སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་གཞོན་ནུ་ཚོར་བཏོན་པའི་བླང་བྱ།
སྤེལ་དུས། 2017-05-04   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  དབང་འདུས་ཀྱིས་བསྒྱུར།
  ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་སྐབས་དང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་བཙུགས་ནས་ལོ་65འཁོར་བའི་སྔ་ནུབ་ཏུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་ཕེབས་ནས་རྟོག་ཞིབ་གནང་ཞིང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་དང་། གཞོན་ནུའི་ལས་དོན་པ།  ཁྲིམས་སྐྱོང་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་མཐའ་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་རིག་པའི་བསམ་བློ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་མཐའ་འཁྱོངས་བྱ་རྒྱུ་མཛུབ་ཁྲིད་དུ་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མིག་དཔེ་གཏོད་པ་དང་ཀུན་སྤྱོད་དང་བཅའ་ཁྲིམས་ཀྱི་ཆུ་ཚད་མཉམ་དུ་མཐོར་གཏོང་གིས་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་གི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྦྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
  ཞིས་ཅིན་ཕིང་གིས་ཀྲུང་གོའི་འབྱུང་འགྱུར་གཞོན་ནུ་ཚོར་དབང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ཡང་གཞོན་ནུ་ཚོར་དབང་ཡོད།  གཞོན་ནུའི་ཕུགས་བསམ་དང་དད་སེམས་དང་། བསམ་པའི་ཉམས་འགྱུར། ཕྱོགས་བསྡུས་བྱང་ཚད་བཅས་ནི་རྒྱལ་ཁབ་གཅིག་གི་འཕེལ་རྒྱས་གསོན་ཤུགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཅིག་གི་ལྟེ་བའི་འགྲན་རྩོད་ནུས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་ཡིན།  དེང་སྐབས་ཀྲུང་གོའི་ཆེས་མངོན་གསལ་དོད་ཤོས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་རེད། དེང་སྐབས་ཀྱི་གཞོན་ནུ་ཚོས་དུས་རབས་ཀྱི་བརྗོད་དོན་གཙོ་བོའི་འཕེལ་ཕྱོགས་དང་མཐུན་པའི་ཕུགས་བསམ་དང་དད་སེམས་འཛུགས་པ་དང་དུས་རབས་ཀྱིས་དཀྲིས་པའི་ལོ་རྒྱུས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་ཁུར་ནས་བརྩོན་སྐྱེད་སློབ་བརྩོན་དང་སྙིང་རུས་ཆེན་པོས་སྦྱོང་བརྡར་སྤྲས་ཏེ་སྤྲོ་སེམས་འཕེལ་བའི་འབད་འཐབ་ཁྲོད་ལང་ཚོའི་འོད་ཟེར་འཕྲོ་བ་དང་སྐྱོན་བྲལ་ངང་འཚར་ལོངས་ཡར་རྒྱས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
  ཞིས་ཅིན་ཕིང་གིས་གཞོན་ནུ་ཚོ་ཐོས་རྒྱ་ཆེ་རུ་གཏོང་བའི་དུས་མཚམས་སུ་གནས་པས་འགྱིག་སོབ་ཀྱིས་ཆུ་འཇིབ་པ་ལྟར་ཤེས་བྱའི་ཉིང་བཅུད་བསྡུ་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
  ཞིས་ཅིན་ཕིང་གིས་གཞོན་ནུའི་དུས་སྐབས་ནི་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་དང་བསམ་བློའི་ནུས་པ་སྐྱེད་སྲིང་དང་སྦྱོང་བརྡར་སྤྲོས་པའི་འགག་རྩའི་དུས་སྐབས་ཤིག་ཡིན། སློབ་གྲྭ་དང་སྤྱི་ཚོགས་གང་དུ་གནས་ཀྱང་སློབ་སྦྱོང་དང་། ལྟ་ཞིབ། ལག་ལེན་བཅས་བསམ་གཞིག་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་ཞེས་གསུངས་པ་རེད།
  ཞིས་ཅིན་ཕིང་གིས་གཞོན་ནུ་ཚོར་འཚར་ལོངས་དང་འབད་འཐབ་ཁྲོད་གྲུབ་འབྲས་ཐོབ་སྲིད་ལ་དཀའ་ངལ་དང་གནོན་ཤུགས་ཀྱང་འཕྲད་སྲིད། གནས་སྐབས་ཀྱི་རྒྱལ་ཕམ་དང་ཐོབ་ཤོར་ལ་ལྟ་སྟངས་ཡང་དག་འཛིན་ནས་གྲུབ་འབྲས་ཐོབ་སྐབས་སྤོབས་པ་མི་བྱེད་པ་དང་དཀའ་ངལ་འཕྲད་སྐབས་བློ་སྟོབས་ཉམས་མི་རུང་། གྲུབ་འབྲས་ཐོབ་དང་མི་ཐོབ་ཚང་མ་ནི་མི་ཚེའི་མཆོག་ནོར་ཡིན་པ་ལས་ཁུར་པོ་མིན་ཞེས་ནན་བཤད་གནང་བ་རེད།  
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716