སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཁྲིད་པའི་སྒྲོག་སྒོར་གྲོས་ཚོགས།
སྤེལ་དུས། 2017-05-17   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  བདེ་སྐྱིད་ཀྱིས་བསྒྱུར།
          རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཁྲིད་པའི་སྒྲོག་སྒོར་གྲོས་ཚོགས་སྤྱི་ཚེས་༡༥ཉིན་པེ་ཅིང་ཡན་ཆི་མཚེའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཡོད་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་མཚམས་དང་པོའི་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་ཀྱང་གསུངས་ཡོད་པ་རེད།
          རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དེ་སྤྱི་ཚེས་15ཉིན་གསར་འགོད་པར་སྣེ་ལེན་ཞུ་བའི་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད། མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་གཙོ་བོ་ངོ་སྤྲོད་གནང་ཡོད་པ་རེད།
          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༥ཉིན་ཁག་སོ་སོར་གན་ཉི་ཡའི་ཙུང་ཐུང་དང་ཧྥི་ལི་པིན་གྱི་ཙུང་ཐུང་དང་མཇལ་འཛོམས་གནང་ཡོད་པ་རེད།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༡༥ཉིན་ཁག་སོ་སོར་དབྱིན་ཇིའི་ནོར་སྲིད་བློན་ཆེན་དང་། འཇར་མན་གྱི་དཔལ་འབྱོར་དང་ནུས་ཁུངས་པུའུ་ཀྲང་། ཧྥི་ལི་པིན་གྱི་ཙུང་ཐུང་། གན་ཉི་ཡའི་ཙུང་ཐུང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བཅས་དང་མཇལ་འཛོམས་གནང་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716