དབྱིང་ཅེ་དང་བཅས་པས་ཁོང་ཚོས་བཟོས་པའི་ནས་ཀྱི་བག་ལེབ་ཀྱི་བྲོ་བ་མྱོང་བཞིན་ཟ་ཁང་གི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཁོང་གིས་ཀུང་སིས་སྤྱི་ཚོགས་ནས་ལས་མི་བསྡུས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ་དང་རིན་མི་དགོས་པར་ཞིང་འབྲོག་ཁུལ་གྱི་སློབ་མ་གསོ་སྦྱོང་བྱས་པ་དང་ཁོང་ཚོ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱེད་སྟངས་དེ་རིགས་ལ་བསྔགས་བརྗོད་གནང་བ་རེད།
          བོད་ལྗོངས་ཨའེ་གཡོད་ཕུའུ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་ཐོག་མར་བཙུགས་མཁན་སྐལ་བཟང་དབང་འདུས་ནུབ་བྱང་མི་རིགས་སློབ་ཆེན་ཐོན་རྗེས་རང་ཉིད་ཀྱི་ཕུགས་བསམ་འགྲུབ་ཆེད་གཞུང་གི་ལས་གནས་ལས་བྲལ་ཏེ་ལས་གཏོད་ཀྱི་བྱ་གཞག་ནང་ཞུགས་ཡོད། ཀུང་སི་ཐོག་མར་བཙུགས་པ་ནས་ད་བར་བསམ་འགྲུབ་དབང་རྒྱལ་དང་བསྟན་འཛིན་ཤེས་རབ་སོགས་སློབ་ཆེན་ཐོན་པའི་སློབ་ཐོན་སློབ་མ་19བསྡུས་ཡོད། ཁོང་ཚོས་ལས་དོན་ཁྲོད་དུ་ཕན་ཚུན་རོགས་རམ་བྱེད་པ་དང་འཚོ་བའི་ཁྲོད་བུ་སྤུན་ལྟར་ཕན་ཚུན་བརྩི་པོ་ཡོད་ལ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད། ཝུའུ་དབྱིང་ཅེས་ཀུང་སིས་བཟོས་པའི་དྲིལ་བསྒྲགས་ལེ་ཚན་གཟིགས་རྗེས་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་སློབ་ཆེན་སློབ་མའི་ལས་གཏོད་ཀུང་སི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཁོང་ཚོ་ཐོག་མར་ལས་གཏོད་ཀྱི་ལམ་བུར་ཞུགས་སྐབས་རོགས་རམ་མང་ཙམ་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
          ཝུའུ་དབྱིང་ཅེས་དམངས་ཀྱིས་བྱ་གཞག་གཏོད། ཀུན་གྱིས་གསར་གཏོད་བྱེད་ཅེས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་རྣམ་གསར་པར་བསྐྱོད་པར་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་ང་ཚོས་ནན་ཏན་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ཀྲུང་དབྱང་གི་འབོད་སྐུལ་འོག་རང་ལྗོངས་ཀྱི་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་མཆོངས་ཕོད་པ་དང་། ཚོད་ལྟ་བྱེད་ཕོད་པ། སྒྲུབ་ཕོད་པ་བཅས་བྱས་ཏེ་རང་འགུལ་ངང་ཁྲོམ་རའི་ནང་ཞུགས་པ་དེ་ནི་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆག་ཡང་གཏོང་དགོས་རིགས་ཆག་ཡང་གཏོང་བ་དང་། ལྷུག་ཏུ་གཏོང་དགོས་རིགས་ལྷུག་ཏུ་གཏོང་བ། གཟིགས་སྐྱོང་བྱེད་དགོས་རིགས་ལ་གཟིགས་སྐྱོང་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཁོང་ཚོའི་མི་ཚེའི་ངོ་མཚར་མངོན་རྒྱུར་བྱ་ཆེད་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་དགོས། གནད་སྨིན་ཞབས་ཞུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཀུན་གཏོད་བར་མཐོངས་སོགས་གསར་གཏོད་ལས་གཏོད་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་དེ་བས་གཟིགས་སྐྱོང་གི་ཁྲལ་བསྡུ་དང་། དངུལ་བུན་སྲིད་ཇུས་ཞིབ་འཇུག