སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གི“ ཡིག་བསྐུར་གྱི་ལམ་གྱི་བརྩེ་སེམས།”
སྤེལ་དུས། 2017-05-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
  “འཕྲིན་ཡིག”ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ནམ་རྒྱུན་མི་དང་མིའི་བར་འབྲེལ་འདྲིས་བྱེད་ཐབས་ཤིག་ཡིན་ལ། ཆ་འཕྲིན་བརྒྱུད་སྤྲོད་བྱེད་བཞིན་ཡོད་ལ་བརྩེ་དུང་ཡང་མངོན་པར་མཚོན་ཡོད་པ་རེད། ཞིས་ཅིན་ཕིང་གིས་དུས་རྟག་ཏུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད་ཅིང་ཡིག་བསྐུར་ནི་ཐབས་ལམ་གལ་ཆེན་ཞིག་རེད། ཤིན་ཧྭ་གསར་ཁང་གི《སློབ་སྦྱོང་བྱེད་སྒང》ཞེས་པའི་ལེ་ཚན་དུ་བརྩམས་ཆོས་བཀོད་ནས། ཁྱེད་རང་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་སྨྱུག་རྩེ་ལས་ཐོན་པའི“ངོ་མ”དང“བརྩེ་སེམས”ནི་གང་འདྲ་ཡིན་པ་མྱོང་རོལ་བྱེད་རྒྱུ་རེད།
  འཕྲིན་ཡིག་ལ་སྐུར་ཡིག་ཀྱང་ཟེར་ཏེ། གནའ་སྔ་མོ་ནས་བཟུང་། མི་རྣམས་ཀྱིས་ཕན་ཚུན་བར་འབྲེལ་འདྲིས་དང་བརྩེ་དུང་མངོན་ཐབས་གལ་ཆེན་གྲས་ཤིག་ཡིན་པས། ཡིག་བསྐུར་གྱི་ནུས་པ་ནི་གཞན་གྱིས་ཚབ་མཚོན་བྱེད་ཐབས་བྲལ་བ་ཞིག་རེད་།
  ཕལ་བའི་ཁྱིམ་མི་དང་ཞིང་པ་ལས་མིའི་བུ་ཕྲུག ཨའོ་མོན་གྱི་རྒན་རྒོན་དང་བླངས་པ།་ ས་རྒོད་སློག་པའི་ལས་ཀ་བ།ཕྱི་རྒྱལ་དུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་གང་ཡིན་རུང་སྤྱི་ཁྱབ་ཧྲུའུ་ཅིས་ཡིག་བསྐུར་གྱི་ལམ་ནས་ཁོང་ཚོ་དང་བྱམས་བརྩེའི་འབྲེལ་འདྲིས་གནང་ནས་ལྷག་བསམ་ཟོལ་མེད་སྒོས་བསམ་ཕྱོགས་བརྗེ་རེས་གནང་གི་ཡོད་པ་རེད།
  འཕྲིན་ཡིག་ཆུང་ཆུང་ཞིག་ལས་བརྩེ་སེམས་ཆེན་པོ་ཞིག་མངོན་ཡོད་པ་རེད།
  ནང་མིའི་འཕྲིན་ཡིག་རྒྱུན་འཛིན་ལས་བརྩེ་བ་རླབས་ཆེན་མངོན་པ།
  2001ལོའི་ཟླ10པའི་ཚེས15ཉིན། ཞིས་ཅིན་ཕིང་ཚང་གི་མི་རབས་གསུམ་དང་གཉེན་ཉེ་གྲོགས་པོ་ལྷན་འཛོམས་གནང་ནས་ཞིས་ཀྲུང་ཞུན་གྱི་འཁྲུངས་སྐར་བསུས་པ་རེད། འདི་ནི་ཀྲུང་གོ་བའི་ཤིན་ཏུ་མཐོང་ཆེན་བྱེད་པའི་དགྱེས་སྟོན་ཞིག་ཡིན་ལ་ཞིས་ཅིན་ཕིང་ནང་མི་དག་ལ་མཉམ་འཛོམས་ཀྱི་གོ་སྐབས་ཐོབ་དཀའ་བ་ཞིག་ཀྱང་རེད། དེ་