སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིང་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་མཉམ་སྒྲོག་རོལ་དབྱངས་ཀྱི་མཉམ་དཀྲོལ་ལེ་ཚན་ལ་བཀོད་འདོམ་མཛད་པ།
སྤེལ་དུས། 2017-05-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
   ཝེ་ཐེ་ནམ་གྱི་གཙང་འགག་དང་ཨེ་ཤེ་ཡ་ཤར་ལྷོའི་བརླན་གཤེར་ཅན་གྱི་དུས་རླུང་ཁྲོད། ལས་བཟོ་པ་རྣམས་ཀྱིས་བྲེལ་ཆའི་ངང་དོས་སྒམ་རྩིག་བཞིན་ཡོད་པ་རེད། རྐང་འོག་གི་ལྕགས་ལམ་འདི་བརྒྱུད་ས་གནས་དེ་ག་ནས་ཐོན་པའི་འབྲས་ནི་འཛམ་གླིང་གི་ས་ཕྱོགས་གང་སར་ཕྱིར་འཚོང་གནང་གི་ཡོད་པ་རེད་།
   དེ་ལས་བྱང་ཕྱོགས་སུ་མིག་རྒྱང་རིང་པོར་བསྲིངས་ན། བར་ཐག་སྤྱི་ལེ་སྟོང་ཕྲག་ཁ་ཤས་ཀྱི་ཆོད་པའི་ནང་སོག་རང་སྐྱོང་ལྗོངས་ཨེར་ལེན་ཧའོ་ཐེའི་ལྕགས་ལམ་ཟོང་འགྲེལ་ར་བ་ན་སོག་པོ་རྒྱལ་ཁབ་ནས་ནང་འདྲེན་བྱསཔའི་སྤུགས་ལེགས་བཅུད་ཕྱེ་མར་ཕོག་བཞིན་པའི་སྒང་རེད།
   མིག་ཟུང་ནུབ་ཕྱོགས་སུ་ཅེར་པ་ཡིན་ན། ཡོ་རོབ་གླིང་ཤར་མའི་གནའ་གྲོང་དུ་པུ་ཏ་ཕེ་སིའི་རྫོང་མཁར་ཆུང་ཆུང་དེས་ཀྲུང་གོའི་ཀྲེ་ཅང་ནས་ཐོན་པ་དབྱི་ཝེ་ཚོང་ཟོག་དབོར་འདྲེན་བྱས་ཏེ་འབྱོར་བར་གྲ་སྒྲིག་བྱས་ནས་སྒུག་ཡོད་འདུག
   འདི་ནི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ཡར་སྔོན་དུ་ཤར་ནུབ་ཤེས་རིག་དབར་འབྲེལ་འདྲིས་གནང་ཡོད་པའི་གནའ་བོའི་དར་གོས་ལམ་བུ་ཡིན་ཏེ།རྔ་མོང་གི་དྲིལ་ཆུང་ནི་ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད་རིམ་བཞིན་རྒྱང་དུ་ཡལ་ཡོད་མོད། གྲོས་མཐུན་མིང་རྟགས་འགོད་སྐབས་ཀྱི་རྟེན་འབྲེལ་ཞུ་ཚིག་དང་། ལྕགས་ལམ་ཐོག་སོ་འཁོར་གཙུབ་བརྡར་བྱེད་པ། རྒྱལ་ཁབ་ཁག་གི་གྲོང་མི་མཉམ་འཛོམས་ཀྱི་དགོད་སྒྲ་ལྟ་བུའི་གསུངས་སྙན་དེ་ལས་ལྷག་པ་གང་མང་ཞིག་བསྟུད་མར་ཁྱབ་འོངས།
   རྣ་བ་གཅིག་ཏུ་གཏད་ནས་ཞིབ་མོར་ཉན་ན། མཉམ་དཀྲོལ་གྱི་བརྗོད་དོན་གཙོ་བོ་ནི་འཕེལ་རྒྱས་མཉམ་རྒྱལ་ཡོང་རྒྱུ་དེ་ཡིན་འདུག 2015ལོའི་པོ་ཨའོ་གླེང་སྟེགས་ཐོག“རྒྱུད་གཅིག་ལམ་གཅིག”གི་བསམ་ཚུལ་་དངོས་སུ་བཏོན་པ་ནས་ལོ་ངོ་གཉིས་ཀྱི་རྗེས་སུ། ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྐྲུན་པའི་མཉམ་གྲོས་དང་མཉམ་སྐྲུན། ལོངས་སྤྱོད་བཅས་ཀྱི་རྩ་དོན་ནི་བཀག་སྡོམ་ཅན་ཞིག་མིན་ཏེ། སྒོ་དབྱེ་བློ་དཀྱེལ་ཆེ་བ་ཞིག་ཡིན་ལ། དེ་ནི་ཀྲུང་གོ་གཅིག་པུའི་དཀྲོལ་ལེན་ཙམ་མིན་པར་ལམ་རྒྱུད་རྒྱལ་ཁབ་ཚང་མའི་ཐུན་མོང་གི་མཉམ་ལེན་བྱ་དགོས་པ་ཞིག་རེད་ཅེས་ནན་གྱིས་བསྟན་བྱུང་།
