སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ངལ་རྩོལ་གྱི་སྙིང་སྟོབས་དར་འཕེལ་བྱས་ཏེ། ཀྲུང་གོའི་ཕུགས་འདུན་གྱི་སྟོབས་ཤུགས་བསྐྱེད་དགོས།
སྤེལ་དུས། 2017-05-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།
  དེ་རིང་།“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དུས་ལྟར་སྐྱེ་རྒུའི་དཔལ་དུ་ཤར་ཞིང་། ངལ་རྩོལ་པ་ཡོད་ཚད་ལ་དབང་བའི་དམིགས་བསལ་གྱི་དུས་ཆེན་འདིར་ང་ཚོས་ངལ་རྩོལ་གསར་གཏོད་ཀྱི་ཆེ་བ་བརྗོད་པ་དང་། ངལ་རྩོལ་སྙིང་སྟོབས་ལ་བསྟོད་གླུ་འབུལ་བ་ཙམ་མ་ཟད། ངལ་རྩོལ་མི་དམངས་དུང་ཕྱུར་གྱི་གྲངས་དང་ལྡན་པ་རྣམས་ལ་དུས་ཆེན་གྱི་མཛའ་བརྩེའི་འཚམས་འདྲི་ཞུ་བ་དང་། དུས་ཆེན་རིང་ལ་སྔར་བཞིན་རང་འཁྲིའི་ལས་གནས་ཐོག་ཏུ་ལེགས་སྐྱེས་འབུལ་བཞིན་པའི་ཆེས་ཡིད་དུ་འོང་བའི་ངལ་རྩོལ་བ་རྣམས་ལ་ལེགས་སོའི་གོང་བཀུར་དང་གུས་འདུད་ཞུའོ།།
  མི་དམངས་ཀྱིས་ལོ་རྒྱུས་གསར་གཏོད་བྱས་པ་དང་། ངལ་རྩོལ་གྱིས་འབྱུང་འགྱུར་གསར་སྤེལ་བྱས་ཤིང་། འདས་པའི་ལོ་ཟླར་ཕྱིར་འདང་ཞིག་བྱས་ཚེ། ང་ཚོའི་ཏང་གིས་མཐུན་སྒྲིལ་ཆེན་པོའི་ངང་ནས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་རིམ་སོ་སོར། ཐོག་མར“བཟོ་དམག་བྱ་གཞག་གི་བྱེད་པོ”ཝུའུ་ཡུན་ཙེ་དང་།“མཐའ་མཚམས་ཁུལ་གྱི་བཟོ་པའི་དར་ཆ”ཀྲའོ་ཀྲེན་ཁུས་ནས།“མི་གཅིག་སྦགས་བཙོག་གྱུར་ཀྱང་བླ།། མི་བརྒྱ་གཙང་མར་འདུག་དགའ་འོ།།”ཞེས་གཏོང་ཕོད་ཅན་ཧྲེ་ཁྲོན་ཞང་།“ཐབ་སྟེགས་ཀྱི་སྲུང་དམག”མྱེང་ཐའེ། “འབར་མདེལ་གཉིས་ཀྱི་ཤིང་རྟ”ཏེང་ཅཱ་ཞེན་ནས།“ཀྲུང་གོའི་མཁའ་འགྲུལ་སྒུལ་བྱེད་འཕྲུལ་ཆས་ཀྱི་ཡབ་ཆེན”ཝུའུ་ཏཱ་ཀོན་སོགས་ངལ་རྩོལ་དཔེ་བཟང་མི་སྣས་ཚབ་བྱས་པའི་ངལ་རྩོལ་བ་དུང་ཕྱུར་མང་པོས་ཧུར་བརྩོན་དང་འབད་འབུངས། ཞུན་བརྡར་དང་འཐབ་རྩོད་འོག་ཏུ་སྟོབས་ཤུལ་བླ་མེད་བརྟས་ཏེ། ཀྲུང་གོ་གསར་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་ཏུ་ངལ་རྩོལ་གསར་གཏོད་ཀྱི་ལེའུ་གསར་པ་ཞིག་བསྐྲུན་པ་དང་། རྒྱལ་ཁབ་དང་མི་དམངས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཞིང་། མཛད་རྗེས་གཟེངས་སུ་ཐོན་པ་འཇོག་གནང་མཛད་དོ།།
