སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་ཁ་པར་བཏང་།
སྤེལ་དུས། 2017-05-04   ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྩོམ་སྒྲིག་པ།  ཡེ་ཤེས་ཀྱིས་བསྒྱུར།
  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚེས་གསུམ་ཉིན་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་ཁ་པར་བཏང་།
  ཞིས་ཅིན་ཕིང་གིས་གསུངས་རྒྱུར། ན་ནིང་། ངས་སྐུ་ཞབས་ཙུང་ཐུང་ལགས་དང་ཐུག་འཕྲད་ཐེངས་གཉིས་བྱས་ནས། ཀྲུང་གོ་དང་ཧྥི་ལི་ཕིན་བར་གྱི་འབྲེལ་བ་ཇེ་ལེགས་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་། དེང་སྐབས། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྱོན་ཡོངས་ནས་སྤེལ་བར་མ་ཟད། ཕྱོགས་གཉིས་ཀྱིས་རྒྱ་མཚོ་ལྷོ་མའི་གནད་དོན་ཐད་ཀྱི་གྲོས་མོལ་བྱེད་ཐབས་གཏན་འཁེལ་བྱས་པས། དེ་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡོངས་སུ་མཐུན་ལ། ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་ནས། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་དགོས་ཟེར།
  ཞིས་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་ཨེ་ཤ་ཡའི་ཤར་ཕྱོགས་མནའ་འབྲེལ་གྱི་རེས་སྐོར་རྒྱལ་ཁབ་ཡིན་པའི་ཆ་ནས་ཨེ་ཤ་ཡ་ཤར་ཕྱོགས་ས་ཁུལ་བར་གྱི་མཉམ་ལས་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་མཛད། ཧྥི་ལི་ཕིན་ནི་ཀྲུང་གོའི་མཛའ་མཐུན་ཁྱིམ་མཚེས་ཡིན་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གྲོགས་པོ་གལ་ཆེན་ཞིག་ཀྱང་ཡིན། ངས་སྐུ་ཞབས་ཙུང་ཐུང་ལགས་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ལ། དེའི་སྐབས་སུ་སྐུ་ཞབས་ཙུང་ཐུང་ལགས་དང་ཡང་བསྐྱར་ཐུག་འཕྲད་བྱེད་རྒྱུར་རེ་སྒུག་བྱས་ཡོད་ཟེར།
  ཏུའུ་ཐི་ཨར་ཐི་ཡིས་བཤད་རྒྱུར། ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་དང་འཕེལ་རྒྱས་སུ་གཏོང་བའི་གནས་བབ་བཟང་བོར་སྲུང་སྐྱོབ་བྱེད་འདོད་ཡོད། ཨེ་ཤ་ཡའི་ཤར་ཕྱོགས་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ཆ་ནས། ཧྥི་ལི་ཕིན་ཕྱོགས་ཀྱིས་ཨེ་ཤ་ཡའི་ཤར་ཕྱོགས་མནའ་འབྲེལ་དང་ཀྲུང་གོ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཉམ་ལས་ཇེ་དམ་དུ་གཏོང་འདོད་ཡོད་ལ། ངས་ཀྲུང་གོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་རྒྱུར་རེ་སྒུག་བྱས་ཡོད་ཟེར།
  རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་རུང་དེང་སྐབས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716