   ལོ་ངོ4ཡི་རིང་། འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཁག་གིས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཐོག ཐུན་མོང་གི་ལས་དབང་ཐོག་བསྐྱོད་པའི་མཉམ་སྒྲོལ་རོལ་དབྱངས་དྲག་པོ་དེ་དཀྲོལ་ལེན་གནང་ཡོད་པ་རེད།
འདུ་ཤེས་གསར་པ་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་པ་སྟེ། ཁེར་འགྲོ་མགྱོགས་པ་དང་མཉམ་འགྲོ་རྒྱང་རིང་པ།་
   2017ལོའི་ཟླ3པའི་ཟླ་སྨད་དུ། ནེའུ་ཙི་ལན་དང་ཀྲུང་གོའི་དབར་རིམ་སྤོར་པར་གཞིའི་ཚོང་དོན་གྱི་གྲོས་མཐུན་རབ་དང་རིམ་པ་བཞག་ཡོད་པ་དང་། དེ་ནི་ཀྲུང་གོ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་བཞག་པའི་དེ་མཚུངས་ཀྱི་གྲོས་མཐུན་ཐོག་མ་དེ་ཡིན་འདུག་ཅིང་། དེས་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་སྔར་བས་མང་པོ་རིམ་བཞིན“རྒྱུད་གཅིག་ལམ་གཅིག”གི་འགྲོས་གདངས་ཁྲོད་ཞུགས་འགོ་བརྩམས་པ་མཚོན་ཐུབ།……
   མཉམ་དཀྲོལ་བྱེད་ཐུབ་པའི་རྨང་གཞི་ནི་དབྱངས་འགྲོས་དང་དབྱངས་རྟ་གཅིག་མཐུན་ཡོང་རྒྱུ་དེ་རེད།
   “དངོས་པོ་ཡོད་ཚད་གཅིག་མཚུངས་མིན་ཏེ། དེ་ནི་དངོས་པོའི་ཆོས་ཉིད་དོ།”རྒྱལ་ཁབ་ཚང་མར་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་འཆར་གཞི་ཡོད་དེ། ཞིས་ཅིན་ཕིང་གིས་ཐེངས་མང་རིང་།“རྒྱུད་གཅིག་ལམ་གཅིག”གི་དམིགས་ཡུལ་ནི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དང་། ཕན་ཚུན་དབར་གྱི་འཕེལ་རྒྱས་ཀྱི་འཆར་འགོད་སྦྲེལ་མཐུད་བྱེད་པ། ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན་ཞེས་ནན་གྱིས་བསྟན་ཡོད་པ་རེད།
   2013ལོར་གླེང་ཕྱོགས་བཏོན་པ་ནས་བཟུང་།“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་འདིར། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནས་བསྟུད་མར་དོ་ཁུར་ཐོབ་པ་དང་གྲོས་བསྡུར་འཁྲུག་པོ་བྱས་ཡོད་པ་མ་ཟད། ལམ་རྒྱུད་རྒྱལ་ཁབ་ཁག་གིས་དུས་ཐོག་བསམ་ཕྱོགས་བརྗོད་ནས་ནང་དུ་མཉམ་ཞུགས་གནང་པ་རེད།
   རྣམ་པ་གསར་པ་གཏོད་པའི་མཉམ་ལས་གྲོས་མཐུན་རེ་རེ་བཞིན་དུས་ཐོག་ཏུ་བྱོན་པ་དང་། བྱ་སྤྱོད་དང་འདུན་པ་གཞི་གཅིག་ཏུ་སྦྲེལ་བའི་རྣམ་གྲངས་གལ་ཆེན་དག་ཀྱང་ལྷིང་ངེར་འགྱིང་ཡོད་པ་རེད།
