སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
སྤེལ་དུས། 2017-05-07   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  སྒྲོལ་དཀར་གྱིས་བསྒྱུར།
          ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་བཙུགས་ནས་ལོ་100འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་བཙུགས་ནས་ལོ་100འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
          ཞིས་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་ནི་རང་རྒྱལ་དུ་འཛུགས་སྔ་ཤོས་ཀྱི་ལས་རིགས་སློབ་གསོའི་ཚོགས་པ་ཞིག་རེད། དུས་བབ་འགྱུར་ལྡོག་ཆེ་བའི་ཀྲུང་གོ་རྙིང་པར་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གིས་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྐྱོབ་པའི་དམིགས་ཡུལ་ལ་གཞིགས་ཏེ་སྲོལ་རྒྱུན་སློབ་གསོ་སྒྱུར་བཅོས་དང་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་། རྒྱལ་གཅེས་ཀྱི་དམངས་གཙོའི་ལས་འགུལ་ནང་ཞུགས་པ། མི་རིགས་འཇིག་ཉེན་ལས་སྐྱོབ་པ་བཅས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལེན་དང་དམངས་གཙོ་ཡར་རྒྱས་དོན་གཉེར་བྱེད་མཁན་གྱི་རྒྱལ་གཅེས་ཚོགས་པ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་ལས་རིགས་སློབ་གསོར་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་དང་རྒྱལ་ཁབ་ཕྱི་ནང་གི་མི་སྣར་རྒྱ་ཁྱབ་ངང་འབྲེལ་བ་བྱས་ཏེ་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་དང་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གིས་རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆར་བརྟེན་ནས་ལས་རིགས་སློབ་གསོ་དོན་གཉེར་བྱེད་འདོད་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་རྒྱ་ཁྱབ་ངང་འབྲེལ་བ་དང་མཐུན་སྒྲིལ་བྱས་ཏེ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དང་ཐབས་དང་ཇུས་ཧུར་ཐག་བཏོན་ནས་སྤྱི་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་རང་རྒྱལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
          ཚེས་5ཉིན། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་བཙུགས་ནས་ལོ་100འཁོར་བའི་རྟེན་འབྲེལ་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད། ཡུས་ཀྲེང་ཧྲེང་གིས་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་བཙུགས་ནས་ལོ་100འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དེ་ཐོག་ནས་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གིས་ལོ་རྒྱུས་ཐད་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་བ། ཀྲུང་གུང་ཀྲུང་དབྱང་གིས་རང་རྒྱལ་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ཐད་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།
          ཡུས་ཀྲེང་ཧྲེང་གིས་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་ལ་གཟི་བརྗིད་ཀྱི་ལོ་རྒྱུས་སྲོལ་རྒྱུན་ལྡན་པ་དང་རང་རྒྱལ་གྱི་དེང་རབས་ལས་རིགས་སློབ་གསོའི་གསར་འབྱེད་པ་ཞིག་དང་། འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་མཁན་རྩ་འཛུགས་གལ་ཆེན་ཞིག སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་བཅས་རེད། དུས་ཡུན་རིང་པོའི་འཕེལ་རྒྱས་བརྒྱུད་རིམ་ནང་། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལེན་བྱེད་པ། སྔོན་ཐོན་གྱི་ལས་རིགས་སློབ་གསོའི་འདུ་ཤེས་དར་སྤེལ་ཧུར་ཐག་གཏོང་བ། ལས་རིགས་སློབ་གསོ་དར་སྤེལ་དང་། ཞིབ་འཇུག ཁྱབ་སྤེལ་བཅས་ཤུགས་ཆེན་གཏོང་བ། སྔ་རྗེས་སུ་ཀྲུང་གོ་དམངས་གཙོ་ཆབ་སྲིད་ཚོགས་པ་མནའ་མཐུན་དང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་སྒྲིག་འཛུགས་བྱས་ནས་སྲིད་གྲོས་གསར་པའི་ནང་ཧུར་ཐག་ཞུགས་པ། དྲོ་སྐྱིད་འདུ་འགོད་ལག་ལེན་གཏིང་ཟབ་བྱེད་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་འབོར་ཆེན་སྒྲུབ་པ་བཅས་བྱས་ནས་རྒྱལ་ཁབ་དང་ལས་དབང་གཅིག་མཐུན་དང་དུས་རབས་དང་གོམ་སྟབས་མཉམ་བགྲོད་ཀྱི་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་ཡོད་ཅེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716