ལྟར་ནའང་སྐབས་དེར་ཧྥུའུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་གི་འགན་བཞེས་པའི་ཞིས་ཅིན་ཕིང་ལྷན་འཛོམས་ལ་ཞུགས་ཐུབ་མེད། ཞིང་ཆེན་ཞིག་གི་འགན་འཛིན་པ་ཡིན་པའི་ངོས་ནས་ཞིས་ཅིན་ཕིང་ལ་གཞུང་དོན་གྱི་བྲེལ་བ་ཆེ་བས་དངོས་གནས་དུས་ཚོད་ཀྱི་ཁོམ་ལོང་མེད་པས་ན། འགྱོད་སེམས་ཆེན་པོས་གདུང་ནས་ཡབ་ལགས་ལ་འཁྲུངས་སྐར་བསུ་བའི་ཡིག་འཕྲིན་ཞིག་བྲིས་པ་རེད།
  “ང་རང་འཇིག་རྟེན་འདིར་བྱོན་པ་ནས་བཟུང་ཕ་མ་གཉིས་དང་མཉམ་དུ་འགྲོགས་ནས་བགྲང་བྱ་ཞེ་བརྒྱད་ཟིན་པ་ཡིན་ལ། ཕ་མ་གཉིས་ཀྱི་ངོས་འཛིན་ནི་ཕ་མ་གཉིས་ལ་བཅངས་པའི་བརྩེ་དུང་ནང་བཞིན་ཤིན་ཏུ་གཏིང་ཟབ་པ་ཞིག་རེད།” 
   “ཁྱེད་ནི་ཞིང་པ་ཞིག་གི་བུ་ཡིན་ལ། ཁྱེད་རང་ཀྲུང་གོའི་མི་དམངས་ལ་དགའ་ཞེན་ཆེ་ལ་གསར་བརྗེའི་འཐབ་གྲོགས་ལ་དགའ་ཞེན་ཆེ་བ། ཕ་ཡུལ་ལ་དགའ་ཞེན་ཆེ་བ། ཁྱེད་རང་གི་ཕ་མ་དང་ཆུང་མ།བུ་ཕྲུག་ལ་དགའ་ཞེན་ཆེ་བས་ན། ཁྱེད་ཀྱིས་རང་གི་བརྩེ་སེམས་ཆེན་པོས་ཉེ་འཁོར་གྱི་མི་རྣམས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་རེད།”
  “འདིས་ཀྱང་ངས་ནི་རང་ཉིད་ཀྱི་ཚེ་གང་བོའི་སྟོབས་ཤུགས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་གཞག་ཁྲོད་ཕུལ་ནས་ང་རང་གསོ་སྐྱོང་གནང་པའི་མཛེས་པའི་ཀྲུང་ཧྭ་དང་ཡུལ་མི་གཉེན་ཉེ་རྣམས་ལ་དྲིན་ལན་འཇལ་བར་སྐུལ་ལྕག་གནང་ཡོད།”
  ཡིག་འབྲུ་བརྒྱ་ཕྲག་ཁ་ཤས་མེད་པའི་འཕྲིན་ཡིག་དེ་ལས་ཟོལ་མེད་བརྩེ་སེམས་དངོས་མ་མཚོན་ཡོད། འཕྲིན་ཡིག་འདི་ནི་ཞིས་ཅིན་ཕིང་བུ་ཕྲུག་ཡིན་པའི་ངོས་ནས་ཕ་མར་བརྩེ་སེམས་བཅངས་པའི་བརྩེ་དུང་ངོ་མ་དེ་མཚོན་ཡོད་ལ། གསར་བརྗེའི་མི་རབས་རྗེས་མ་ཞིག་གིས་མི་རབས་སྔོན་མའི་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་གྱི་དམ་བཅའ་བརྟན་པོའང་མཚོན་ཡོད་པ་རེད།
  མི་དམངས་ལ་ཞབས་འདེགས་ཞུ་བ་ནི་ཕ་མར་སྲི་ཞུ་ཆེ་ཤོས་ཡིན་ཏེ།“ཡབ་ལགས་ཀྱི་འཕྲིན་ལན་ལས་བསམ་པའི་སྟོབས་ཤུགས་དྲག་པོ་ཞིག་མངོན་ཡོད་ལ། ཞིས་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ“དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ནུས་འདོན་རྒྱུ་ཡིན” ཞེས་པའི་དམ་བཅའ་ལག་ལེན་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ཅིང་། དམངས་ཀྱི་ཆེད་དུ“ཟས་བརྗེད་གཉིད་ཆག”བྱེད་པ་བཅས་སྤྱོད་ལམ་དངོས་ཀྱི་ཐོག་ནས་གསར་བརྗེའི་རྒྱུན་འཛིན་པའི་འགན་འཁྲི་ཕྲག་ཏུ་ཁུར་ཡོད་པ་རེད།