   2014ལོར། ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཕུའུ་ཡིས“འོད་ཟེར་ལམ་ཆེན”གྱི་དཔལ་འབྱོར་གྱི་འཆར་གཞི་བཏོན་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད“དར་གོས་གནམ་ལམ་གྱི་དཔལ་འབྱོར་རྒྱུད”དང་འབྲེལ་མཐུད་ཡོང་ཡོད་པ་རེད། འདི་ནི་འཛམ་གླིང་གི་ཁྱབ་ཁོངས་སུ“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ཐད་བྱེད་ཐབས་འདོན་སྔ་ཤོས་གྲས་ཀྱི་གཅིག་རེད།
   ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ནི“རྒྱུད་གཅིག་ལམ་གཅིག་”གི་མཉམ་ལས་ཐད་ཀྱི་མཉམ་འབྲེལ་ཐོག་མ་ཡིན་ཏེ། 2015 ལོའི་ཟླ4པར་ཞིས་ཅིན་ཕིང་ཕ་ཁི་སི་ཐན་དུ་འཚམས་འདྲིར་ཕེབས་སྐབས། ཕྱོགས་གཉིས་ཀས་དཔལ་འབྱོར་བར་འཁྱམས་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་དང་། ཀ་ཏའར་གྲུ་ཁ། ནུས་ཁུངས། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད། ཐོན་ལས་མཉམ་ལས་བཅས་ཁྱབ་ཁོངས་གལ་ཆེན་གྱི་“1 + 4”མཉམ་ལས་སྒྲོམ་གཞི་གཏན་འཁེལ་གནང་བ་རེད་།
   ཨུ་རུ་སུ་དང་ཀྲུང་གོ་ནི་ཉེ་འབྲེལ་ཁྱིམ་མཚེས་ཡིན་པས་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་ཆགས་ཡོད་པ་རེད། 2015 ལོར་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་ཐོག་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་བསྐྲུན་རྒྱུ་དང་།“རྒྱུད་གཅིག་ལམ་གཅིག་”དང་འབྲེལ་མཐུད་བྱས་ཏེ་སྔར་བས་ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ཁེའི་གནས་སྟངས་བསྐྲུན་རྒྱུན་ཡིན་ཚུལ་ཁྱབ་བསྒྲགས་བྱས་པ་རེད།
   2017ལོའི་ཟླ3པའི་ཚེས11ཉིན། ཚོང་དོན་པུའུ་ཡི་པུའུ་ཀྲང་ཀྲུང་ཧྲན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པའི་ལོ་ངོ་གསུམ་ལྷག་ཙམ་རིང་དུ་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས100ལྷག་ཙམ་གྱིས་གྲོས་འགོ་དང་དུ་བླངས་ཡོད་པ་དང་། རྒྱལ་ཁབ50ལྷག་ཙམ་གྱིས་ཀྲུང་གོ་དང་འབྲེལ་ཡོད་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་པ་རེད། དེའི་ནང་ལམ་རྒྱུད་རྒྱལ་ཁབ་ཁག་གིས་འགྲིམ་འགྲུལ་ཤར་གཏོང་ཆོད་ཡིག130 ལྷག་བཞག་པ་དང་། ལམ་རྒྱུད་ཀྱི་རྒྱལ་ཁབ26 དང་སློབ་གནས་ཀྱི་ཐོབ་ཐང་ཐད་ཕན་ཚུན་ཁས་ལེན་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པ། རྒྱལ་ཁབ60ལ་ཉེ་བར་ཕྱོགས་གཉིས་པོའི་མ་འཇོག་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་ཅེས་ངོ་སྤྲོད་གནང་བྱུུང་།
