སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེས་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོད་རྟོག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།
སྤེལ་དུས། 2017-05-05   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རིང་གིས་བསྒྱུར།
          ཚེས་2ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ཧུའུ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལེང་ཐེན་ཀེང་གིས་སྣེ་ཁྲིད་གནང་བའི་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོད་རྟོག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་སྟེ་ཁ་གཏད་བོད་སྐྱོར་གྱི་འཆར་གཞི་ཆེན་པོར་ཐུན་མོང་ཐོག་གྲོས་བསྡུར་གནང་བ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། སྲིད་གཞུང་གི་དྲུང་ཆེ་བཅས་ཡིན་པའི་ཧྥང་ལིང་མིན་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
          ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ལེང་ཐེན་ཀེང་དང་བཅས་པ་བོད་དུ་བོད་སྐྱོར་ལས་བྱེད་པར་རྟོག་ཞིབ་དང་གཟིགས་ཞིབ་གནང་བ་དང་བོད་སྐྱོར་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་སྒོ་ནས་དགའ་བསུ་ཞུས་པ་དང་། ཧུའུ་པེ་ཞིང་ཆེན་གྱིས་ལོ་མང་རིང་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་མངའ་རིས་ས་ཁུལ་ལ་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་གིས་སྔར་ནས་ད་བར་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བཏོན་གནང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་གཏན་འཁེལ་གནང་བ།
          བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཕན་འདོགས་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ནས། བོད་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་དང་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། ན་ནིང་ཟླ་11པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་གྲུབ་འབྲས་ཐོབ་པའི་སྒོ་ནས་འཚོགས་ཡོད། སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་ཏང་གི་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏིངས་པའི་ལས་ཀའི་རྨང་གཞི་ཡག་པོའི་འོག་གཏན་ལ་ཕབ་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འབྲེལ་བ་ཆ་བཅུ་གསུམ་ཐག་གཅོད་ཡང་དག་བྱེད་པ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་འགོ་བཙུགས་ནས་ལས་དོན་ཁག་གི་རྣམ་པ་གསར་པ་བཏོད་ཡོད་ཅེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་ཧུའུ་པེ་དང་བོད་ལྗོངས་དབར་རི་ཀླུང་ཁྲི་སྟོང་ཆོད་ཀྱང་། ཧུའུ་པེའི་བུ་ཕྲུག་དང་བོད་ཀྱི་མི་དམངས་དབར་གྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་མངའ་རིས་སོ་སོའི་དམིགས་བསལ་གྲོང་ཁྱེར་ཞིག་ཏུ་བརྩིས་ནས་བརྩི་མཐོང་དང་། ལས་བྱེད་པ་མངགས་གཏོང་། རྣམ་གྲངས་འཛུགས་སྐྲུན། མ་དངུལ་བཀོད་སྒྲིག་སོགས་ཀྱི་ཐད་ལ་གཟིགས་སྐྱོང་ཤུགས་ཆེན་བྱས་པས། ལས་བྱེད་པར་བརྟེན་ནས་བོད་སྐྱོར་དང་། ཤེས་ལྡན་མི་སྣར་བརྟེན་ནས་བོད་སྐྱོར། མ་དངུལ་ལ་བརྟེན་ནས་བོད་སྐྱོར། རྣམ་གྲངས་ལ་བརྟེན་ནས་བོད་སྐྱོར། ལས་ཞུགས་ལ་བརྟེན་ནས་བོད་སྐྱོར་བཅས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་དང་། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། ཞི་མཐུན་བརྟན་ལྷིང་བཅས་ལ་སྐུལ་མ་ནུས་ལྡན་ཐེབས་ནས། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། བོད་སྐྱོར་ཁྱབ་ཁོངས་སྔར་བས་ཆེ་བ་དང་། བོད་སྐྱོར་ནང་དོན་སྔར་བས་ཕུན་སུམ་ཚོགས་པ། བོད་སྐྱོར་བྱེད་ཤུགས་སྔར་བས་ཆེ་བ་བཅས་ཀྱིས་བོད་སྐྱོར་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ལྷག་པར་དུ་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་ཤུགས་ཆེ་རུ་གཏོང་བ་དང་། མཐའ་མཚམས་སྔར་བས་བརྟན་ལྷིང་། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་བྱེད་པར་ཁྲིད་སྟོན། མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཐད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་རེ་བ་ཆེན་པོ་ཡོད། ང་ཚོས་ངེས་པར་དུ་བོད་སྐྱོར་མ་དངུལ་རྣམས་གནད་ལ་འཁེལ་པོས་བེད་སྤྱོད་བྱས་ནས་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་ནུས་པ་འདོན་སྤེལ་ལ་ཆ་རྐྱེན་བསྐྲུན་རྒྱུ་ཡིན་ཞེས་གསུངས།
          ལེང་ཐེན་ཀེང་གིས་ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་བོད་སྐྱོར་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་སྟེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་སྒྲུབ་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་ལ་དམིགས་པ་དང་། སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་པ། གནད་སྨིན་དབུལ་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱིའི་བསམ་ཕྱོགས་ལ་དམིགས་པ་བཅས་ཀྱིས་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་དང་། ཚོགས་སྒྲིག་རྣམ་པའི་སློབ་གསོ་དང་སྨན་བཅོས་བོད་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716