  ཞིས་ཅིན་ཕིང་ལ་འཕྲིན་ཡིག་ལས་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད་།
གཞོན་ནུ་རྣམས་ཀྱིས་འབད་བརྩོན་ཁྲོད་རང་ངོས་ཀྱི་རིན་ཐང་མངོན་འགྱུར་བྱ་བར་སྐུལ་ལྕག་གནང་པ།
  “གཞོན་ནུའི་མི་རབས་ལ་ཕུགས་བསམ་ལྡན་པ་དང་འགན་འཁྲི་ཡོད་ཚེ་རྒྱལ་ཁབ་ལ་མདུན་ལམ་དང་མི་རིགས་ལ་རེ་བ་ལྡན་པ་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལའང་རྫོགས་མེད་ཀྱི་སྟོབས་ཤུགས་ཆེན་པོ་ལྡན་པ་རེད”ཅེས་2013ལོའི་ཟླ12པར་ཞིས་ཅིན་ཕིང་གིས་ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི“པིན་ཡུས་དང་བླངས་ཞབས་ཞུ་རུ་ཁག་ལ”ཡིག་ལན་སྤྲིངས་པའི་ནང་སེམས་འགུལ་ཐེབས་པའི་སྒོ་ནས་དེ་ལྟར་གསུངས་འདུག
  ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཞིས་ཅིན་ཕིང་གིས་ལས་རིགས་ཁག་གི་མི་དམངས་ལ་འཕྲིན་ཡིག་བཅུ་ཕྲག་ཁ་ཤས་སྤྲིངས་པའི་ནང་གཞོན་ནུ་རྣམས་ནི་གླེང་མང་ཤོས་ཀྱི“ཚོགས་སྤྱིར”གྱུར་ཡོད་པ་རེད།
  ཕྱི་རྒྱལ་དུ་སློབ་གཉེར་བྱེད་པའི་སློབ་ཕྲུག་ནས་སློབ་སྐྱོར་སློབ་ཐོན་སློབ་མ་གང་ཡིན་རུང་། ཞིས་ཅིན་ཕིང་གིས་འཕྲིན་ཡིག་རེ་རེའི་ནང་གཞོན་ནུ་ཚོར་ལྷག་བསམ་ཟོལ་མེད་ཀྱིས་སྐུལ་མ་དང་ཆེས་མཛེས་སྡུག་ལྡན་པའི་རེ་བ་བཅིངས་ཡོད་དེ། ཁོ་ཚོས་སློབ་སྦྱོང་ཐོག་ཧུར་ཐག་དང་ལས་དོན་ལ་འབད་འབུངས་བྱས་ཏེ་རང་ཉིད་ནི་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་མི་སྣ་འཇོན་ཐང་ཅན་དང་གདུང་འདེགས་ཀ་བར་རུང་པའི་མི་སྣ་ཞིག་ཏུ་གྱུར་རྒྱུའི་རེ་བ་བཏོན་ཡོད་པ་རེད།