   ཕུགས་འདུན་ཡག་པོ་མངོན་འགྱུར་བྱ་བར་གོམས་འགྲོས་བརྟན་པོས་མདུན་དུ་བསྐྱོད་དགོས་ཤིང་། ཐུན་མོང་གི་ངོས་འཛིན་ནི་མཉམ་ལས་གྲོས་མཐུན་སྔར་ལས་མང་པོའི་ནང་རིམ་བཞིན་སྤྱི་ཁོག་གསལ་ལེར་མངོན་ཡོང་ངེས།
   ཐུན་མོང་ཐོག་རྣམ་པ་གསར་བསྐྲུན་པ་སྟེ། ལེགས་ཆ་གསབ་རེས་དང་མཉམ་ལས་གཉིས་ཕན་ཡོང་རྒྱུ།
   འདི་ལོའི་དུས་ཚིགས་དང་པོར། ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་རྒྱལ་སྤྱིའི་མཉམ་འདྲེན་ཐད་གཏོང་བྱས་ནས་ དངོས་ཟོག་ཏུན་ཁྲི16.62སྐྱེལ་འདྲེན་བྱེད་ཐུབ་པ་བྱུང་ནས་ལོ་ངོ12 རིང་དུས་ཚིགས་དང་པོའི་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
   སྤྱིར་བཏང་གི་གྲངས་ཀ་འདིའི་རྒྱབ་ཏུ་ནི་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་གི“ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་ལམ”ཀྱག་ཀྱོག་བསྐྱར་དར་གྱི་གཏམ་རྒྱུད་ཅིག་འདུས་ཡོད་པ་རེད་།
   ཝེ་ཐེ་ནམ་ལ་འབྲས་ཡོད་པ་དང་ཀྲུང་གོར་རྫས་ལུད་ཡོད་པ། ཝེ་ཐེ་ནམ་གཏེར་རྫས་ཡོད་པ་དང་ཀྲུང་གོར་བཟོ་གྲྭ་ཡོད་པ།“ནང་འདྲེན”གྱི་དགོས་མཁོ་དང“ཕྱིར་གཏོང”གི་རེ་འདོད་ནི་ལོ་རྒྱུས་ཀྱིས“རྒྱུད་གཅིག་ལམ་གཅིག་”ལ་བཏོན་ཞིབ་འཇུག་བྱ་ཡུལ་གསར་པ་ཞིག་ཡིན་ཏེ།ཇི་ལྟར་ཞིབ་ཕྲའི་རྣམ་གྲངས་དམ་འཛིན་བྱས་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ལེགས་ཆ་གསབ་རེས་དང་། མཉམ་ལས་མཉམ་རྒྱལ་བྱ་དགོས་ཞེ་ན།
   ཞིས་ཅིན་ཕིང་གིས་བཏོན་པའི་སྲིད་ཇུས་འབྲེལ་མཐུད་དང་། སྒྲིག་བཀོད་མཉམ་སྦྲེལ་། ཚོང་དོན་ཤར་གཏོང་། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་སྦྲེལ་བཅས་ཀྱི“ཤར་གཏོང་ལྔའི་”ཐབས་ལམ་གྱིས་ཞིབ་འཇུག་བྱ་ཡུལ་འདིར་འཚམས་པའི་ལན་ཞིག་གཏན་འཁེལ་གནང་ཡོད་པ་རེད།
   1903ལོར་འཛུགས་བསྐྲུན་རྩོམ་འགོ་གནང་པའི“ཀྲུང་གོ་དང་ཝེ་ཐེ་ནམ་ལྕགས་ལམ“བསྐྱར་དར་མངོན་འགྱུར་བྱུང་པར། ད་ཡོད་ཀྱི་ལམ་ཐིག་ལ་གསར་དུ་འཆར་འགོད་ཇུས་འགོད་བྱས་པ་ཕུད། དེ་བས་ཀྱང་ཚད་གཞི་སྔར་བས་མཐོ་བའི་སྒོ་ནས་རིམ་པ་མང་བའི་མཉམ་ལས་གནང་པ་སྟེ། ས་མཚམས་བརྒལ་བའི་སྐྱེལ་འདྲེན་བྱེད་སྟངས་4ཡིས་གོ་ཆོད་གཞོགས་འདེགས་གནང་པ་དང་། འགག་སྒོ།  ནད་ཡམས་ཞིབ་བཤེར་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་སྐུལ་འདེད་བཏང་པ། ཨེ་ཤེ་ཡ་ཆེན་པོའི་ལྕགས་ལམ་ལས་འགོ་ཚུགས་པ་དེས་ཁ་གསབ་ནུས་ལྡན་གནང་པ་རེད།……