  ངལ་རྩོལ་ནི་གཟི་བརྗིད་ཆེའོ།། དེས་ན་ངོ་མཚར་ཆེ་བའི་མི་ཚེ་གཏོད་དགོས། གསར་གཏོད་ནི་རླབས་ཆེའོ།། དེས་ན་ཡར་ཐོན་གྱི་གྲུ་ཡོལ་འགྲེང་དགོས། དེའང“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེའི་མཚམས་སུ་སྤྱི་ལོ2017ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གྱི་གཟེངས་བསྟོད་དང་གཟེངས་རྟགས། དེ་བཞིན་རྒྱལ་ཡོངས་བཟོ་པའི་གདོང་ལེན་མཚན་རྟགས་ཀྱི་བྱ་དགའ་ཐོབ་པའི་ཚན་པ་དང་མི་སྒེར་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་ནས་འཚོགས་ཤིང་། ཕུལ་བྱུང་གི་ངལ་རྩོལ་དཔེ་བཟང་མི་སྣ་དེ་དག་གིས་ཆེས་སྤྱིར་བཏང་ཡིན་ལ་ཡང་འོད་སྟོང་འབར་བའི་ངལ་རྩོལ་གྱི་ལམ་ནས་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ངལ་རྩོལ་གྱི་སྣང་བརྙན་བཞེངས་སྐྲུན་བྱེད་པ། ངལ་རྩོལ་གྱི་རིན་ཐང་འདོན་སྤེལ་བྱས་ཡོད་ལ། ཕུལ་བྱུང་གི་ངལ་རྩོལ་དཔེ་བཟང་མི་སྣ་དེ་དག་གིས་ང་ཚོར“ལས་རིགས་མི་འདྲ་བརྒྱ་ལ། ཕུལ་བྱུང་མི་སྣའང་བརྒྱ་འབྱུང”ཞེས་པའི་གནས་ལུགས་ལ་ངེས་ཤེས་གཏིང་ཟབ་སྐྱེར་བཅུག་པའོ།། ཁོང་ཚོས་བདག་པོའི་འདུ་ཤེས་ཀྱི་ཐོག་ནས་ལས་འགན་ཁུར་དུ་བཟོད་པ་དང་། ཆེས་ཕུལ་བྱུང་གི་ངལ་རྩོལ་གསར་གཏོད་ཀྱི་རྣམ་དཔྱོད། བདག་ཉིད་བརྗེད་པའི་འཐབ་རྩོད་དང་ལེགས་སྐྱེས་ཀྱིས“ལས་གནས་ལ་དགའ་ཞེན་དང་། ཕུལ་བྱུང་གསར་གཏོད། དཀའ་སྤྱད་འབད་འཐབ། གསར་སྤེལ་ལ་བག་མི་ཚ་བ། ཁེ་གྲགས་དོན་དུ་མི་གཉེར་བ། ལེགས་སྐྱེས་ཀྱི་ཆོད་སེམས་བརྟན་པའི”སྙིང་སྟོབས་ཤིག་སྒྱུ་ལུས་ཀྱི་གཤིས་སུ་གྲུབ་ཡོད། ཕུལ་བྱུང་གི་ངལ་རྩོལ་དཔེ་བཟང་མི་སྣ་དེ་དག་གི་སྔོན་ཐོན་གྱི་མཛད་རྗེས་ལས་ང་ཚོས་ཤེས་རྒྱུར། ངལ་རྩོལ་ལ་མཐོ་དམའ་དང་། ཡག་བཙོག་གི་ཁྱད་པར་མེད་པར། གང་གཉེར་བའི་ལས་རིགས་དེ་ལ་དགའ་བར་བྱེད་པ་དང་། གང་ཞིབ་འཇུག་གི་ལས་རིགས་དེ་ལ་བྱངས་བར་བྱེད་པ་བཅས་ཀྱིས། མི་རང་རང་སོ་སོ་ནས་སྤྱིར་བཏང་གི་ལས་གནས་ཐོག་ཏུ་ཆེས་སྤྱིར་བཏང་མིན་པའི་གྲུབ་འབྲས་གཏོད་ཐུབ་ཅིང་། མི་རང་ཉིད་ཀྱི་མི་ཚེའི་ཡར་རྒྱས་ལ་གཟི་བྱིན་གཏོད་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་འདེགས་རྡོ་སྣོན་པའོ།།