  འཕྲིན་ཡིག་ལས་པེ་ཅིང་གྲོང་ཁྱེར་བརྒྱད་གཅིག་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཞིབ་འཇུག་ཇུས་འགོད་གནང་པའི་ཚན་རྩལ་ཁྱབ་གདལ་གྱི་འཁོར་སྐར་ཆུང་ཆུང་མི་རིང་བར་འཕེན་གཏོང་གནང་འཆར་ཡོད་པ་རྟོགས་ནས་ཞིས་ཅིན་ཕིང“དགའ་སྤྲོ་དཔག་མེད”སྐྱེས་པ་དང་། འཕྲིན་ལན་ཁྲོད་ཁོ་ཚོ་ཚན་རྩལ་གྱི་ཡང་རྩེར་འགྲེངས་འདོད་ཀྱི་སྤྲོ་སེམས་དང་བློ་སྟོབས་ལ་བསྟོད་བསྔགས་གནང་ཞིང་། ཁོ་ཚོར་སྙིང་རུས་ཆེན་པོས་སློབ་སྦྱོང་དང་ལག་ལེན་གང་ཐུབ་གནང་ནས་“ཚན་རིག་ལ་དང་དོད་དང་ཚན་རིག་ལ་མོས་པ། ཚན་རིག་སློབ་སྦྱོང་། ཚན་རིག་བེད་སྤྱོད་བཏང་ནས“ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས”ཕུལ་བར་སྐུལ་ལྕག་གནང་ཡོད་པ་རེད།
  ཧོ་པེའི་པའོ་ཏིང་སློབ་གླིང་གི་ནུབ་རྒྱུད་སློབ་སྐྱོར་སློབ་ཐོན་སློབ་མའི་དཔུང་ཚོགས་ཀྱི་འཐུས་མིར་འཕྲིན་ལན་གནང་སྐབས། ཞིས་ཅིན་ཕིང་གིས“ ངས་ནུབ་རྒྱུད་ས་ཁུལ་དུ་འཚོ་བ་བསྐྱལ་མྱོང་ཡོད་པས། ས་གནས་དེ་གའི་བྱིས་པ་རྣམས་ཀྱིས་ཤེས་བྱར་རེ་སྙེགས་བྱེད་པ་དང་ས་གནས་དེ་གར་ཤེས་ལྡན་པ་ཧ་ཅང་མཁོ་བའི་སྐོར་གསལ་བོ་རྟོགས་ཀྱི་ཡོད”“ཁྱོད་ཚོའི་བརྟན་སྲུང་དང་ཁྱོད་ཚོའི་མཛད་རྗེས་ཀྱིས་མི་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་ངེས་པས”རྒྱ་ཆེའི་གཞོན་ནུ་རྣམས་གཞི་རིམ་དང་མི་དམངས་ཀྱི་ཁྲོད་དུ་ཕྱིན་ནས་བྱས་རྗེས་འཇོག་དགོས་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་ལག་ལེན་ནང་ཐུན་མོང་མ་ཡིན་པའི་ངོ་མཚར་གྱི་མི་ཚེ་མངོན་དགོས་པར་སྐུལ་ལྕག་གནང་བ་རེད།
  2014ལོའི་རྟ་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས། ཞིས་ཅིན་ཕིང་གིས་འཇར་མན་དུ་སློབ་གཉེར་བྱེད་ཀྱིན་པའི་སློབ་མ་ཡོངས་ལ་སྤྲོ་སེམས་ལྡན་པའི་ངང་འཕྲིན་ལན་བསྐུར་འདུག་ཅིང་། འཕྲིན་ཡིག་ནང་ཁོ་ཚོས་མེས་རྒྱལ་ལ་བརྩེ་སེམས་བཅངས་པ་དང་། དྲིན་གཟོ་ཞུ་བའི་རྒྱལ་གཅེས་བརྩེ་སེམས་ལ་ཁས་ལེན་གང་ལེགས་གནང་སྟེ་ཕྱི་རྒྱལ་དུ་སློབ་གཉེར་བྱེད་ཀྱིན་པའི་སློབ་ཕྲུག་རྣམས་ཀྱིས་བླ་ན་མེད་པའི་ཕུགས་བསམ་དམ་པོར་བཅིངས་ནས“ཀྲུང་གོའི་མི་དམངས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་འབད་འཐབ་ཁྲོད་རང་ཉིད་ཀྱི་རིན་ཐང་མངོན་དགོས་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་ངོ་མཚར་གྱི་གཏམ་རྒྱུད་འབྲི་བར་འབད་བརྩོན་གནང་དགོས་པའི”སྨོན་འདུན་ཞུས་པ་རེད།