   མཉམ་འདྲེས་གཏིང་ཟབ་དང་གཅིག་བསྡུས་མཉམ་ལས་ནི“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཁག་འཛུགས་སྐྲུན་ནང་ཞུགས་པའི་འཕེལ་ཕྱོགས་གཙོ་བོར་གྱུར་ཡོད་པ་རེད།
   ཨེ་ཙེ་ཨོ་ཕི་ཡའི་རྒྱལ་སའི་ནུབ་བྱང་གི་ཉེ་འདབས་ཀྱི་ཀྲུང་གོ་བས་མ་རྩའི་མ་དངུལ་བཏང་ནས་བསྐྲུན་པའི་བཟོ་ལས་གླིང་དུ་ལས་བཟོ་བ2000 ཙམ་ལས་ལ་བྲེལ་བཞིན་འདུག་ཅིང་།“ཨེ་ཙེ་ཨོ་ཕི་ཡས་བཟོ་སྐྲུན་”གནང་པའི་སྐྱེས་མའི་ལྷམ་རེ་རེ་ནི་འདི་ནས་ཐོན་སྐྱེད་བྱས་ཏེ་སྒམ་ནང་བཅུག་ཏེ་ཨ་རིའི་ཕྱོགས་སུ་དབོར་འདྲེན་གནང་གི་ཡོད་པ་རེད།
   “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་རླབས་རྒྱུན་ནི་ཨེ་ཙེ་ཨོ་ཕི་ཡའི“ཕུགས་འདུན་མངོན་འགྱུར་བྱ་བའི”གནད་འགག་གི་གོམ་འགྲོས་དང་པོར་གྱུར་ཡོད་ལ། དེ་ནི་གོ་ལ་ཧྲིལ་པོའི་ཐོན་ལས་རྒྱུན་གྱི་སྒྲོག་ཐག་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད། ཡ་ཅི་ལྕགས་ལམ་ཤར་གཏོང་བྱུང་པ་དང་བསྟུན། ཕྱིས་འབྱུང་དངོས་ཟོག་སྐྱེལ་འདྲེན་གྱི་མ་གནས་དེ་བས་ཀྱང་དམའ་སྲིད་པས། ཚོང་ལས་གོ་སྐབས་འདི་མཐོང་པའི་རྒྱལ་ཁབ་ཁག་གི་མ་དངུལ་འཇོག་མཁན་རྣམས་ཀྱིས“རྒྱུད་གཅིག་ལམ་གཅིག”བརྒྱུད་གླིང་ཆེན་ཨ་ཧྥེ་རི་ཁར་བསྐྱོད་ནས་རྒྱུ་ནོར་འཚོལ་བའི་ལམ་ཁ་གསར་པ་སྙེག་གི་ཡོད་པ་རེད།
   “ཁུལ་གཅིག་ལམ་གཅིག་”ལས་གྲྭའི་རིས་ཤལ་ཁ་ཕྱེས་དུས། ཀྲུང་གོ་དང་བྷང་ག་ལའི་ཕ་ཏ་མ་ཟམ་ཆེན་དང་དེ་བཞིན་ཆུ་གྲོག་ལམ་གཤོང་འཛུགས་སྐྲུན་བྱེད་བཞིན་པ་དང་། ཀྲུང་གོ་དང་འབར་མའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་པ། ཀྲུང་ཧའི་ཧོའར་གོ་སི་རྒྱལ་སྤྱིའི་མཐའ་མཚམས་མཉམ་ལས་ལྟེ་གནས་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།
    “རྒྱུད་གཅིག་ལམ་གཅིག་”གི་དངུལ་རྩའི་རིས་ཤལ་ཁ་ཕྱེས་དུས། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ལས་གཉེར་འཁོར་སྐྱོད་བྱེད་བཞིན་ཡོད་དེ་ཁོངས་མིའི་གཞི་ཁྱོན70ལ་སླེབས་ཡོད་པ་དང་། དར་གོས་ལམ་བུའི་ཐེབས་རྩ་ཁག་དང་པོའི་མ་འཇོག་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་པ་དང་དོན་དངོས་མ་དངུལ་འཇོག་གྲངས་ཨ་སྒོར་དུང་ཕྱུར་53ལ་ཟིན་ཡོད་པ་རེད།