ས་གླ་མི་ལེན་པར་བྱེད་སྒོ་སྤེལ་ས་མཁོ་འདོན། སྒོ་ཐེམ་དམའ་རུ་གཏོང་བ་བཅས་བྱེད་ཐབས་སྣ་མང་གི་ཐོག་ནས་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་དང་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་པོ་ལས་གཏོད་འཕེལ་རྒྱས་ནང་ཞུགས་ཐུབ་པ་བྱེད་དགོས། སྔོན་སླ་རྗེས་དཀའི་རྩ་དོན་མཐའ་འཁྱོངས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པར་དཀའ་ངལ་དངོས་སེལ་རོགས་བྱས་ནས་ལམ་སེང་ཐག་གཅོད་བྱེད་དགོས་རིགས་ལམ་སེང་ཐག་གཅོད་བྱེད་པ་དང་། ཆ་རྐྱེན་བསྐྲུན་ནས་ཐག་གཅོད་བྱེད་དགོས་རིགས་ཆ་རྐྱེན་ཧུར་ཐག་བསྐྲུན་པ། སྲིད་ཇུས་དང་མི་མཐུན་རིགས་ལ་འགྲེལ་བཤད་ཡག་པོ་རྒྱག་པ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པ་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐོབ་པ་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཏོད་པར་ལ་རྒྱ་དང་། གཟི་བརྗིད། སྤོབས་པ་བཅས་ལྡན་པ་བྱེད་དགོས། དཔེ་སྟོན་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་བྱས་ནས་མཐོ་སློབ་སློབ་མ་དང་ཁྱིམ་བདག་བལྟ་སྐོར་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་ལས་གཏོད་དཔེ་མཚོན་སློབ་གྲྭར་སྤེལ་བ་དང་ལས་གཏོད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་སྒྲིག་འཛུགས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འདུ་ཤེས་སྒྱུར་བ་བྱེད་པ་དང་། ཁོང་ཚོའི་ལས་གཏོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། ཁོང་ཚོའི་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱེད་དགོས། ཁྱིམ་བདག་ཚོའི་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེས་ལ་སློབ་གསོ་ཁྲིད་སྟོན་བྱས་ནས་བུ་ཕྲུག་ཚོ་ཁྲོམ་རར་ཞུགས་ནས་ལས་ཞུགས་བྱ་རྒྱུ་དང་ལས་གཏོད་བྱས་ནས་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་ལས་གཏོད་བྱེད་པའི་བརྒྱུད་རིམ་ནང་སྦྱོང་བརྡར་ཐེབས་པ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་། དངོས་སྒྲུབ་དཀའ་སྒྲུབ་བྱས་ཏེ་དཀའ་སྤྱད་རྔུལ་ཆུར་བརྟེན་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་དགོས་པ། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཐུན་མོང་ལས་གཏོད། ཕུགས་བསམ་མངོན་འགྱུར་བཅས་ཀྱི་ནང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ལ་ཁྲིད་སྟོན་བྱས་ཏེ་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་གཙིགས་ཆེན་བྱས་ཏེ་རང་ཉིད་ཀྱི་མྱོང་བའི་ཐོག་ནས་ཉེ་འགྲམ་གྱི་གཉེན་ཉེ་དང་གྲོགས་པོར་ཤུགས་རྐྱེན་ཐེབས་པ་དང་རིམ་གྱིས་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་ཆུང་དུ་བཏང་ནས་སྐྱོན་བྲལ་དང་། ཤེས་དཔལ། ཚན་རིག་དང་མཐུན་པ་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་ཐུབ་པ་བྱས་ཏེ་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་ཞེས་གསུངས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716