  2012ལོའི་ཟླ6པར་ཞིས་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་བརྟག་ཞིབ་གནང་ནས་གནའ་དཔྱད་རིག་དངོས་རྟེན་རྫས་སློབ་གླིང་གི2009ལོའི་དངོས་གཞིའི་ཚན་ཁག་གི་སློབ་མར་ཁམས་འདྲི་གནང་པ་རེད། ལོ་གཅིག་འགོར་རྗེས་ཀྱི་ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་སྔ་ནུབ་ཏུ་སློབ་གྲོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་ཡི་གེ་ཕུལ་ནས་ཉེ་བའི་ལོ་ཤས་རིང་གི་སློབ་སྦྱོང་དང་འཚོ་བ། བསམ་བློའི་གནས་ཚུལ་སྐོར་སྙན་སེང་ཞུས་ཡོད་འདུག ཞིས་ཅིན་ཕིང་གིས་འཕྲིན་ཡིག་འབྱོར་རྗེས་དགའ་སྤྲོའི་ངང་འཕྲིན་ལན་སྤྲིངས་པར། ཁོ་ཚོས་མི་ཚེའི་ཕུགས་བསམ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་ཁྲོད་སྤྱོད་རྒྱུ་དང་། དེང་རབས་གཞོན་ནུ་རྣམས་ཀྱིས་ལང་ཚོར་གཅེས་སྤྲས་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་རེ་བ་བཏོན་པ་རེད།
  གཞོན་ནུ་དར་ན་རྒྱལ་ཁབ་དར་བ་དང་གཞོན་ནུར་སྟོབས་ལྡན་ན་རྒྱལ་ཁབ་ལ་སྟོབས་ལྡན་པ་རེད། རྒྱ་ཆེའི་གཞོན་ནུ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་གི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅིའི་ལྷག་སེམས་ཟོལ་མེད་དང་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་བའི་སེམས་པ་མཚོན་ཡོད་པ་རེད།
  སྤྱི་ཚོགས་ལ་ཡར་རྒྱས་དང་སེམས་བཟང་གི་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་པ།
  ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་ཕུལ་བྱུང་རིག་གནས་ད་ལྟའི་བར་དུ་རྒྱུན་བསྲིངས་རྒྱུ་ནི་མི་རབས་ནས་མི་རབས་བར་གྱི་ཀྲུང་ཧྭའི་བུ་དང་བུ་མོ་དག་གི་རྒྱུན་ཆད་མེད་པའི་རྒྱུན་འཛིན་ལ་བརྟེན་པ་ཡིན་ལ། སྔོན་བྱོན་པའི་བཀའ་གསུང་དང་་མི་རིགས་ཀྱི་སྲོལ་རྒྱུན་གང་ཡིན་རུང་། བསམ་བློ་དང་ཀུན་སྤྱོད་བཟང་པོ་ལྡན་པ་ཞིག་ཡིན་ན་ཞིས་ཅིན་ཕིང་གིས་ཚང་མར་བརྩི་མཐོང་ཆེན་པོ་གནང་གི་ཡོད་པ་རེད། ལས་རིགས་ཁག་གི་མི་སྣ་ལ་འཕྲིན་ཡིག་སྤྲིངས་པའི་ནང་ཞིས་ཅིན་ཕིང་གིསསྔོན་བྱོན་པའི་སྲོལ་རྒྱུན་བཟང་པོ་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་མངགས་བཅོལ་ནན་མོ་གནང་ཡོད་པ་རེད།