   དེ་སྔར་ཞིས་ཅིན་ཕིང་གིས་གསོན་ཉམས་ལྡན་པའི་ངང་། ཀྲུང་གོས་མཐའ་སྐོར་རྒྱལ་ཁབ་ཁག་ལ་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་གོ་སྐབས་དང་བར་སྟོང་མཁོ་འདོན་བྱེད་འདོད་ཡོད་པ་དང་།ལྷན་རྒྱས་ཀྲུང་གོ་འཕེལ་རྒྱས་ཀྱི་མེ་འཁོར་སྟེང་མཉམ་བཞུགས་ཡོང་པར་དགའ་བསུ་ཞུ་གི་ཡིན། མགྱོགས་འཁོར་ལ་བསྡད་ནའང་འདྲ་། རླངས་འཁོར་བསྡད་ནའང་འདྲ་ང་ཚོས་ཚང་མར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་བྱུང་།
   ལོ་ངོ4ཡི་རིང་། རྒྱལ་ཁབ་དང་ས་གནས་དེ་བས་མང་པོར་འདུ་ཤེས་དང་ལག་ལེན་འདི་ལས་ཕན་པ་ཐོབ་ཡོད་པ་དང་། ལམ་རྒྱུད་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་པོར་དེ་ལས་མཆོངས་སྐྱོད་རང་བཞིན་གྱི་འཕེལ་རྒྱས་གོ་སྐབས་ཐོབ་ཡོད། ཡང་ཏག་ཏག་ཁོ་ཚོའི་ནང་ཞུགས་གནང་པ་དེས་ལོ་རྒྱུས་སྔར་བས་གསོན་ཉམས་དོད་པར་གྱུར་ཏེ་འདུན་པ་དང་བྱ་སྤྱོད་ལ་འབྲེལ་བ་དམ་ཟབ་ཡོང་ཡོད་པ་རེད།
འབྱུང་འགྱུར་གསར་པ་མཉམ་སྤྱོད་བྱེད་པ་སྟེ། མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པ། མི་དམངས་ལ་ཕན་པ་ཐོབ་པ།
   ཨུ་རུ་སུའི《ཁྲིད་སྟོན་ཚགས་པར》གྱིས་དེ་སྔར་རྩོམ་ཡིག་སྤེལ་ནས“རྒྱུད་གཅིག་ལམ་གཅིག་”ཅེས་པ་བགྲོད་ལམ་ཞིག་སྟེ། དེ་ལས་ཀྱང་ཀྲུང་གོའི་ཆེས་གལ་ཆེ་བའི་མཚན་ཉིད་རིག་པའི་ཁྱབ་ཁོངས་ཀྱི་བགྲོད་ལམ་ཞིག་དང་འདྲ”ཞེས་བསྟན་ཡོད་པ་རེད་།
   བགྲོད་ལམ་ཁོད་ཡངས་སྟེང་། ལམ་རྒྱུད་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཤེས་དཔལ་ཕན་ཚུན་བརྗེ་རེས་དང་། མཉམ་ལས་སྤེལ་རེས་བྱས་ནས་ཁེ་འབབ་མཉམ་སྤྱོད་བྱ་རྒྱུ་ནི“རྒྱུད་གཅིག་ལམ་གཅིག”གི་མཉམ་དཀྲོལ་རོལ་དབྱངས་ཀྱི་རྣམ་ཤེས་རོལ་དབྱངས་ལེ་ཚན་ཞིག་ཀྱང་རེད།
   གནའ་བོའི་དར་གོས་ལམ་བུ་དར་ཞིང་རྒྱས་པའི་སྐབས། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ། ཡོ་རོབ་བཅས་གླིང་ཆེན་གསུམ་གྱི་དཔལ་ཡོན་ནི་དཀའ་སྤྱད་འབད་བརྩོན་བརྒྱུད་རྒྱུད་འཛིན་མཉམ་འདྲེས་བྱུང་པ་ཡིན་ལ། དེང་སྐབས་དར་གོས་ལམ་བུ་གསར་པས་བསམ་ཕྱོགས་གསར་པ་བསྩལ་ཡོད་པ་རེད།
   2016ལོའི་ཟླ1པོའི་ཚེས21ཉིན། ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྱིས་གནའ་བོའི་ལུའུ་ཁེ་སོའོ་ཡི་ལྷ་ཁང་ཐང་ཆེན་དུ2016ལོའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་རིག་གནས་ལོ་འགོ་རྩོམ་པར་བདེན་དཔང་གནང་པ་དང་། སྲོད་ཁའི་ཉི་འོད་འོག་གི་ལུའུ་ཁེ་སོའོ་ལྷ་ཁང་ནི་བཀྲག་མདངས་རྣམ་པར་འཚེར་ཞིང་། གར་སྟེགས་སྟེང་གི་ཀྲུང་གོའི་ལྒང་བཞུ་དམར་པོ་དང་ཨེ་ཇིབ་ཀྱི་གཏོར་གཟུགས་མཆོད་རྟེན་གཉིས་གཞི་གཅིག་ཏུ་གྱུར་ནས་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཤེས་དཔལ་དུས་དེ་ཉིད་དུ་མཛེས་སྡུག་ལྡན་པའི་ངང་མཉམ་འདྲེས་བྱུང་ཡོད་པ་རེད།