  ངལ་རྩོལ་ནི་ལེགས་གྲུབ་ཡོད་དོ་ཅོག་གི་ལམ་ཁ་ཉག་གཅིག་ཡིན་ལ། ཕུགས་འདུན་ཡོད་ཚད་ཀྱི་ཆེས་སྲ་བརྟན་གྱི་ཀ་གདན་དེ་ཉིད་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་བབ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འཛུགས་ཀྱི་རྒྱལ་ཁའི་དུས་རིམ་ཁྲོད་དུ། བདག་པོའི་སྙིང་སྟོབས་དང་། ལག་བཟོ་བའི་སྙིང་སྟོབས། ངལ་རྩོལ་དཔེ་བཟང་མི་སྣའི་སྙིང་སྟོབས་བཅས་ནི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་གལ་ཆེའི་ཁག་ཐེག་དེ་ཉིད་ཡིན། ང་ཚོས་རང་འགུལ་ངང་ནས་མི་ཚེའི་ཕུགས་བསམ་དང་། ཁྱིམ་ཚང་གི་བདེ་སྐྱིད་གཉིས་རྒྱལ་ཁབ་ཀྱི་འབྱོར་ཕྱུག་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་དང་གཞི་གཅིག་ཏུ་སྦྲེལ་ཏེ། ཚམ་ཚོམ་དང་ལེ་དོགས་ཅི་ཡང་མེད་པར་ཧུར་བརྩོན་ཆེར་བསྐྱེད་ཀྱིས་ངལ་རྩོལ་བྱེད་པ་དང་། གཞུང་དྲང་བདེན་ཐུབ་ཀྱིས་ངལ་རྩོལ་བྱེད་པ། གསར་སྤེལ་རང་བཞིན་གྱིས་ངལ་རྩོལ་བྱས་ཚེ། ད་གཟོད་ངལ་རྩོལ་ཁྲོད་ནས་རིན་ཐང་མངོན་འགྱུར་ཡོང་བ་དང་། ཟིལ་ཉམས་མངོན་མཚོན་ཡོང་བ། བདེ་སྐྱིད་ཉམས་སུ་མྱོང་ཐུབ་པ་མ་ཟད། རང་ཉིད་ཀྱི་རིན་ཐང་གི་བརྟེན་ས་དང་། འཚར་ལོང་གི་ལམ་ཁ་འཚོལ་རྙེད་ཐུབ་སྟེ། དཀའ་སྤྱད་འབད་འབུངས་ཀྱི་གོ་རིམ་ཁྲོད་ནས་ཚོན་སྣ་ལྔ་ལྡན་གྱི་འོད་ཟེར་གྱི་ལམ་བུར་བསྐྱོད་ཐུབ་ལ། དེས་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐུན་འགྱུར་ལེགས་པོ་བྱ་ངེས། དེས་ན། ཀྲུང་ཧྭ་ཡི་བུ་ཕྲུག་དུང་ཕྱུར་བཅུ་གསུམ་ལྷག་གིས་སེམས་རྩ་གཅིག་སྒྲིལ་དང་། མཐུན་སྒྲིལ་མཉམ་བརྩོན་བྱས་ཚེ། ཀྲུང་ཧྭ་མི་རིགས་ཀྱིས་ཕུགས་འདུན་བསྙེག་པའི་གོམ་ཁ་སྔར་བས་སྲ་བརྟན་དང་། ཕུགས་འདུན་མངོན་འགྱུར་ཡོང་བའི་སྟོབས་ཤུགས་སྔར་བས་རྔམ་བརྗིད་ཆེ་བ་ཞིག་ཆགས་ངེས་སོ།།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716