  ཏ་ཁྲིན་གླིང་ཕྲན་གྱི་ས་རྒོད་སློག་པའི་རུ་དཔུང་རྒན་གྲས་རྣམས་ཀྱི་མི་རྒྱུད་ཕྱི་མར་འཕྲིན་ཡིག་འབྲི་སྐབས། ་ཞིས་ཅིན་ཕིང་གིས་རུ་མི་རྒན་པ་རྣམས་ཀྱིས་དཀའ་སྤྱད་ལས་སྒྲུབ་བྱེད་པ་དང་ངལ་བ་འཁུར་དུ་ལེན་པ། སྒེར་སེམས་མེད་པར་གཏོང་ཕོད་ཆེ་བ།  གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་གནང་པ་དང་། རྗེས་རབས་པ་རྣམས་ཀྱིས“སྤོ་བོ་ལགས་དང་རྨོ་བོ་རྣམས་ལ་སློབ་སྦྱོང་བྱས་ཏེ”“ཤེས་ཡོན་ལྡན་པ་དང་སྤྱོད་ལམ་བཟང་པ། སྤྱོད་སྒོ་ཡོད་པའི”་མི་རབས་གསར་པའི་འཛུགས་སྐྲུན་པ་ཞིག་ཏུ་གྱུར་རྒྱུའི་རེ་བ་བཏོན་པ་རེད།
 “ ཀུའོ་མིང་དབྱིའི་གཅེས་སེམས་ཚོགས་པའི”གཞན་ཕན་སྒྲུབ་པར་དགའ་བ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུས་ནས་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་བསྐྱལ་བ་དེས་ཞིས་ཅིན་ཕིང་གིས་དགའ་སྤྲོ་བློ་བདེ་བྱུང་པ་མ་ཟད་ཁོང་ཚོར་འཕྲིན་ལན་བསྐུར་བའི་ནང“ཐིགས་པ་བསག་ནས་རྒྱ་མཚོ་ཆགས་པ་ལྟར་དོན་བཟུང་སྒྲུབ་པར”བསྔགས་བརྗོད་གནང་ཡོད་ལ། ཁོངས་མི་རྣམས་ཀྱིས་མུ་མཐུད་དུ་ཡར་སྐུལ་ཡར་བརྩོན་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་གང་ཐུབ་གནང་ནས“དུས་རབས་གསར་པའི་ལུའེ་ཧྥུང་གི་གཏམ་རྒྱུད་རྩོམ་པར”སྐུལ་ལྕག་གནང་ཡོད་པ་རེད།
  ཤིན་ཅང་ཧོ་ཐན་ས་ཁུལ་དུ་སྡོད་པའི་ཐོ་ཧུ་ཐུ་ཧན་ཁུར་པན་ལ་སྤྲིངས་པའི་འཕྲིན་ལན་ནང་། ཞིས་ཅིན་ཕིང་གིས་ཁོ་མོའི་ཕ་ གྱི་ཏང་གཅེས་རྒྱལ་གཅེས་ཀྱི་གཏམ་རྒྱུད་ནི“ངས་ཆུང་དུས་ནས་ཐོས་མྱོང་ཡོད་ལ”ཁོ་ཚོ་ཁྱིམ་མི་གང་པོས“མུ་མཐུད་དུ་ཁུ་ཁུར་པན་ནང་བཞིན”ཡུལ་མི་སྤུན་ཟླ་རྣམས་དང་མཉམ་དུ་ཏང་ལ་དགའ་ཞེན་ཆེ་བ་དང་མེས་རྒྱལ་ལ་དགའ་ཞེན་ཆེ་བ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོར་དགའ་ཞེན་ཆེ་བའི་མིག་དཔེར་གྱུར་ནས་མི་རིགས་ཁག་གི་མང་ཚོགས་ནི་སེ་འབྲུ་དང་འདྲ་བར་གོང་བུ་གཅིག་ཏུ་སྒྲིལ་དགོས་པའི་རེ་བ་བཏོན།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716