   2013ལོའི་ཟླ9པའི་ཚེས7ཉིན། ཧ་སག་སི་ཐན་གྱི་ན་ཀྲའར་པ་ཡེ་ཕུའུ་སློབ་ཆེན་གྱི་གཏམ་བཤད་ནང་། ཞིས་ཅིན་ཕིང་གིས"རྒྱལ་ཁབ་བར་གྱི་འབྲེལ་བ་ནི་མི་དམངས་བར་གྱི་མཛའ་མཐུན་ལ་ཐུག་ཡོད”ནན་གྱིས་བསྟན་པ་མ་ཟད། ཀྲུང་གོས་འབྱུང་འགྱུར་ལོ10ཡི་ནང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ལ་སྲིད་གཞུང་གི་སློབ་ཡོན་བྱ་དགའི་དངུལ་སྐལ་ཁྲི3འདོན་སྤྲོད་གནང་རྒྱུ་དང་། ཁུང་ཙི་སློབ་གླིང་གི་དགེ་སློབ་ཁྲི1ལྷག་ཙམ་གདན་འདྲེན་ཞུས་ནས་ཀྲུང་གོར་ཟབ་སྦྱོང་བྱ་རུ་འཇུག་རྒྱུ་ཡིན་ཞེས་བཏོན།
   ཀྲུང་གོའི་གྲོས་འགོ་བཏོན་པའི་“དར་གོས་ལམ་བུའི་གི་དཔེ་ཁང”གི་ལས་གཞིའི་དམིགས་ཡུལ་ནི་དཔེ་དེབ་ལེགས་གྲས་དང་། དེང་རབས་ཕུལ་བྱུང་དཔེ་དེབ་ཁག་ཅིག་གདམ་སྒྱུར་གྱིས་ཕ་རོལ་བའི་རྒྱལ་ཁབ་ཏུ་པར་སྐྲུན་འགྲེམས་སྤེལ་བྱེད་རྒྱུ་དེ་ཡིན་ལ། ནང་དོན་གསར་པས་ཕྱུག་པའི་རྣམ་གྲངས་འདིས་ནི་སོ་ཏི་ཨ་རབ་དང་ཁུ་ཝེ་ཐེ། ཧ་སག་སི་ཐན། མོང་གོལ། སེར་ག་ལ། མོ་རོ་ཁོ་སོགས་རྒྱལ་ཁབ་མང་པོ་ཡིད་དབང་བཀུག་ནས་གཅིག་རྗེས་གཉིས་མཐུད་སྒོས་ཀྲུང་གོར་ཕྱོགས་གཉིས་ཀའི་དེང་རབས་དཔེ་དེབ་ཕུལ་བྱུང་ཕན་ཚུན་ཡིག་སྒྱུར་གྱི་ལམ་སྲོལ་བཙུགས་པ་རེད།
   2016ལོའི་ཟླ11པའི་ཚེས21ཉིན། ཞིས་ཅིན་ཕིང་གིས་ཕེ་རུའི་རྒྱལ་ཚོགས་ཐོག་གཏམ་བཤད་སྤེལ་སྐབས། ས་གནས་དེ་གའི་བགྲེས་པོ་ཞིག་ལ“་བླ་ན་མེད་པའི་གུས་འདུད་ཞུས་པ་རེད”དེ། ཁོང་ནི་ད་ལོར་དགུང་ལོ87ལ་ཕེབས་ཀྱང་ལོ་རེར་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཕེ་རུའི་རྒྱ་རིག་པ་མཁས་ཅན་ཅི་ཡེ་མོ་རེད། ཅི་ཡེ་མོ་ཡིས་ལོ་མང་རིང་ཀྲུང་གོའི་རིག་གནས་དགའ་ཞེན་གྱིས་མྱོས་ཡོད་ཅིང་། ཀྲུང་གོ་ནི་རང་ཉིད་ཀྱི་“ཕ་ཡུལ་གཉིས་པ་ཡིན”ཞེས་བརྗོད།
   ཁེར་གྷི་སི་ཐན་གྱི་བུ་མོ་ཨ་ཡའེ་ཏྰ་ཡང་ཀྲུང་གོའི་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད་དེ། ཁོ་མོས་རྒྱ་སྐད་གོ་བདེའི་ལམ་ནས་གསར་འགོད་པར་ཀུ་རེའི་ཚུལ་དུ་རང་ཉིད་པེ་ཅིང་ལ་འགྲོ་འདོད་སྐྱེས་བྱུང་ཟེར། ཤེས་རྟོགས་བྱུང་བར་གཞིགས་ན།“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་ཏུ་རྒྱ་ཡིག་སྦྱོང་བའི་ཚ་རླབས་ཤིག་འཕྱུར་བཞིན་མཆིས་ཏེ། ཁེར་གྷི་སི་ཐན་རྒྱལ་ཁབ་གཅིག་པུར་མཚོན་ནའང་། སློབ་ཆེན་དྲུག་ཏུ་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཡོད་ཅིང་། སློབ་ཆེན་སློབ་མ་སྟོང་ཕྲག་ཁ་ཤས་ཀྱིས་རྒྱ་སྐད་སྦྱོང་བཞིན་ཡོད་པ་རེད།
   བགྲོད་ལམ་འདིའི་སྟེང་། ཤེས་དཔལ་བརྗེ་རེས་དང་རིག་གནས་རྒྱུད་འཛིན་ལ་སྔར་བས་འཚོལ་ཞིབ་དང་རེ་སྒུག་བྱེད་ཀྱི་ཡོད་ཅིང་། དེ་ནི་སྤེལ་རེས་དང་མཉམ་སྤྱོད་མཉམ་དཀྲོལ་རོལ་དབྱངས་ཤིག་རེད་འདུག
   སྐབས་བརྒྱད་ཅུ་བའི་འཇར་མན་གྱི་པེར་ལིན་རྒྱལ་སྤྱིའི་སྔོ་ལྗང་གཟའ་འཁོར་བྱེད་སྒོ་སྤེལ་བའི་ཁྲོད། པ་ཧྥ་ལི་ཡྰ་ནས་ཡོང་བའི་ཡུལ་སྐོར་བས་ཀྲུང་གོའི་འགྲེམས་ཁང་དུ་ཇ་དམར་ཞིག་གི་བྲོ་བ་མྱོང་བཞིན“ཀྲུང་གོའི་ཇ་བཏུང་ཞིམ་པོ་འདུག”ཅེས་མཐེ་བོང་བསྒྲེངས་ཀྱི་འདུག
   འབྱུང་འགྱུར་མི་རིང་པའི་སྐབས་ཤིག་ལ། ཇ་ལོ་དང་ཤིང་ཏོག་སོགས་ཞིང་ལས་ཐོན་རྫས་དང་། ཡང་ན་རྫ་དཀར་དང་རླངས་འཁོར་སོགས་བཟོ་ལས་ཐོན་རྫས་གང་ཡིན་རུང་། ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་“ཉོ་བ་སྔར་ལས་བྲིན་ཞིང་། སྔར་བས་ཕན་པ་ཞིག”མངོན་འགྱུར་འབྱུང་ངེས།
   བགྲོད་ལམ་འདིས་ནི་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་བཟང་དང་ཕན་པ་མང་པོ་ཞིག་བསྐྲུན་ཐུབ་པ་མ་ཟད། དེ་ནི་མི་སེམས་དང་མི་སེམས་མཉམ་དུ་འདྲེས་པ་ཞིག་རེད།
   དངོས་པོ་ཕན་ཚུན་འབྲེལ་ཡོད་པ་དང་། མི་སྣ་འགྲོ་འོང་དང་རིག་གནས་སྤེལ་རེས་བྱེད་པ། གནའ་བོའི་དར་གོས་ལམ་བུའི་སྙིང་སྟོབས་ནི་ཡུལ་དུས་ལས་བརྒལ་ཡོད་པ་དང་། ཁྱད་མཚར་པའི་མཉམ་སྒྲོག་རོལ་དབྱངས་གསར་པའི་གདངས་དབྱངས་མངོན་ཡོད་པ་རེད། འདི་ནི་ཀྲུང་གོའི་གཞས་སྣེ་འཁྲིད་པར་རག་ལས་ཡོད་ལ་རྒྱལ་ཁབ་ཁག་དཀྲོལ་རོགས་དང་ཡང་ཁ་འབྲལ་ཐབས་མེད། ཏག་ཏག་རྒྱལ་ཁབ་འདི་དག་གི་མི་དམངས་མཉམ་ཞུགས་གནང་པ་དེས“རྒྱུད་གཅིག་ལམ་གཅིག”གི་མཉམ་སྒྲོག་རོལ་དབྱངས་གཞི་ནས་སྐད་གསེང་མཐོན་པོས་གྱེར་ཏེ་མཐའ་མི་མངོན་པའི་མཚོ་མཐའ་དང་བྱེ་ཐང་བརྒལ་བརྒལ་ནས་དར་གོས་གནའ་ལམ་གྱི་དྲན་ཤེས་བསླངས་ནས་དར་གོས་ལམ་བུ་གསར་པ་བཏོད་པ་རེད།
   ཟླ5པར་པེ་ཅིང་དུ་གཉེར་བའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྟེང་། ལོ་ངོ4རིང་མཐུན་འདྲེས་དང་སྦྱོང་བརྡར་གནང་པའི་མཉམ་སྒྲོག་རོལ་མོ་འདིར་འཁྲབ་སྟོན་གྱི་མཐོ་རླབས་གསར་པ་ཞིག་འཕྱུར་ངེས་ཤིང་། འཛམ་གླིང་ཡོངས་ཀྱིས་བློ་རྩེ་གཅིག་སྒྲིམ་སྒོས་དེ་ལ་གསན་ངེས་སོ།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716